གཟུགས་གཞི་འདི་ལ་འཐམ་པའི་མགོ་སྐམ་ནང་།།
མགོ་སྐམ་ནང་ལ་འཐིམ་པ་བསམ་སྟོང་ཞིག།
བསམ་སྟོང་འདི་ལ་གནས་པ་ཚོར་སྨྱོན་ཞིག།
ཚོར་སྨྱོན་འདི་ཡིས་བསླུས་པ་གྲངས་ཀ་མེད།།
སྒྱུ་མའི་ལུས་ལ་འཁྲུལ་བ་རྣམ་ཤེས་ཀྱིས།།
ངེས་བརྟན་མེད་པའི་སྲེད་པའི་གཡབ་མོ་ཞིག།
གཡབ་མོའི་འོག་དུ་བླངས་པའི་སྐྱེ་བ་འདི།།
ཕོ་གསར་ཚུགས་མེད་ཅིག་གི་རོ་ཐོ་རེད།།
ཤི་འདས་ལན་ཆགས་གོར་མོ་བརྗེད་དུ་གྱུར།།
ནང་གི་བསམ་བྱ་སྐད་ཅིག་ཉིད་དུ་བོར།།
སྟོང་བའི་མྱོང་བ་སྐྱུར་མོའི་འཁྲབ་གཞུང་གིས།།
སྙི་མོའི་སེམས་འདི་འཐག་པ་རྩིས་ལོངས་མེད།།
མེ་ལ་སྒྲོན་པའི་སེམས་པ་དམར་པོ་ཞིག།
ཆུ་ལ་དཔྱངས་པའི་དན་རྟགས་མེད་པོ་ཡིས།།
ཟོལ་དུ་གྱུར་བའི་སྔ་གཞུག་འཚོ་བ་དངོས།།
དགོས་མེད་དོན་མེད་ཅིག་གི་གཏམ་རྒྱུད་རེད།།
ཇིང་སྲས་མིག་གསུམ་པ་ལགས། འདི་བྲིས་དེ་ཡུན་རིང་ཞིག་འགོར་ན་ཡང་། དུས་བབ་ཚང་གི་ང་རང་གི་ཟིན་བྲིས་འདིར་སྤེལ་མེད་ལགས། དེ་རིང་གཞི་ནས་སྤེལ་བ་ཡིན། འོན་ཀྱང་། རང་ལ་བལྟས་པ་ཞིག་ཡོད་པ་དེ་ལ་ནོར་བ་ཡིན་སྲིད། གང་ལྟར་སྐུ་ཉིད་ཀྱིས་ཐུགས་སྣང་མཛད་པ་དེར་དགའ་ནི་ཡིན་ལགས།
ཁ་དང་ཁོག་པའི་བར་ནས་ཤོར་འགྲོ་བའི།།
བ་ཚའི་ཆུ་དང་འདྲ་བའི་ཚོར་བ་འདི།།
སྐམ་རུལ་གྱུར་ན་འདོད་ཀྱང་དབང་མེད་པར།།
མེད་པོ་ནད་ཚར་བཟུང་བ་འདྲ་ཞིག་རེད།།
བསེ་རུ་ལགས། ང་ལ་ཞེ་ས་སློབས་ཟེར་ནས་གསུང་མཁན་དེ་ནི་གཅན་བཟོད་རྒྱམ་ཁོ་རང་ཡིན་དུས། ཁོ་རང་ལ་དྲིས་ན་ཡག་གི་རེད་མ་གཏོགས། ང་རང་གི་སེམས་ལ་གང་ཡང་དྲན་རྒྱུ་ཞིག་མི་འདུག་ལགས།
གཅན་བཟོད་རྒྱམ་ལགས་ཀྱིས་ཕྲན་ལ་རེ་བ་ཞིག་བཅོལ་བ་ནི་ཁྱོད་ལ་ཞེ་ས་སློབས་ཟེར། དེའི་གོ་དོན་གསལ་པོ་ཞིག་རྟོགས་མ་སོང་། དེ་ཅི་ཞིག་ཟེར་གྱིན་ཡོད་དམ།
ཁྱེད་ལ་ལན་ཞིག་ཡོད་ན་གནང་རོགས།།
ས་འགབ་རྫོབ་ས་ཞིག་ནས་སེམས་པ་མ་སྐྱོ།།
སླུ་བྲལ་མ་ཐེབས་མི་ཞིག་ཕལ་ཆེར་མེད་པའི།།
ཁྱེད་ཀྱང་དེ་ལས་ཐར་བ་མེད་པའི་ཕྱོགས་ལ།།
སྡུག་གི་སྨྲེ་ངག་བཏོན་རུང་མི་ཕན་བུ་ལོ།།
སྔོན་ཆད་ཡང་ཁྱེད་རང་གིས་འདི་འདྲ་བོ་ཞིག་བྲིས་འདུག་བསམ་བྱུང་། གང་ལྟར་སྙན་མོ་འདུག