མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བོད་ལ་མེད་ཉིན་ནས་ག་རེ་བྱུང་ངེས་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་ བོད་ཕྱི་ནང་གཉིས་སུ་དེང་སང་བརྗོད་གཞི་༧གོང་ས་མཆོག་བཟུང་དེ་རྩོམ་ཡིག་སྤེལ་ མཁན་མི་ཉུང་བ་ཞིག་བྱུང་ཡོད་ལ། དེ་དག་ཡང་དགེ་སྐྱོན་གཉིས་ཀ་གླེང་མཁན་ཞིག་ཆགས་ཡོད།

སྐྱོན་བརྗོད་བྱེད་མཁན་ དག་ཡང་༧གོང་ས་མཆོག་ལ་མ་དགའ་བར་སྐྱོན་བརྗོད་བྱེད་ཀྱི་ མེད་པར། ༧གོང་ས་མཆོག་གི་དབུ་མའི་ལམ་ལ་དེ་འདྲའི་རྒྱབ་སྐྱོར་མེད་མཁན་དང་༧གོང་ས་མཆོག་ གི་ཆོས་ལུགས་རང་བཞིན་གྱིས་མཛད་འཕྲིན་དེའི་བོད་པ་ཚང་གི་མ་འོངས་པ་ཐག་གཅོད་ བྱེད་ཐུབ་མེད་པར་འདོད་མཁན་གྱི་བསམ་ཚུལ་འོག་ནས་སྐྱོན་བརྗོད་དང་བསམ་ཚུལ་གླེང་ བཞིན་པ་ཁག་གཅིག་རེད། ཡིན་ཡང་། ཁོང་ཚོས་ཞེ་འདོད་ངོ་མ་དེ་ནི་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུ་དེ་ནི་གཏན་ནས་ མ་ཡིན་པར་བཤད་ཆོག་པ་ཡིན་ན་ཡང་། གོ་བ་ལེན་ཕྱོགས་དང་རྩོམ་ཡིག་གི་འབྲི་སྟངས་ཐད་དུ་ཀློག་མཁན་མི་ཉུང་བ་ཞིག་ལ་ གོ་བ་ལོག་པ་ཞིག་སྟེར་བཞིན་ཡོད་པ་རེད།

དེས་ ན་དགེ་ཕྱོགས་གླེང་མཁན་དག་གིས་གང་ཞིག་བཤད་བཞིན་འབྲི་བཞིན་ཡོད་ཟེར་ན་༧གོང་ས་ མཆོག་གི་བྱམས་དང་བརྩེ་བའི་ཐུགས་བསྐྱེད་ཀྱི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ འདས་མ་ད་གསུམ་ལ་༧གོང་ས་མཆོག་ནི་མེད་དུ་མི་རང་བ་ཞིག་ཆགས་ཡོད་པར་ཡིད་ཆེས་ བྱེད་པ་དང་༧གོང་ས་མཆོག་གི་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་ལྟ་ཚུལ་ དེས་བོད་མི་གཙོ་བའི་འཛམ་གླིང་ཀུན་ཁྱབ་རང་བཞིན་གྱི་སེམས་འཁུར་ཞིག་ལ་ངོས་ འཛིན་བྱེད་ཀྱི་ཡོད་ལ། དེ་དག་ལེགས་འགྲུབ་ཡོང་རྒྱུར་བོད་མི་གཙོ་བའི་འཛམ་གླིང་གི་སྐྱེ་འགྲོ་ཚང་མ་ལ་ དེ་ཉིད་གླེང་བའི་ཐོབ་ཐང་ཡོད་པ་དང་གླེང་དགོས་པ་ཞིག་ཡིན་པར་གླེང་འོས་པར་མོས་ མཐུན་བྱེད་ཀྱི་ཡོད་པ་དེ་རེད་ཟེར་ན་འགྲིག

