ག་ལེར་བསྡོད་དུས་མེ་ལྟར་འཚིག་འོང་དུས།།
ཞིབ་དུ་བརྟག་དུས་ཤ་ཡི་སྐྱི་མོ་ཞིག།
རང་གི་འོག་དུ་ཡོད་པ་དེ་མཐོང་དུས།།
དེ་ཡི་བྱེད་ལས་གང་ལ་བསམ་བློ་བཏང་།།
ཉལ་དུས་མགོ་བོ་གཡོན་ནས་ལོ་ལོན་འདྲ།།།
བླངས་དུས་གཟུགས་གཞི་དྲངས་པའི་ཕོ་གསར་འདྲ།།
བསྡོད་དུས་རང་ཚུགས་མེད་པའི་རྒྱུ་སྣེ་འདྲ།།
འདི་ཉིད་མེད་ན་འཚོ་ཐབས་མེད་རབས་འདུག།
མེད་ན་མེད་དུ་ཆོག་པའི་བརྡ་ཞིག་སྤྲོད།།
ཡོད་ན་ཡོད་པའི་དོན་གོ་སྟོན་རོགས་ཞུ།།
ཡོད་མེད་ངེས་པ་མེད་པའི་ངང་ཚུལ་ཞིག།
སུ་དང་གང་གིས་རིག་འདོད་མེད་རབས་འདུག།
ཨུ་ཁུང་དམ་པོར་འཛུལ་དུས་སྐྱིད་རབས་ཟེར།།
ཨུ་ཁུང་ཆེན་པོ་འགྲིམ་དུས་ཆད་རབས་ཟེར།།
ཨུ་ཁུང་ཆུང་ན་གཞན་སྡུག་སྤྲོད་རབས་ཟེར།།
དོན་ལ་ཨུ་ཁུང་མང་བོའི་གཤེན་འདྲེ་ཟེར།།
ཆུང་ན་མཛེས་མ་ཁུགས་རབས་མི་འདུག་ལ།།
ཆེ་ན་ལྟོག་སྐོམ་སེལ་ལ་མ་ཕན་པས།།
ཆེ་ཆུང་འབྲིང་གི་བར་གྱི་ཤ་སྐྱི་ཁྱོས།།
དགེ་སྡུག་གཉིས་ཀའི་སྣ་འདྲེན་དེད་དཔོན་ཞིག།
སྐྱེ་ཆེན་དམ་པ་མི་ཡུལ་འདི་རུ་དྲངས།།
མི་ཆེན་དཔོན་པོའི་རང་ཚུགས་ཁྱེད་ཀྱི་བཤིག།
བུད་མེད་མཛེས་མའི་སྙིང་ཁམས་ཁྱེད་ཀྱིས་བསྲེག།
ཕོ་གསར་ཁྲེལ་གཞུང་མེད་པ་ཁྱེད་ཀྱིས་བྱས།།
དགུན་དུས་འཁྱག་ལྟོག་གང་ཡང་མི་གཟོད་ལ།།
དབྱར་དུས་ཆར་ཆུ་གང་ཡང་མི་འཁོག་པའི།།
སྟོན་མཇུག་སྡོང་ལོ་ཟེགས་དུས་མི་ཕན་པ།།
དུར་ཁྲོད་ནང་གི་བྱ་ཡི་ཁ་ཟས་ཡིན།།
ལགས་སོ་ཐུགས་རྗེ་ཆེ་ལགས།
མཆན་བཏབ་ཡོད་མེད་ལ་མ་ལྟ། ངས་ཁྱོས་བྲིས་པ་ཕལ་མོ་ཆེ་བཀླགས་ཟིན། དགའ་ནས་བསྡད་ཡོད།
རང་རྟོན་དང་འཇམ་མགོན་ལགས། རྣམ་པ་གཉིས་འདི་རུ་ཕེབས་པ་དགའ་བསུ་ཡོད་ལགས། དུས་རྒྱུན་གྱི་སྐུ་མགྲོན་ཞིག་གི་ཐད་ནས་བཤད་ན། རྣམ་པ་གཉིས་ཀྱིས་ཀྱང་ཁོམ་ལོང་བྱུང་ན་རང་རང་གི་བསམ་ཚུལ་མདོར་བསྡུས་རེ་གསུང་རྒྱུ་མ་བརྗེད་ལགས།
དགོངས་དག་རིན་མོ་ལ་ རི་མོ་བཅོས་གནང་།
གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ངས་ཉིན་རེ་བཞིན་ཉིད་ཀྱི་ཟིན་བྲིས་ཆད་མེད་ཀློག་བཞིན་ཡོད། ཉིད་ཀྱི་ཚོར་ཤུགས་ལས་བྱུང་བའི་སྙན་ངག་དང་རྟོག་བཟོ་ལས་གྲུབ་པའི་རིན་མོ་གཉིས་འདྲ་མཚུངས་འདུག
