མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཞོགས་ལྗང་ཡིན་ན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp


ང་ཁྱོད་ཡིན་ན་༧གོང་ས་མཆོག་གི་རྐུབ་བལྡག་མཁན་ཚོ་ཟེར་བའི་རྩོམ་ཡིག་མ་བྲིས་གོང་དུ། ངས་སྔ་གཞུག་ཀུན་ཚང་མ་ལ་བསམ་བློ་ཞིབ་མོ་ཞིག་བཏང་ཡོད་ངེས་ཡིན། འདི་ལྟར་རྩོམ་ཡིག་དེ་འདྲ་ཞིག་སྤེལ་རྗེས་ང་རང་ལ་མི་ཁའི་རླུང་ནག་རྒོད་པོ་ཞིག་ཡོང་རྒྱུ་དེ་ནི་གཏན་འཁེལ་བྱེད་ཐུབ། དེས་ན་ང་རང་གིས་རང་གི་རྩོམ་ཡིག་འདི་ལ་འགན་ཆགས་དགོས། སྐད་ཆ་བཟང་ངན་སྣ་ཚོགས་ཤིག་ཡོང་ངེས་ཡིན། ངས་དེ་དག་ལ་ལན་འདེབས་བྱེད་རྒྱུའི་གྲྭ་སྒྲིག་བྱེད་དགོས། ལན་འདེབས་བྱེད་སྟངས་དེ་ཡང་ཕྱོགས་ཞེན་དང་ང་རྒྱལ། འཁོན་འཛིན་དང་དམོད་ཚིག་མེད་པར་ལན་འདེབས་བྱེད་དགོས་བསམ་ངེས་ཡིན་ལ། ང་རང་ལ་དད་པ་དག་སྣང་ཡོད་མེད་དེ་ནི་རྩོམ་ཡིག་དེ་ཙམ་གྱིས་ཁོང་ཚོས་ང་རང་ལ་ཐག་གཅོད་བྱེད་མི་ཐུབ་སྙམ་སྲིད་པ་དང་། ངས་འདི་ལྟར་གླེང་དོན་ཡང་ང་རང་གི་གི་ཁེ་དབང་དང་སྙན་གྲགས་ཀྱི་ཆེད་དུ་མིན་སྟབས། བཟང་ངན་གང་དང་འཕྲད་ཀྱང་ང་རང་ལ་རང་གིས་བསམ་ཚུལ་དང་རྒྱབ་ལྗོངས་ཤིག་ཡོད་ཅེས་སྤོབས་པ་ཆེན་པོའི་སྒོ་ནས་བཟང་ངན་དཀར་ནག་གི་གཡུལ་འཐབ་ཁྲོད། རང་གི་རིགས་ལ་བཅིངས་པའི་འདུན་པ་དེ་ཉིད་གསལ་སྟོན་བྱེད་རྒྱུའི་ཆོད་སེམས་ཤིག་འཇོག་ངེས་ཡིན། ཡིན་ཡང་། ང་རང་ཁྱོད་མིན་པས། རྩོམ་ཡིག་གཅིག་གི་ཆེད་དུ་རང་གི་ཚེ་སྲོག་གི་རྒྱུན་ཐག་ལྟ་བའི་སྐད་ཡིག་གི་ཞིང་ས་འདི་ནས་འབུད་སོང་བ་རེད།