འོ་ ན། བོད་པ་ཚང་གི་དོན་དངོས་ཐོག་ནས་༧གོང་ས་མཆོག་མེད་ཉིན། བོད་པ་ཚང་གི་ག་རེ་བྱེད་སྲིད་མིན་དང་། ༧གོང་ས་མཆོག་ནི་འཆི་མེད་རྒས་མེད་ཅིག་མིན་པ་ནི་མི་ཡི་གཟུགས་སུ་ཕེབས་ཡོད་པ་ འདི་ཙམ་གྱིས་ངེད་ཅག་ཚང་ལ་ངོ་སྤྲོད་གསལ་བོ་བྱས་ཡོད་པ་ཁས་ལེན་མི་བྱེད་རང་ བྱེད་ཡིན་དུས། ༧གོང་ས་མཆོག་མེད་ཉིན་བོད་པ་ཚང་གི་༧གོང་ས་མཆོག་ཡང་བསྐྱར་འཚོལ་སྲིད་དམ། ཡང་ན། སྤྲུལ་སྐུའི་ལམ་ལུགས་འདི་ཉིད་མེད་པ་བཟོས་དེ་༧གོང་ས་མཆོག་མེད་པར་༧གོང་ས་ མཆོག་གི་ཚབ་མཚོན་ལྟ་བུ་ཞིག་གི་བོད་ཀྱི་ཆོས་སྲིད་གཉིས་ལ་འགན་འཁྲི་ཐེགས་མཁན་ ཡོང་གི་རེད་དམ། ཡང་ན་དེ་འདྲ་ཞིག་བོད་པ་ཚང་ལ་མེད་ཀྱང་འགྲིག་གི་ཡོད་པ་རེད། ༧གོང་ས་མཆོག་མེད་ཉིན་ནས་བོད་ལ་གཅིག་གྱུར་གྱི་དབང་སྒྱུར་བྱེད་མཁན་གྱི་དེད་ དཔོན་ཞིག་ཡོང་སྲིད་དམ། དེ་ལ་བོད་མི་ཡོད་ཚད་ཀྱིས་འགྲིན་གཅིག་དབྱངས་གཅིག་གིས་ཁས་ལེན་བྱེད་སྲིད་དམ། འདི་དག་ནས་༧གོང་ས་མཆོག་མེད་ཉིན་ནས་མགོ་འཛུགས་རྒྱུའི་གནད་དོན་ཞིག་ཆགས་ཡོད་ན། ད་ལྟ་༧གོང་ས་མཆོག་བཞུགས་དུས་སུ་ཐག་གཅོད་བྱས་ན་མ་འོངས་འབྱུང་འགྱུར་གྱི་བོད་ མིའི་དབུ་ཁྲིད་༧གོང་ས་མཆོག་བོད་དུ་དགོས་མཁོ་ཡོད་མེད་ཀྱང་། བོད་མི་རང་གིས་ད་ལྟ་༧གོང་ས་མཆོག་བཞུགས་དུས་འདིར་ཐག་བཅད་པ་ཡིན་ན། ༧གོང་ས་མཆོག་མེད་ཉིན་ནས། བོད་ལ་༧གོང་ས་མཆོག་མེད་དུས་སུ་༧གོང་ས་མཆོག་མེད་པའི་དཀའ་ངལ་ཞིག་བྱུང་མི་ སྲིད་པར་འདོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. sha tak ri sim says:
    ལོ་ 17 སྔོན།

    ༧གོང་ས་མཆོག་གིས་ཀྱང་འདིའི་ཐད་དུ་བཀའ་སློབ་གསལ་བོ་ཞིག་གནང་ཡོད་པ་རེད། ངའི་ལྟ་བ་ལངས་ཕྱོགས་ནི་དབུ་མའི་ལམ་ཡིན། འོན་ཀྱང་། མི་མང་གིས་རང་གི་ལྟ་བ་ལངས་ཕྱོགས་འཁྱེར་ཆོག་གི་རེད་ལ་དེ་ལ་དགའ་བསུ་དང་གུས་བཀུར་ཀྱང་ཞུ་ཡི་ཡོད། རེད་དེ། ཁ་ནས་༧རྒྱལ་བ་རིན་པོ་ཆེ་ཟེར་ནས་དོན་ལ་༧རྒྱལ་བ་རིན་པོ་ཆེ་ཡིས་གང་བཤད་ཀྱི་ཡོད་མེད་མ་ཉན་ན། དེ་ནི་ཡག་པོ་མ་རེད་ཅེས་གསུང་ཡོད་པ་རེད་ལ། དོན་དངོས་ཐོག་ཀྱང་ཉིད་ཀྱིས་གསུང་བ་ལྟར། ངས་ཀྱང་སྔོན་ཆད་གྲོགས་པོ་མི་ཉུང་བ་ཞིག་ལ་འདི་འདྲ་ཞིག་བཤད་མྱོང་ཡོད། ལྷ་བཟང་ཚེ་རིང་དང་འཇམ་ནོར་ལྟ་བུ་རང་བཙན་རྩོད་མཁན་དག་གིས་ནམ་རྒྱུན་ཧུར་བརྒྱབ་དེ་བསྡོད་པ་ལས་རང་རང་གིས་མགོ་ཁྲིད་དེ་རང་བཙན་བརྩོད་ལེན་བྱས་པ་ཡིན་ན་ད་གཟོད་འཚམ་པོ་ཡོད་པ་རེད་ཅེས་ཟེར་མྱོང་། དེ་ལྟར་ཡིན། གྲོགས་ཉིད་ཀྱིས་ཀྱང་དངོས་ནས་སེམས་བསམ་པའི་གཏིང་ནས་བོད་མིའི་བདེ་སྡུག་སེམས་ཀྱི་མ་བཟོད་པར་བོད་དོན་ཞིག་བྱེད་འདོད་ཡོད་པ་དེ་ནི་དངོས་ནས་ཡག་པོ་རེད། དེ་ལ་གོ་སྐབས་ཤིག་དང་དགོས་པ་རྒྱུ་མཚན་ཡོད་མེད་བཅས་ལ་ལྟ་རྒྱུ་དངོས་ནས་གལ་ཆེན་ཡིན། དེ་མིན་བྱེས་ཀྱི་ཚོགས་པ་ཁག་གིས་མར་མེ་ཁྲོམ་བསྐོར་ལྟ་བུའི་ལས་འགུལ་ལྟ་བུ་ཡིན་ན་རྒྱུ་མཚན་མི་འདུག་སྙམ། དེ་ལྟར་མ་རེད་དམ་ལགས།

    Reply
  2. Baichung says:
    ལོ་ 17 སྔོན།

    གང་ལྟར་རང་ཉིད་སྡར་མ་ཞིག་ཡིན་ཡང་དཔའ་བོ་ལ་ཡིད་སྨོན་ཤོར་བ་བཞིན། ང་རང་གཉིས་འཐབ་རྩོད་ཀྱི་ལྟ་བའམ་ལངས་ཕྱོགས་མ་གཅིག་པ་ཙམ་གྱིས་ཁྱེད་ཀྱི་དགོངས་ཚུལ་ལ་མོས་མཐུན་མེད་སྲིད་ཀྱི་མ་རེད། གང་ཡིན་ཟེར་ན་རྒྱ་གར་ལྟ་བུར་མཚོན་ན་བདག་ཉིད་ཆེན་པོའི་རྗེས་འབྲང་བ་རྣམས་དང་དྲག་རྒོལ་བ་སུའུ་བྷ་ཅན་དྷར་བྷོ།
    བྷ་གད་སེན། ༡རྭ་རྒྱས་རྒུ་རོས ༢སུག་རྡེའུ
    ཅན་དྷར་ཤུའུ་ཀྰ་ཨ་ཙྰ།སོགས་ཀྱི་རྗེས་འབྲང་བ་ལྟ་བུ། ཁོ་ཚོའི་ལྟ་བའི་དམིགས་ཡུལ་རྒྱལ་ཁབ་ཀྱི་ཆེད་ཡིན་པས། གུས་པས་ཀྱང་༝གོས་ས་མཆོག་གི་ཞི་བའི་དགོངས་པ་གཅིག་པོ་མིན་པར་དྲག་པོའི་རམས་འདེགས་བྱས་ན་ལེགས་པར་འདོད། དེ་ལྟར་མ་བྱས་ན་ང་ཚོའི་རྒྱལ་ཁབ་འདི་མི་གཅིག་ཁོ་ན་ལ་རེ་བ་བཅོལ་བ་འདྲ་བོ་ཆགས་ཀྱི་མི་འདུག་གེ

    Reply
  3. Baichung says:
    ལོ་ 17 སྔོན།

    གལ་སྲིད་བོད་ལ་བྷས་ལ་དན་ལྟ་བུ་ཞིག་ཡོད་ན ང་ཁོའི་རྗེས་སུ་འབྲང་ཁོ་ཐག་ཡིན། གང་ཡིན་ཟེར་ན་ངའི་སྤུན་གྲོགས་ཚོ་ཉེས་མེད་བཙོན་འཇུག་ཉེས་མེད་སྲོག་ཁྲིམས་གཅོད་གང་ཐུབ་བྱས་བྱ་བ་མ་ཟད། འདི་ཕྱི་གཉིས་ཀྱི་སྐྱབས་མགོན་༸གོང་ས་མཆོག་ལ་ལའང་ཐབས་སྣ་ཚོགས་བཀོལ་ནས་ངན་སྨྲས་གང་ཐུབ་བྱས་དང་བྱ་བཞིན་པ་མཐོང་ཐོས་ཚེ་བཟོད་ཐབས་མི་འདུག་མོད་་་་་་་་་་་་ཨོ། གྲོགས་ཁྱེད་གྲྭ་བའི་སྤྱི་ཚོགས་འགྲིམས་མྱོང་མཁན་ཞིག་ཡིན་པ་ཐག་ཆོད། སྐྱེས་པ་དང་འདྲ་ས་མེད་ཁོག་རྒྱ་ཆེ་ཆུང་གང་ཅི་ཐད་ནས། བོད་པའི་གཤིས་ཀ་ལ་སྐྱེས་པ་ཚོར་མཚོན་ན་མང་ཆེ་བ་གཡག་རྒྱུག་ཁོ་ན་མ་གཏོགས་ཡོད་ནི་མ་རེད་ད།

    Reply
  4. Baichung says:
    ལོ་ 17 སྔོན།

    ཧ་ཧ ང་སོ་སྟོད་ཡག་གི།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་ལགས། ཉིད་རང་གིས་སྐད་ཆ་དེ་དག་ལ་ཡང་བདེན་པ་མེད་པ་ཞིག་མ་རེད་ལ། དམིགས་བསལ་གྱིས་ཧོར་འཇིགས་ཀྱིས་རྩོམ་ཡིག་ཞིག་འདིར་རྒྱབ་བརྟེན་དུ་འཁུར་ཡོང་བ་དེ་ཡང་ནང་དོན་མི་འདུག་པ་ཞིག་མ་རེད་མོད། འོན་ཀྱང་།

    ས་སྟེང་འདི་ནས་ཡུན་རིང་བསྡོད་དགོས་དུས།།
    ས་ལའི་ལྗོངས་ཀྱི་མི་མང་བདེན་དོན་ཆེད།།
    ས་སྐྱོང་༧རྒྱལ་བོའི་ཐུགས་དང་མ་འགལ་བར།།
    ས་ཡ་དྲུག་གི་དོན་དུ་འབད་དགོས་སྙམ།།