ཐུགས་རྗེ་ཆེ།མུ་མཐུད་དུ་སྤེལ་རོགས།
གངས་སྒྲ་ལགས། དགོད་ཁ་རེ་་སློང་ཐུབ་ན་འཕྲོད་བརྟེན་ལ་ཕན་ནི་རེད། ཡག་ཐག་གཅོད་ཅིག་དགོད་རོགས་ཞུ།
བཀླགས་ཟིན་།་་་་་གསང་གཏམ་གྱི་རྨ་ཁ་ཁྱོད་ཀྱིས་བྲིས་པ།
དངོས་ནས་མཚར་བོ་འདུག་ཨ།་་་
ཧཧཧཧཧ་་་་་་ཧཧཧཧཧ་་་་་་
འབུར་ཐོ་རང་གིས་རང་གི་སྤུན་ཟླ་ཞིག་ལ་ཡིད་ཆེས་དང་གདེང་འཇོག་བྱོས་པ་ནི་སྙིང་ནས་ཐུགས་རྗེ་ཆེ་ལགས། ང་རང་དམིགས་བསལ་གང་ཡང་ཡོད་པ་མ་རེད་ལགས། དྲ་ངོས་འདི་ན་ཡོད་མཁན་གྱི་སྤུན་ཟླ་ཚང་མ་དངོས་ནས་ཧ་ལས་པའི་ལྷག་བསམ་དང་ཤེས་ཡོན་ལྡན་པ་ཤ་སྟག་ཡིན་དུས། ང་ནི་མར་གི་ནང་གི་སྤུ་ལྟ་བུ་ཡིན་ནི་རེད་ལགས། ཡིན་ཡང་། སྐུ་ཉིད་འདི་རུ་ཡང་ཡང་ཕེབས་པ་དེ་ལ་དངོས་ནས་སེམས་གཏིང་ནས་དགའ་ནི་ཡིན་ལགས།
ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱིས་རང་ཉིད་ཀྱིས་མ་ཤེས་པ་དང་མ་འཇོན་པ་ངོས་ལེན་བྱེད་བཞིན་པ་འདིའི་ང་ཁྱོད་ལ་དུང་ཞེན་ཆེ་རུ་འགྲོ་གི དེ་རིང་ཁ་སང་མི་སུ་འདྲ་ཞིག་ཡིན་ཡང་ངས་ཤེས་ངས་འཇོན་ཟེར་མཁན་ཤར་སྟག་རེད། དེ་ནི་དྲང་མོ་བཤད་ན་འུ་ཅག་གི་ཕམ་ཁ་ཆེན་པོ་ཞིག་རེད། གང་ཡིན་ཞེ་ན། དེའི་རིགས་ཀྱིས་སྤྱི་ཚོགས་ནང་ན་ཤེས་ཡོན་ཅན་གྱི་གོར་ས་འཕྲོག་ནས་ཡོད་རེད།
སྐར་ཁྲི་བཙན་སྲིང་མོ་འཁྲིད་ནས་དྲ་ཁང་ནང་དུ་རྒྱུགས་ཡོང་ན་དེ་འདྲ་ཁ་ཤས་དང་གདོང་ཐག་རྒྱག་ནི་རེད། རྗེས་མ་དྲ་སྒོ་མ་ཕྱེ་གོང་དུ་སྲིང་མི་ཕྱི་ལོག་དུ་བསྡོད་བཅུགས་དེ་རང་གི་བརྟག་དཔྱད་བྱས་རྗེས་ད་གཟོད་ནང་དུ་ཤོག
གཅན་བཟོད་རྒྱམ་ཀློག་ནས་དགའ་བ་ཡིད་ཚིམས་པ་ཡིན།
རྩེ་སྐར་ལགས། ཉིད་ཀྱིས་བསླབ་སྟོན་གནང་བ་ཐུགས་རྗེ་ཆེ་ལགས།
གཉའ་འབྲོང་ཐུ་བུ་ལགས། ཆུ་ཚོད་རེག་དུས་ཤིག་ལ་ཕེབས་ན་འགྲིག་གི་རེད་ལགས།
བསེ་རུ་ལགས། ཉིད་ཀྱིས་གསུངས་པ་ལྟར་རང་གིས་རང་ལ་བདག་པོ་རེ་རྒྱག་ཨེ་ཐུབ་ལྟ་ཆོག རེད་དེ། སྐབས་རེར་སྤུན་ཟླ་ཁྱེད་ཅག་གིས་གཟིགས་སྐྱོང་ནི་མེད་དུ་མི་རང་བ་ཡིན་ལགས།
