སྟེང་གི་ལྷ་ཚོགས་མཐོང་བའི་མིག་ཟུང་མེད།།
འོག་གི་ཀླུ་རིགས་མཇལ་བའི་བསྐལ་བ་མེད།།
བར་གྱི་མི་སེམས་དྲོན་མོའི་དར་འཐག་འདི།།
རང་གི་རིགས་ལ་དྭངས་པའི་ཚུལ་དུ་བྲིས།།
གནའ་ཡང་ཁྱོད་ང་ཟེར་བཞིན་ཕྱོགས་རུས་བྱས།།
ད་ཡང་དེ་འདྲའི་རིགས་ལ་འབད་བསྡད་ན།།
ཕྱིས་འགྱོད་འབྱུང་སྲིད་བྱ་དངོས་གང་ལ་ཡང་།།
ཁེ་ཕན་མེད་པ་རིགས་རུས་སྤུན་ཟླ་ལགས།
བུ་མོ་གནས་ལ་བཙན་གྱིས་བརྫངས་རབས་བཤད།།
བུ་ལོ་སློབ་གྲྭའི་བསྐལ་བ་མ་བྱུང་ཟེར།།
གླེང་མོལ་དེ་དག་ད་ལྟའི་བར་དུ་བྱས།།
དེ་འདྲ་དེ་ཡི་ནམ་ཕུག་ཟིན་མི་ཡོང་།།
གྲྭ་བའི་སྐྱ་བོ་ཟེར་ནས་ཁ་ཚིག་འཕེན།།
སྐྱ་བོའི་གྲྭ་བ་ཟེར་ནས་ལོག་འདེབས་བྱེད།།
ལོ་ངོ་བརྒྱ་ཕྲག་འགའ་ཡི་བཤད་ལུགས་འདི།།
བོད་པ་སྤྱི་ཡི་དགེ་ཕན་ཡོད་རེ་མེད།།
བུ་མོས་བུ་ལ་ཁྲེལ་གཞུང་མེད་རབས་འདོད།།
བུ་ལོས་བུ་མོ་ནང་གི་གཡོག་མར་བསམ།།
བསམ་ཤེས་མེད་པའི་བསམ་བློ་ངན་པ་འདི།།
མཛའ་གཅིག་བརྩེ་བའི་བཅིངས་ཐག་ཡིན་རབས་མེད།།
གཞིས་ནས་བྱེས་པ་བྲོས་ནས་སོང་ཟིན་དྲན།།
བྱེས་ནས་གཞིས་ལ་རེ་བ་ཡོད་རབས་དྲན།།
དྲན་པ་མང་བོ་མགོ་མཇུག་ཟུར་གསུམ་ཅན།།
གངས་ཅན་བོད་ཀྱི་བདེན་དོན་འགྲུབ་རེ་དཀའ།།
ཆོས་པས་ཆབ་སྲིད་མི་ཤེས་ཁ་རོག་ཟེར།།
སྲིད་པས་ཆོས་ལུགས་མི་ཤེས་དཀའ་མོ་ཟེར།།
དོན་ལ་འགན་འཁུར་མེད་པ་རླུང་གི་གཏམ།།
བོད་མི་རྩམ་གཟན་ཚང་གི་བྱས་ཉེས་རེད།།
བསེ་རུ་ལགས། ཉིད་ཀྱིས་གསུང་བ་དེ་ནི་བདེན་པ་ཡིན་དང་ཡིན། ཡིན་ཡང་། ཉིད་ཀྱིས་ང་རང་དུས་བབ་ཚང་གི་ཏོག་ལྟ་བུ་ཟེར་བ་དེ་ནི་ང་རང་འཐད་པ་མིན། ང་རང་ཟིན་བྲིས་མང་ཤོས་སྤེལ་མཁན་རེད་ཟེར་ན་དེ་ནི་ངས་ཁས་ལེན་བྱེད་ཆོག དེ་མིན་དངོས་པ་དོན་གྱི་ཏོག་ནི་སྐུ་ཉིད་ལྟ་བུའི་ཤེས་འཇོན་གཉིས་ལྡན། ལྷག་བསམ་ལ་དྲི་མ་མེད་པར་ཁ་ནས་བཤད་པ་ལག་ལེན་དུ་འཁེལ་མཁན་བསེ་རུ་ཉིད་ལྟ་བུ་ཡིན་ལགས།
བདག་གིས་དུས་དང་ནམ་པ་ཀུན་དུ་སྐུ་ཉིད་ཀྱིས་བདག་གི་ཡིག་ནོར་དག་ལ་ལམ་སྟོན་གནང་བ་དེར་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད་ལ། ཁོམ་པ་ཡོད་དུས་ཤིག་ལ་སླར་ཡང་ཉིད་དང་གླེང་མོལ་བྱེད་རྒྱུ་བྱས་པ་དེར་སྒུག་ནས་བསྡད་ཡོད་ལགས།
ཆུ་ཐིགས་སྔོན་མོ་ལགས་ཀྱང་འུ་ཅག་གི་སྤུན་ཟླ་ལྷག་བསམ་ཅན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། སྐད་ཆ་རེ་ཟུང་བཤད་ནོར་ཐེབས་སྲིད་པས་དེ་ལ་ཉིད་ཀྱི་བཟོད་བསྲན་དང་བསམ་ཤེས་གནང་ཐུབ་པ་ང་རང་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་ལགས།
དྲ་གྲོགས་ལགས།
ཆུ་ཐིགས་སྔོན་མོ།
བསེ་རུས་བོད་ཤ་ཁྲག་རུས་གསུམ་ལ་ཡིག་ནོར་གྱི་ཐད་ནས་ནོར་བཅོས་བྱས་པ་རྣམས་རང་ཉིད་མཁས་མདོག་སྟོན་ཆེད་དུ་མིན་ལ། ང་རང་བོད་མི་རིགས་ཀྱི་སྐད་ཡིག་བླ་སྲོག་ལ་གཅེས་ཁུལ་བྱེད་མཁན་ཞིག་ཡིན་པ་དང་། ལྷག་པར་བོད་ཤ་ཁྲག་རུས་གསུམ་ཁོང་དུས་བབ་ཟིན་བྲིས་ཁྲོད་ཀྱི་གཙུག་གམ་ཏོག་ལྟ་བུའི་ཚུལ་གྱིས་ཟིན་བྲིས་སྤེལ་མང་ཤོས་ཡིན་ལ། མཆན་འདེབས་མཁན་དང་། ཀློག་པ་པོ་མང་ཤོས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཟིན་བྲིས་འདེབས་པ་པོ་དང་། མཆན་འདེབས་པ་པོ། ཀློག་པ་པོ་གཞན་དང་གཞན་ལ་ཡང་ཡི་གེའི་དག་ཆར་དོ་སྣང་ཆེར་བསྐྱེད་ཡོང་བའི་ཆེད་དུ་དམིགས་པ་ཞིག་ལས། ང་རང་ལས་ཀ་མེད་པར་ཉིན་མ་བུད་ཐབས་ཙམ་དུ་གསེར་ལས་དཀོན་པའི་དུས་ཚོད་འདི་བེད་སྤྱད་དེ་བྱིས་པའི་ངང་ཚུལ་འཛིན་བཞིན་དུ་བྱ་བ་འདིར་ལག་པ་འཆང་བ་ཞིག་མ་ཡིན་ལགས། དྲ་གྲོགས་ཚོ།
ངའི་བསམ་ཚུལ་འདི་ལྟར་ཡིན། དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། དེ་ལྟར་ཨེ་རེད། ཆུ་ཐིགས་སྔོན་མོ་ལགས། ཁྱེད་ཀྱང་ཆུ་ཕྲན་གྱིས་ཚུལ་དུ་འདི་ལྟར་རང་མི་རིགས་ཀྱི་སྐད་ཡིག་ལ་ཚེ་སྲོག་སྦྱིན་པའི་བརྟུན་པ་ཞིག་བསྐྱེད་དང་། འདི་ནི་ང་ཚོ་ཐུན་མོང་གི་འོས་འགན་ལགས།།
དུས་བབ་རྩོམ་སྒྲིག་པ་དང་ཀློག་མཁན་ཡོངས་ལ་ཞུ་རྒྱུར།
“གུས་པས་དུས་བབ་ཚང་ལ་ཐོག་མར་ Crazy Tiger ཟེར་བའི་མིང་ཐོག་ནས་དེབ་བསྐྱེལ་བྱས་ཡོད་པའི་ཐོ་གཞུང་ལ་ལྟོས་ན་གསལ་བོ་ཡོད་ངེས།”
དུས་བབ་ཚང་གིས་བསམ་གཏན་ལྟ་བུ་ཁྲིམས་མེད་ལུགས་ཀྱི་དཀྲུགས་ཤིང་བརྒྱག་མཁན་གྱི་དྲ་འདྲེ་འདིའི་གནོད་པ་འགོག་ཐབས་ཤིག་མ་རྙེད་བར་དུ། གུས་པས་གཞན་གྱི་ཟིན་བྲིས་ནང་མཆན་བུ་གཏོང་གི་མིན་ལ། རང་ཉིད་ཀྱི་ཟིན་རྩོམ་ནང་གཞན་གྱི་མཆན་བུ་ལེན་རྒྱུ་མིན། འདི་ནི་ཀློག་པ་པོ་ཚོ་ལ་མགོ་བསྐོར་མ་ཐེབས་ཆེད་ཡིན། བོད་ཡིག་གི་དྲ་རྒྱའི་ནང་གི་དཀྲུགས་འདྲེ་བསམ་གཏན་ཟེར་མིའི་གདོང་བ་དམར་རྗེན་དུ་ཕུད་ཆེད་ཡིན།
དྲ་གྲོགས་གནམ་ལྕགས་དང་བོད་ཤ་ཁྲག་རུས་གསུམ། ཁྱེད་ཅིག་གི་ཟིན་བྲིས་ནང་ཉེ་ཆར་སྟག་སྨྱོན་ཟེར་ནས་མཆན་འདེབས་བཞིན་པ་དེ་དག་བདག་མ་ཡིན་པར། དེ་ནི་དྲ་འདྲེ་བསམ་གཏན་གྱི་ཆོ་འཕྲུལ་ཡིན་མིན་དཔྱད་པར་འཚལ། ཟིན་བྲིས་གཞན་པའི་ནང་དུའང་མགོ་བསྐོར་དང་དཀྲུགས་ཤིང་འདི་ལྟར་བརྒྱབ་ཡོད་སྲིད། ཁོ་བོ་ཟིན་བྲིས་ཚང་མའི་ནང་ལྟ་ཀློག་གི་དུས་ཚོད་མི་མེད་སྟབས། དོ་བདག་སོ་སོས་རང་ཉིད་ལ་དྲ་འདྲེ་འདིས་མགོ་བསྐོར་དང་སླུ་བྲིད་མ་ཐེབས་པ་གནང་དགོས་པའོ།
གཉའ་ཁྲི་བཙན་པོའི་རིང་ནས་བོད་མི་ལ།།
འབྲོང་གི་རྒྱུད་པ་མ་ཆད་ཡོད་རབས་གླེང་།།
ཐུ་བོ་ཁྱེད་འདྲ་གངས་ཅན་བོད་པ་ཡི།།
བུ་རབ་ཡིན་པར་སེམས་ཀྱི་གཏིང་ནས་དྲན།།
ཨ་ཁུ་ཁྱེད་ཀྱི་ནམ་རྒྱུན་བསྟོད་བསྔགས་གནང་།།
རིག་པའི་གནས་ལ་འབད་འབུངས་བྱེད་ཞོར་དུ།།
དགེ་སྡུག་བྱ་བ་འཇིག་རྟེན་མི་ཆོས་ཀུན།།
མཐོང་བའི་རིགས་དག་མ་གསང་སྨྲ་བ་མཛེས།།
ཤ་ཁྲག་རུས་གསུམ་ཟུངས་ཁྲག་དཀར་པོ་རེད། །
ཤ་ཚས་སྙན་ངག་བྲིས་པ་ཤར་མར་རེད། །
ཤ་ཞེན་བོད་ལ་ཟབ་པ་ཆེར་བདེན་ན། །
ཤ་ཁྲག་བཞིན་ཏུ་ཕན་ཚུན་གྲོགས་སུ་རྩིས། །
བསེ་རུ་ལགས་ཀྱིས་བཤད་ནོ་བདེན་པ་རེད། འོན་ཀྱང་ཤ་ཁྲག་ཀྱིས་བསམ་པ་རྣམ་དག་གིས་ཁོང་ལ་བཀའ་དྲིན་ཆེ་ཞུས་པ་དེ་བས་ཀྱང་ཡག་པོ་འདུག།
http://www.voanews.com/tibetan/video.cfm
སྤུན་ཟླ་ཚོ་ཁྱེད་ཅག་གིས་འབྲེལ་ཐག་འདི་ལ་གཟིགས་པ་དང་གསན་རྗེས་རང་རང་གི་སེམས་ངོར་གང་ཞིག་དྲན་པ་དེ་དག་ཞིབ་དུ་གླེང་རོགས། ངས་འདི་ལ་བལྟ་བཞིན་ཉན་བཞིན་སེམས་པ་ནི་སྐྱོ་བ་དང་སྡུག་པ་གང་ཡིན་མི་ཤེས་པ་དང་། ལྷག་པར་དུ་རང་རིགས་ཕྱི་བསྡོད་པ་དག་གིས་རང་གི་བུ་ཕྲུག་ལ་དག་ལ་འགན་མ་འཁུར་བའི་ཟུར་སྣེ་ཞིག་ཀྱང་མཐོང་བ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རང་དབང་བེད་སྤྱོད་བྱེད་སྟངས་ཀྱི་ཁྲོད་དུ་རང་གི་སྐད་ཡིག་བརླག་བཞིན་པ་ཡང་ཞོར་དུ་དྲན་སོང་།
མི་ཁྱེད་འཚར་ལོངས་བྱུང་དེ་མི་གྲལ་དུ།།
ཕྲུག་གུ་མིང་ལ་གཅེས་སེམས་བྱེད་མཁན་ཁྱེད།།
དྲི་མེད་ཕྲུག་གི་རྣམས་ཀྱི་སེམས་གཤིས་ཤིག།
ད་དུང་ཡལ་མེད་ཉིད་ལ་ལྡན་པ་འདྲ།།
ཆུ་བོ་ཤག་ཤག་ལྟ་བའི་གནམ་གཤིས་དེས།།
ཐིགས་པ་རེ་རེ་སྒེའུ་ཁུང་འགྲམ་རྒྱུད་དུ།།
སྔོན་བཞིན་འགྱུར་མེད་རྡ་སའི་ཆར་བ་ཡིས།།
མོ་ལུས་ཅན་ཞིག་གྲོགས་སུ་རེ་ཞིང་དྲན།།
ལྷག་བསམ་དྲི་མ་མེད་པའི་འགན་འཁུར་ནས།།
སྤུན་ཟླ་བསེ་རུ་ཉིད་ཀྱིས་ཡང་ཡང་དུ།།
དཀའ་བའི་ལས་ལ་མ་འཛེམས་ཡིག་ནོར་དག།
བཅོས་པ་སེམས་ཀྱི་གཏིང་ནས་བཀའ་དྲིན་ཞུ།།
ཚིག་སྦྱོར་མཛེས་པའི་རྒྱན་གྱིས་སྟོང་ན་ཡང་།།
དོན་མཐུན་ལང་ཚོའི་སྤུད་པའི་ལུས་ཕྲ་མའི།།
ལྷད་མེད་ཤ་ཞེན་འཛུམ་པའི་ཟུར་མིག་གིས།།
རིག་པའི་གྲོགས་དག་འགུགས་ལ་ཐེ་ཚོམ་ཅི།།
གཅིག་གིས་ཤ་ཞེན་དཀར་པོས་སྙན་ངག་བྲིས།།
གཅིག་གིས་མཁས་མདོག་བྱས་ནས་སྐྱོན་གཅིག་བསྟན།།
མ་བསླད་སེམས་ཀྱི་ཁོང་ནས་བརྡོལ་བ་ཡི།།
གཏམ་ཞིག་ཡིན་ན་རྗེས་སུ་ཡི་རང་ཡོད།།
གྲོགས་ཤ་ཁྲག་ལགས་་་་་དེ་རིང་སེམས་པ་དེ་ཙམ་སྐྱིད་པོ་མི་འདུག སྒེའུ་ཁུང་ལས་ཕྱི་ལོག་ལ་བལྟས་དུས་ནམ་རྒྱུན་ལྟར་ཅི་ཡང་མཐོང་རྒྱུ་མེད་པར་སྨུག་ནག་གིས་བཏུམ་འདུག་པས་ང་རང་མུན་དོང་ཞིག་གི་ནང་ཡོད་པའི་ཚོར་སྣང་འདུག རེད་རེད རྡ་སའི་གྲོག་རོང་འདི་ནས་འདི་ལྟ་བུའི་དཀའ་ངལ་ལ་རོལ་ནས་མི་ལོ་བཅུ་ལྷག་འདས་ཟིན། འོན་ཀྱང་ད་དུང་ཇི་ཙམ་ཞིག་ལ་འདུག་དགོས་མིན་ཆ་འཚལ་བས་འདིའི་ཕྱོགས་ལ་བསམ་བློ་རེ་བཏང་ན་འུ་ཚོའི་ལས་དབང་འདི་ཇི་འདྲའི་ཁྱད་མཚར་ཞིག་རེད།
སེམས་ཀྱི་དབུས་ནས་བཞུར་བའི་སྙན་ཚིག་གིས།།
བུ་ཆུང་ཡ་ཆུང་སེམས་པར་ན་ཟུག་སྟེར།།
ང་དང་ཁྱེད་སོགས་གངས་ཅན་བོད་པ་ཚོའི།།
ལས་དབང་སྐྱུར་མོ་འདི་དག་ནམ་ཞིག་རྫོགས།།
ཤ་ཁྲག་རུས་གསུམ་ལགས། སྙན་ཚིག་ནང་ངའི་མིག་གིས་བཟུང་བའི་ཡིག་ནོར་ཁག་ནི།
མ་དག་པ། དག་པ།
བསྐལ་བ། སྐལ་བ།
དར་འཐག དར་ཐག
ཕྱོགས་རུས། ཕྱོགས་རིས།
ནམ་ཕུག ནམ་ཕུགས།
གཡོག་མར། གཡོག་མོར།
གཤམ་གྱི་བྱེད་འབྲེལ་གྱི་ཕྲད་གཉིས་འཁྲུགས་པའི་སྐྱོན་འདུག་བསམ་བྱུང་བས།
ང་ཚོའི་བོད་པ་མི་ཉུངབ་ཞིག་གིས་ཆེས་ནོར་ཉེན་ཅན་ཞིག་ནི་བྱེད་འབྲེལ་གཉིས་རེད་འདུག་བསམ། བྱེད་འབྲེལ་གཉིས་འཁྲུགས་པས་དོན་སྐྱོན་ཤུགས་ཆེར་ཡོང་གི་འདུག་པས་ཉིད་ཀྱིས་ཀྱང་འདི་རིགས་ལ་ཐུགས་གཟབ་གནང་གལ་ཆེ་བར་མཐོང་ངོ་། ད་དུང་ཁོ་བོས་ནོར་བཅོས་བྱས་པའི་རིགས་ལ་སྐྱོན་ཆ་དང་ཉིད་ཀྱི་དག་ཆའི་རིགས་ལ་སྒྲུབ་བྱེད་སོགས་གཞན་འགོད་རྒྱུ་ཡོད་ན་འཛེམས་མེད་ཐོག་གསུངས་རོགས་གནང་།
གྲྭ་བའི་སྐྱ་བོ་ཟེར་ནས་ཁ་ཚིག་འཕེན།།
གྲྭ་བས་སྐྱ་བོ་ཟེར་ནས་ཁ་ཚིག་འཕེན།།
སྐྱ་བོའི་གྲྭ་བ་ཟེར་ནས་ལོག་འདེབས་བྱེད།།
སྐྱ་བོས་གྲྭ་བ་ཟེར་ནས་ལོག་འདེབས་བྱེད།།