    Reply
  6. Baichung says:
    ལོ་ 17 སྔོན།

    ཤུ་རིང་རྒྱུན་ཆད་མེད་པར་

    Reply
  7. Baichung says:
    ལོ་ 17 སྔོན།

    རེད་ཡ། གྲོགས་ཤ་ཁྲག་རུས་གསུམ་ལགས། མཚམས་རེར་རྒྱ་དཔོན་དེ་ཚོའི་གཏམ་དང་ཁྱད་པར་དུ་དེ་དག་གི་འདབས་ནས་རྒྱུག་ཁྱི་དེ་ཚོའི་ཟུག་སྟངས་དེ་ལ་ཚིག་པ་ཟ་ནས་ཅི་བྱེད་འདི་བྱེད་མེད་པར་འགྱུར་འགྲོ་གི གཞན་བཤད་མི་དགོས་སྐྱེ་བུ་དམ་པ་ཁོང་ལྟ་བུ་ཞིག་བསྲེགས་བཅོམ་འཕྲོག་གསུམ་གྱི་ངན་སྐུལ་བའི་མིང་ངན་སྦྱར་ན་སྡོད་ཐབས་མེད་་ག ད་ཤུ་རེ་གོ་རེ་ཟེར་བཞིན་ཤུ་རིང་གི་རྒྱུན་ཆད་མེད་མི་འདུག་རང་འདུག་རེད་ད། ཧོང་གཙང་འཇིག་མེད་ལགས་ཀྱིས ས་སྟེང་མི་ཡི་འཚོ་བར་ཞེན་ལོག་ཀྱང་།། ས་བླའི་བདེ་བ་ཅན་ལ་ཐར་ཐབས་བྲལ།། ས་འོག་ཀླུ་ཡི་ཡུལ་ལ་སྙེགས་ཐབས་མེད།། ས་འདིར་རེ་ཞིག་མི་སྡོད་ཐབས་མེད་རེད།།
    ངོ་མ་གནས་ལུགས་འདུག
    ས་ཡ་དྲུག་གི་དོན་དུ་འདོད་ན་ཡང་།།
    ས་མཐའི་འཁྱར་བོའི་རིགས་ལ་རྒྱབ་རྩ་མེད།།
    ས་འབུ་ཐག་ནར་འདྲ་བའི་ཉམ་ཆུང་ངས།།
    ས་དབང་ཀླ་ཀློའི་དཔུང་ལ་དམོད་པ་ལས།།

    Reply
  8. sha tak ri sim says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་ལགས། ལ་ཁའི་ཉི་མ་མི་ནུབ་རང་དབང་མེད་པ་ནི་ཆོས་ཉིད་ཡིན་དུས། ད་ནི་ངེད་ཅག་གིས་༧ཁོང་འཚོ་བཞུགས་ཀྱི་སྐབས་འདི་ལ་བོད་མི་སྤྱི་བོ་ཡོངས་ཀྱིས་དད་གུས་སྤྲོ་གསུམ་གྱིས་སྒོ་ནས་ཕྱིས་འགྱོད་མེད་པ་ཞིག་བྱེད་རྒྱུར་བོད་མི་ཚང་མ་ལ་འགན་ཞིག་ཡོད་པར་དགོངས་ཀྱི་མེད་དམ་ལགས། དེས་ན་བོད་མི་ཞིག་དང་ནང་དགོས་སུ་༧ཁོང་གི་སློབ་མ་གྱུར་བའི་འུ་ཅག་གིས་བསམ་གཞིགས་བྱེད་རན་དང་བགྲོ་གླེང་བྱེད་རན་ཞིག་མ་རེད་དམ།

    Reply
  9. Baichung says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གི་འགྲོ་དོན་ནི་ལ་ཁའི་ཉི་མ་ལྟ་བུ་ཡིན་པས། སེམས་འཁྲལ་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese