དུས་བབ་ཚང་གི་གཙོ་བའི་བྱེས་ཀྱི་བོད་ཡིག་གི་དྲ་ཚིགས་དག་གིས་ལོ་རེ་ནང་དུའམ། བྱུང་ན་ཟླ་དྲུག་གི་ནང་དུ། བོད་མི་གནས་བསྡོད་ཀྱི་གདན་ས་ཁག གཞིས་གྲོང་ཁག སློབ་གྲྭ་ཁག་དུ་བསྐྱོད་དེ། དུས་དང་འཚམ་པའི་བོད་ཡིག་གི་དྲ་ཚིགས་འདི་དག་གིས་བོད་རིགས་ཀྱི་གཞོན་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རང་གི་སྐད་ཡིག་བེད་སྤྱོད་བྱེད་ས་ཡོད་པའི་ཟིན་བྲིས་འདེབས་ས་དང་། བསམ་ཚུལ་གླེང་ས། གཞུང་གི་གནས་བབ་རྟོགས་ས། ཚོགས་པ་སྐྱིད་སྡུག་ཁག་གི་དར་རྒུད་གྲོས་མོལ་གནང་ས། རང་གི་༧རྩ་གསུམ་བླ་མ་གང་དུ་བཞུགས་བསྐྱོད་ཀྱི་གནས་ཚུལ་དངོས་ཤེས་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། དེང་གི་འཆར་རང་རེའི་བོད་ཀྱི་སྐད་ཡིག་འདི་ཡང་འཛམ་གླིང་སྤྱི་འགྲོས་ལྟར་གོམ་པ་མཉམ་སྤོ་བྱེད་ཐུབ་ཀྱི་ཡོད་པ་ཤེས་ཐུབ་པ་ཡིན་ལ། རང་གི་སྐད་ཡིག་འདི་ལ་དུངས་ཞེན་ཡོད་མཁན་དག་གིས་ཀྱང་སེམས་ཤུགས་སྔར་ལས་འཕར་སྲིད་པ་མ་ཟད། རང་གི་སྐད་ཡིག་འདིས་ཀྱང་སྐྱིད་སྡུག་ལེགས་ཉེས་གང་ཡིན་སྤེལ་ཐུབ་ཀྱི་ཡོད་པ་ངེས་རྙེད་ངེས་ཡིན།
རང་ཉིད་བོད་དུ་མེད་ཀྱང་། རང་གི་སྐད་ཡིག་འདི་དགོས་མཁོ་ཡོད་པ་དང་མི་རིགས་ཤིག་གི་དར་རྒུད་ལ་ཡང་ཐུག་ཡོད་པ་སྐད་ཡིག་འདི་བེད་སྤྱོད་གཏོང་རྒྱུ་དེ་ཡིན་པར་སྤོབས་པ་འཕེལ་ངེས་ཡིན།
བོད་ཀྱི་སྐད་ཡིག་གི་དྲ་ཚིགས་དག་གི་ཕྱོགས་བསྐྱོད་ཀྱིས་མཐུན་རྐྱེན་མ་འཛོམ་པ་ཡིན་ན། ཚགས་ཤོག་དང་གསར་ཤོག་འདྲ་མིན་སྟེང་དུ་གསལ་བསྒྲགས་རབ་དང་རིམ་པ་བྱས་དེ། བོད་ཀྱི་སྐད་ཡིག་གི་དྲ་ཚིགས་དག་གི་དགེ་མཚན་གླེང་བ་ཡིན་ན། བོད་ཡིག་ལ་དགའ་མཁན་གྱི་གྲངས་ཀ་ཇེ་མང་དུ་འགྲོ་ངེས་ཡིན་ལ། ཅི་ཙམ་མང་དུ་ཕྱིན་པ་དེ་ཡིས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་གསོན་ཤུགས་ཆེ་རུ་འགྲོ་བ་ལ་ཞུ་མ་དགོས་པ་ཡིན་དུས། དྲ་ཚིགས་སོ་སོའི་འགན་འཛིན་དང་། ལས་མོ་ཡོངས་ཀྱིས་རེ་སྐུལ་འདི་ལ་བསམ་བློ་ཞིབ་དུ་གཏོང་རོགས་གནོང་ཟེར་ནས་ཞུ་བ་བོ། བོད། ཤ་ཁྲག་རུས་གསུམ་ཡིན།
བོད། ཤ་ཁྲག་རུས་གསུམ་ལགས།
ཁྱེད་ཀྱི་བསམ་འཆར་འདི་ཞེ་དྲག་ཡག་པོ་འདུག
ངེད་ནས་ཀྱང་ཁྱེད་ཀྱིས་གསུང་བ་ལྟར་ཁྱབ་བསྒྲགས་བྱ་ཐབས་བྱེད་ཀྱི་ཡོད། ད་ཕན་གྲོགས་པོ་གཉིས་གསུམ་ཞིག་ལ་ངོ་སྤྲོད་བྱས་ཏེ་བཙུད་ཐུབ་པ་བྱུང་།
བསྟན་འཛིན་ཚེ་འཚོ་ལགས། ཉིད་ཀྱིས་དུས་རྒྱུན་དུ་ངེད་ཚང་ལ་ཕེབས་ནས་བདག་གི་བསམ་ཚུལ་དག་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ལགས། བདག་གིས་རེ་བ་ཡིན་ཉིད་ཀྱིས་ཀྱང་རང་ཁྱིམ་ཆུང་ཆུང་ཞིག་བཟུང་བ་ཡིན་ན་དངོས་ནས་རྒད་པོ་ཡག་པོ་ཞིག་རེག་ངེས་ཡིན། ཨ་ལ་ངས་ཁ་འདི་ཐ། གཅིག་བྱས་ན་རྒད་པོ་ཡོད་མཁན་ཞིག་ཡིན་ན་ཐང་མོད། ཨ་ལ་ཀུ་རེ་ཡིན། དོན་དངོས་ཐོག་སྐུ་ཉིད་ཀྱིས་ཟིན་བྲིས་ཤིག་གཉར་རོགས་ཞུ།
བོད། ཤ་ཁྲག་རུས་གསུམ་ལགས། ཐུགས་རྗེ་གནང་འདི་ལྟར་དྲ་ཚིགས་ཐོག་བསམ་ཚུལ་སྤེལ་བ་ཤིན་ཏུ་ལེགས། དྲ་གྲོགས་རྣམ་པའི་འདི་ལྟར་བཀླགས་ནས་སྣང་མེད་དུ་མ་བཞག་པར་འདིའི་སྟེང་ལ་བསམ་བློ་བརྗེ་རེས་དང་། ལམ་སྟོན། གོ་རྟོགས་སོགས་སྤེལ་ནས་བག་ལ་ཉལ་བའི་སྤྱི་ཚོགས་འདིའི་ཁ་ཕྱོགས་བསྒྱུར་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་སླེབས་ཐུབ་པའི་གྲ་སྒྲིག་བྱེད་ཚད་རེད།
གཉའ་འབྲོང་ཐུ་བུ་ལགས། རེ་རེ་བཞིན་ཀློག་ནས་བདག་གིས་བསམ་ཚུལ་འདིར་མོས་མཐུན་བྱས་པ་ཐུགས་རྗེ་ཆེ་ལགས།
རེད་སྐད་ཡིག་གི་ཚེ་སྲོག་བརྟན་ཆེད་ཐབས་བརྒྱ་ཇུས་སྟོང་བྱེད་དགོས།
སྤྲ་དཔལ་ལྡན་ལགས། ཉིད་ཀྱིས་དེ་སྔ་དྲན་མྱོང་བ་བཞིན་བདག་གིས་ཀྱང་སྔ་ས་ནས་དྲན་མྱོང་བ་ཞིག་ཡིན་ཡང་། དུས་ཚོད་ཀྱིས་དབང་གིས་ཡག་པོ་ཞིག་གཏན་ནས་འབྲི་ཐུབ་མ་སོང་བར་ལུས་པ་རེད་ལ། དེ་རིང་ཡང་ཡག་པོ་ཞིག་འཁྱོང་གི་མི་འདུག་ཀྱང་། བརྗེད་དུ་བཅུགས་པ་ཡིན་ན་འཕོང་བོ་འདུག་པས་འདི་རུ་སྤུན་ཟླ་དག་གི་སྤྱན་ལམ་དུ་དྲངས་པ་ཡིན་ལགས།
འབྲོག་རུ་ཆོས་གྲགས་ལགས། གལ་ཆེན་ཡིན་པ་གཟིགས་ནས་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ་ལགས། དེ་ལྟར་དུ་འུ་ཅག་གིས་ནུས་ཚོད་འཇོན་ཚོད་ཅིག་སྐུལ་ལོངས་བྱེད་རྒྱུར་འགན་ཚང་མ་ཡོད་པ་རེད་ལགས།
སྐར་ཁྲི་བཙན་ལགས། བསྟོན་བསྔགས་གནང་བ་བཀའ་དྲིན་ཆེ་ལགས། འདི་ནི་བོད་སྤྱི་དོན་ཡིན་དུས། སྐུ་ཉིད་ཀྱིས་ཀྱང་བསམ་ཚུལ་རེ་གསུང་ན་ཡག་པོ་རེད་ལགས།
བསེ་རུ་ལགས། ཕྱོགས་གཅིག་ནས་འུ་ཅག་གིས་སྤྱི་ཚོགས་ལ་དཔལ་འབྱོར་གྱི་དཀའ་ངལ་ཞན་པོ་ཡོད་པ་བདེན་ན་ཡང་། དེང་སང་བྱེས་སུ་འཚར་ལོངས་བྱུང་བཞིན་པའི་བུ་ཕྲུག་མི་ཉུང་བ་ཞིག་གློག་ཀླད་ཁང་དུ་གཟའ་འཁོར་རེ་ཡི་ནང་དུ་རེ་རེ་འགྲོ་ཐུབ་མཁན་ནི་ཆེས་མི་ཉུང་བ་ཞིག་ཆགས་ཡོད་པ་རེད། དེ་དག་གིས་ཀྱང་རང་གི་སྐད་ཡིག་འདིས་དྲ་ཁང་ནང་དུ་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་ཚོར་མེད་ངེས་ཡིན་ལགས།
ཁྱེད་ཀྱི་དགོངས་ཚུལ་འདི་བཞིན་ཁོ་བོས་ཀྱང་དྲ་ཐོག་ཏུ་སླེབས་སྐབས། ང་ཚོས་སྤྱི་ཚོགས་ཀྱི་བདེ་སྡུག་ག་ཚོད་བཤད་ཀྱང་། དེ་དག་ཐོས་མཁན་ནི་གཞི་རིམ་མང་ཚོགགས་དང་། སློབ་གྲྭ་ཁག་གི་སློབ་མ། དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་མ་ཡིན་པར་རྒྱན་གཏན་དྲ་ཐོག་ཏུ་མྱུལ་མཁན་གྱི་དྲ་གྲོགས་ཚོ་མ་གཏོགས་མེད་པ་ཤེས་སྐབས། འདི་ལྟ་བུའི་ལས་འགུལ་ཞིག་སྤེལ་ཐུབ་ན་ཅི་མ་རུང་མཉམ་བཞིན་ཡོད། ངས་བསམ་ན། ད་དུང་ང་ཚོའི་སྤྱི་ཚོགས་འདིར་དཔལ་འབྱོར་དང་མཐུན་རྐྱེན་སོགས་ཀྱི་དཀའ་ངལ་གྱིས་གཞི་རིམ་སྤྱི་ཚོགས་ནང་དེ་ལྟར་ལག་ལེན་འཁྱོལ་རྒྱུར་ལམ་ཐག་ཅུང་རིང་པོ་འདུག་སྙམ་བྱུང་།།
བསམ་ཚུལ་མི་ཡག་རྒྱུ་དམ་པ་ཡོད་གི་ན།
བསམ་ཚུལ་ཡག་པོ་བྲིས་འདུག
འདི་དངོས་གནས་གལ་ཆེན་རེད།
དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས། བདག་ལ་མཚོན་ནའང་ཁྱོད་ཀྱི་བསམ་ཚུལ་དེ་སྔ་ནས་བསམ་བློ་འཁོར་མྱོང་ཡོད་ལ་ ངེད་ཚོའི་སྤྱི་ཚོགས་ནང་དུ་རང་མི་རིགས་ཀྱི་སྐད་ཡིག་བློ་ཁ་ཡར་ཕྱོགས་བྱེད་རྒྱུ་ལས་འགུལ་མི་རེ་གཉིས་ཙམ་མ་ཡིན་པས་བོད་མི་ཡོད་དོ་ཅོག་གིས་འོས་འགན་ཡིན་དུས་ ཁྱོད་ཀྱི་བསྱམ་ཚུལ་དེ་དངོས་ནས་ཡག་པོ་རེད་ ངོ་མ་ངེད་ཚོས་ལས་འགུལ་དེ་འདྲའི་རིགས་སྤེལ་དགོས་ས་རེད་