ལྷ་ཆབ་ལགས། ངས་ཀྱང་རང་གིས་རྙོག་གཏམ་འདི་དག་དངོས་ནས་མཚམས་རེར་འབྲི་མཚམས་འཇོག་དགོས་མིན་འགྲོ་ཡང་དྲན་གྱི་འདུག ཡར་རྒྱས་མེད། དག་ཆ་མེད། དོན་དག་མེད། སྙིང་བོ་མེད། མེད་པ་འདི་དག་གི་ཁྲོད་ནས་གད་སྙིགས་མང་བའི་ཡིག་ཚོགས་ཤིག་སྤུངས་པ་འདི་ལ་རྒྱུ་མཚན་ཡོད་མེད་ཀྱི་བསམ་གཞིགས་ཀྱང་དངོས་ནས་མང་བོ་ཞིག་མཚམས་རེར་བྱེད་ཀྱི་ཡོད་ལགས། སྐུ་ཉིད་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་ལན་དེ་ལ་བདག་གིས་རང་གི་སེམས་སུ་ནམ་རྒྱུན་དྲན་བཞིན་ཡོད་པ་དེ་ཞུས་པ་ཡིན་ལགས།
ཁྲག་རུས་གསུམ་ལགས། ཉིན་འདི་འགར་ང་དྲ་ཐོག་ལ་ཡོང་མ་ཐུབ་ཐལ། དེའི་རིང་ལ་ཁྱོད་ཀྱིས་རྩོམ་ཡིག་འགའ་རེ་སྤེལ་འདུག དེ་ཚོ་ཚང་མ་བཀླགས་ཟིན། ཡིན་ནའང་འབྱོར་ལྟར་མཆན་བུ་འདེབས་མ་ཐུབ་ཐལ། དེ་རིང་ཡང་ཡག་པོ་ཞེ་དྲག་བྱུང་འདུག ཁྱོད་ཀྱིས་དྲ་གྲོགས་གཞན་དག་གི་ལྷག་བསམ་ཟོལ་མེད་ཀྱི་བསླབ་བྱ་ཡིད་ལ་བཟུང་སྟེ་རང་གི་དག་ལ་ནམ་ཡང་འབད་བརྩོན་བྱེད་རོགས། ངའི་སེམས་གཏམ་ཡིན།
བསྐྱར་སྦྱོང་།
ངས་འདིར་ཡིག་ནོར་ཁ་ཤས་མཐོང་བྱུང་།
རང་ཉིད་ཀྱིས་ཡང་བསྐྱར་ཞུ་དག་གཏོང་རོགས།
བཀླགས་ཟིན་བསམ་ཚུལསྤེལ་བའི་ཆུ་ཚོད་རེག་མ་སོང་།
འདི་རིགས་བརྗོད་བྱར་འདེམས་ན་མི་འགྲིགས་ཞིག་མ་རེད། ཡིན་ནའང་བརྗོད་ཚིག་གི་སྙན་ཆའི་ཆ་ནས་ཕ་རོལ་པོའི་ཡིད་འགུགས་ཀྱི་ནུས་པ་ཐོན་མི་འདུག དེ་གཙོ་བོ་ཚིག་གི་མིང་མཐའ་འདྲེན་ཚུལ་ལ་རག་ལས་ནས་ཡོད་པ་ཞིག་རེད། དགེ་ཆོས་ལགས་ཀྱི་རྩོམ་རྣམས་ཀློག་ན་བློ་ངོར་བྱང་ཡོད་པ་ལྟར་ཁ་ལ་བདེ་ཞིང་ངག་ལ་འབྱོར་པ་དེ་ཁོང་གིས་ཚིག་གི་མིང་མཐའ་འདྲེན་པའི་སྒྲའི་གདངས་ཆ་དེ་གཙོར་བཟུང་གིས་བྲིས་ཡོད་པའི་རྟགས་རེད། ཁ་དྲོ། བཀྲ་ཤིས།
འདི་བཀླགས་པས་སྤྲོ་བས་བརྟས།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ངོ་ཚ་ནས་འབར་ཐལ་ངས་སྲིང་མོ་དང་མཉམ་དུ་གློག་ཀླད་སྒོ་ཕྱེས་མ་ཐག་ཁྱོད་ཡོང་ཡོད་པ་མཐོང་སོང་། ཨ་རོ་བདེ་སྐྱིད་ངའི་དྲ་གྲོགས་བཟང་པོ་ཞིག་སླེབས་འདུག་ག་རེ་བྲིས་འདུག་གཅིག་ལྟོས་བཤད་མ་ཐག མོས་ཀྱང་བཀླགས་ཀྱིན་བཀླགས་ཀྱི་གདོང་པོ་དམར་པོ་འགྱུར་སོང་། ང་ཡ་མཚན་སྐྱེས་ནས་ག་རེ་བྲིས་འདུག་ལབ་པ་ཡིན་མོད། མོ་བློ་བུར་སྒོ་ཕྱི་ལ་བུད་སོང་། དེ་ནས་གཙང་མ་བཟོ་མཚམས་བཞག་ནས་གཅིག་ལྟས་པ་ན ངོ་རྫོག་རྒྱུ་བོས་ཁ་རྩོག་རྐྱང་རྐྱང་བྲིས་དང་མེད་ནས།