ཁྱེད་རང་སོང་ཤུལ་ཏུ། ཁྱེད་རང་གླེང་མཁན་ཡང་མང་བོ་ཞིག་བྱུང་བ་དེ་ཡང་དགེ་སྐྱོན་གཉིས་ནས་ཡོང་ཡོད་པ་རེད་ལ། ང་རང་ཡང་ཁྱེད་ཀྱི་བསམ་ཚུལ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ལས། ཉིད་ཀྱིས་མི་གཤིས་ལ་སྐྱོན་བརྗོད་བྱས་མེད་ལ། ལྷག་པར་ཏུ་སྐུ་ཉིད་ལ་གཏན་ནས་རྒྱུས་མྱོང་མེད་མཁན་ཞིག་གི་ངོས་ནས་བཤད་ན། ཁྱེད་རང་ལ་གཏན་ནས་་འཁོན་འཛིན་དང་ངན་སེམས་ཤིག་གཏན་ནས་བཅིངས་མྱོང་མེད་ལ། བཅིངས་དགོས་དོན་ཡང་གཏན་ནས་མེད་པ་རེད། འཁོན་འཛིན་བྱེད་དགོས་ཀྱང་བྱེད་ས་ཁྱེད་རང་གཏན་ནས་མིན། རྒྱུ་མཚན་ནི་ཁྱེད་རང་ངའི་ཤ་ཁྲག་གཅིག་གི་སྤུན་ཟླ་ཡིན། སྤུན་ཟླའི་ཆེད་དུ་གང་ཡང་གཏོང་འཕོད་དགོས་ཀྱི་ཡོད་པ་རེད།

ང་རང་ཁྱེད་ཡིན་ན། ངས་རང་ཉིད་ཀྱི་མི་ཚེའི་འདུན་མ་བདེན་དཔུང་དུ་བཞག་ནས། མི་ཁ་ཙམ་ལ་བརྟེན་ནས་རང་གི་ལྟ་ཚུལ་དཔྱད་གླེང་བྱེད་སའི་སྟེགས་པུ་འདི། གད་སྙིགས་ལྟར་ལས་སླ་བོ་ཞིག་འདོར་རྒྱུའི་བསམ་ཚུལ་ནམ་ཡང་བྱུང་མི་སྲིད་ལ། ཐ་ན་རང་ལ་བདེན་དཔུང་ཡོད་པ་ཞིག་ཡིན་ན་རང་གི་ཚེ་སྲོག་གིས་ཀྱང་བདེན་དཔུང་བྱེད་པའི་དམ་བཅའ་འཇོག་ངེས་ཡིན། ཡིད་སྐྱོ་བ་ཞིག་ལ། ང་རང་ཁྱེད་མིན་པས་མི་ཁ་ལ་འཛེམ་ནས་རང་གི་གཏམ་ལ་རང་གིས་འགན་ལེན་མི་བྱེད་པར། ད་ནི་ཤི་གསོན་ཡང་མི་ཤེས་པའི་མི་ཞིག་དང་འདྲ་བར། གར་ཡོད་གར་བྱེད་ཀྱི་གནས་ཚུལ་ཙམ་ཡང་མི་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. 868yishisonam says:
    ལོ་ 17 སྔོན།

    ཞོགས་ལྗང་དེ་དངོས་གནས་བསམ་བློ་བ་ཞིག་ཡིན་ས་རེད།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    དབུས་ཕྲུག་ལགས། ཉིད་ཀྱིས་བདག་གི་བསམ་ཚུལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ།

    བསེ་རུ་ལགས། ཁྱེད་ལ་ཐུགས་ཁག་མེད་ཀི ཡིན་ཡང་། ངེད་ཅག་ཚང་མ་མི་ཁོམ་པའི་གནས་སུ་ལྷུང་ཡོད་པ་རེད། ང་རང་ཡང་མི་རིང་བར་འདི་ལས་ཀྱང་མི་ཁོམ་པའི་གནས་སུ་གྱུར་འགྲོ་ངེས་ཡིན།

    ཇིང་སྲས་ལགས། ངས་ཉིད་རང་བཞི་བདག་ཞིག་ཡིན་པ་དེ་རིང་མ་གཏོགས་མ་ཤེས་ཀྱང་། བཞི་བདག་སྒྱུད་ལུག་ཞིག་མིན་འགྲོ དངོས་ནས་དལ་ནོ་དལ་ནོ་རུས་སྤལ་ནུར་དང་འདྲ་བོ་འདུག ཨ་ལ་ཀུ་རེ་ཡིན། མུ་མཐུད་དུ་ཕེབས་རྒྱུ་ཡིན་ཟེར་བ་དེར་དགའ་བསུ་ཡོད།

    གཉའ་འབྲོང་ཐུ་བུ་ལགས། ཞོགས་ལྗང་གིས་གང་ཞིག་བསམ་བཞིན་ཡོད་མེད་དེ་ནི་ངེད་ཅག་གིས་ཁ་ཚོད་མི་ཟིན་ན་ཡང་། ངེད་ཅག་གིས་ཁོ་རང་གིས་རྩོམ་ཡིག་ལ་དེ་ལ་རྒྱབ་སྐྱོར་བྱེད་མི་ཐུབ་ཀྱང་། ཁོ་རང་གིས་རྩོམ་ཡིག་གཞན་དག་ལ་ངེད་ཅག་གིས་རེ་བ་ཞིག་བཞག་ན་རེད། དེ་འདྲ་མ་རེད་དམ།

    Reply
  3. dongthe says:
    ལོ་ 17 སྔོན།

    ཞོགས་ལྗང་གིས་ཅི་ཞིག་བསམ་ཡོད་མེད་ཧ་མི་གོ།

    Reply
  4. free sopu says:
    ལོ་ 17 སྔོན།

    གཞི་བདག་ཇིང་སྲས་ཡོང་ནས་བུད་སོང་ང་། མུ་མཐུད་དུ་ཡོང་གི་ཡིན།

    Reply
  5. samkhar says:
    ལོ་ 17 སྔོན།

    ང་རང་ཡང་ཞོགས་ལྗང་གི་རྩོམ་ཡིག་གི་ཁ་བྱང་མཐོང་བ་ཙམ་གྱིས་སེམས་ལ་འཇིགས་དངངས་ཤིག་སྐྱེས་བྱུང་། ངས་རྩོམ་ཡིག་དེ་དྲ་ཐོག་ནས་པར་བཤུས་བྱས་ཏེ་ལན་ཞིག་འབྲི་དགོས་བསམ་བྱུང་ཡང་། དྲ་ཐོག་ནས་དྲ་གྲོགས་མང་པོ་ཞིག་གིས་གཅིག་ཤོར་གཉིས་ཤོར་སྐབས་དེར་རང་ནུས་གང་ཡོད་ཀྱིས་ལན་འདེབས་རེ་གནང་སོང་། དེའི་ཁྲོད་ཀྱི་གཅིག་ནི་ཤ་ཁྲག་རུས་གསུམ་ཁྱེད་ཡིན། ང་རང་ཆེས་རྗེས་ལུས་ཐེབས་པས་ང་ལ་གྲོགས་ཚོའི་བསམ་ཚུལ་ལས་ལྷག་པ་གང་ཡང་བཤད་རྒྱུ་མེད་སྟབས། འདི་ལྟར་ངལ་བ་དང་དུ་མ་བླངས་པར་དལ་པོར་གནས།
    དྲ་གྲོགས་ལགས། ང་ནི་མི་ཁོམ་པའི་གནས་སུ་སྐྱེས་པ་འདྲ། དྲ་ཐོག་ཏུ་ཁྱེད་ལྟར་ཡོང་ཁོམ་མི་འདུག
    ཨེ་རེད།
    བདེ་མོ་བྱོས།

    Reply
  6. tsering says:
    ལོ་ 17 སྔོན།

    ཁྱེད་ལའང་བདེན་ཁ་ཡོད། དེ་མིན་ཁོ་པས་རྩོམ་ཡིག་གི་ཁ་བྱང་འདེམས་སྟངས་ཤིག་ནས་དཀའ་ཚེགས་དེ་བྱུང་བ་རེད་མ་གཏོགས། ནང་དོན་ཐད་ནས་འགྲིགས་འདུག ངས་རྩོམ་ཡིག་དེ་ཞིབ་མོར་བཀླགས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese