་་་་་་་་་་་་་་་་་་་་་་་་་་་་་་གཞས་ཚིག་འདི་བོད་མི་ཡོངས་ཀྱིས་ཚབ་དུ་བྲིས།
ང་ཡི་༧རྩ་གསུམ་བླ་མ།།
༧སྐྱབས་རྗེ་ཡིད་བཞིན་ནོར་བུ།།
མི་འགྱངས་ཁ་བ་ཅན་ལ།།
ཕེབས་པར་གསོལ་བ་ངས་འདེབས།།
མི་ཚེ་ཕྱེད་ཀའི་རིང་དུ།།
ས་མཐའི་ལྗོངས་སུ་བཞུགས་སོང་།།
རང་ཡུལ་གངས་ཅན་བོད་མིས།།
ད་ནི་སྒུག་ཡུན་རིང་སོང་།།
བོད་མི་ས་ཡ་དྲུག་གིས།།
༧སྐུ་ཉིད་ཁོ་ན་དྲན་ནས།།
རང་གི་གཅེས་པའི་སྲོག་ཀྱང་།།
ཤོར་ཡང་བློ་འགྱོད་མེད་རབས།།
གཞན་ཡུལ་རང་དབང་ཁྲོད་དུ།།
སྐུ་ཚེ་འཕེན་པ་རྫོགས་ཚེ།།
རང་ཡུལ་ཁ་བ་ཅན་ལ།།
མི་ཤི་རྟ་འགྱེལ་བྱུང་ངེས།།
ད་ནི་༧སྐུ་ཉིད་ཁོ་ན།།
གངས་རིའི་ལྗོངས་ལ་ཕེབས་ན།།
ཤི་བོའི་རྣམ་ཤེས་བདེ་ངེས།།
གསོན་པོའི་ཞེན་འཁོན་སངས་ངེས།།
༧སྐྱབས་རྗེ་གངས་རིའི་ལྷ་སྐལ།།
ཐུགས་ལ་ཉེ་རིང་མེད་ཀྱང་།།
རང་རིགས་ཁ་བ་ཅན་པ།།
བསྐལ་བའི་བར་དུ་མ་གཏོང་།།
འབའ་པ་སྐལ་བཟང་འཕྲིན་ལས་ལགས།
འབའ་པ་ཚང་གི་མི་རབས།།
སྐལ་བ་བཟང་བོའི་དུས་སུ།།
འཕྲིན་ལས་མྱུར་རབས་འདུག་ལ།།
དེང་སང་དེ་ལྟར་ཡིན་པའི།།
རེ་བ་སེམས་ལ་བཅིངས་ཡོད།།
འབའ་འབུར་མང་ས་ཞིག་ནས།།
རང་གིས་ཚོད་ཅིག་འབུར་ནས།།
འབུར་ཐོ་ཞིག་གིས་སྒང་ནས།།
གསུངས་སྐད་སྒྲོག་པ་ཐོས་སོང་།།
རང་ལོ་བཅོ་བརྒྱད་ཐོག་ནས། །
ཕྱི་གླིང་སྐྱབས་བཅོལ་ཡོང་སྟེ། །
མི་རིགས་ཞིག་གི་བདེན་དོན། །
རང་ལས་གལ་ཆེན་བརྩིས་ཡོད། །
བདག་ལ་ཤེས་ཚད་མེད་རུང་། །
ནང་ལ་ཕྱོགས་འཐེན་མི་བྱེད། །
དགྲ་ལ་གཏམ་ལན་མེད་ཀྱང་། །
རང་ལ་རྫིག་ཉམས་མི་བྱེད། །
ལོ་ན་བདུན་ཅུ་བརྒར་བའི། །
བདག་གི་བླ་མ་ཁྱེད་ལ། །
ཞབས་ཏོག་སྒྲུབ་བྱེད་མེད་ཀྱང་། །
གཅིག་སྒྲིལ་སྙིང་ནས་མི་འདོར། །
དད་པའི་ཁ་བཏགས་སྒྲེང་ནས་།།
གཞིས་བྱེས་ལྷན་འཛོམས་སྒུག་ཀྱང་།།
དམར་པོའི་སྐར་འོད་རྩུབ་པོས་།།
རེ་བའི་་མེ་ཏོག་བཅོམ་སོང་།
བྱས་དུས་
སེམས་ལ་གདོན་ཞིག་མི་ལ་འཚང་འདྲི་བའི།།
རིགས་རུས་གཅིག་པའི་སྤུན་ཟླ་རེ་ཟུང་གིས།།
གངས་ཅན་མགོན་པོའི་བཀའ་སྲུང་རྩིས་མེད་པར།།
རང་མགོ་གང་ཐོན་བྱས་དེ་སེམས་པ་གཟེར།།
སྙིགས་མ་ལྔ་བདོའི་དུས་རབས་འདིར།།
ནད་མུག་འཁྲུག་རྩོད་རྡུལ་ཕྲན་བཞིན།།
གང་གི་བྱམས་བརྩེའི་འོ་རྒྱུན་གྱིས།།
ཞི་བསིལ་སྣུམ་པོའི་ལང་ཚོ་རྒྱས།།
གཉའ་གནོད་ཐུབ་ཚོད་མ་བཟོད་པར།།
གེ་སེར་འབྲོང་གི་བུ་རྒྱུད་ཚོས།།
ཐུ་བའི་རྗེས་མཇུག་ཡང་དག་དེ།།
བུ་རིགས་ཡོངས་ཀྱི་གཙུག་རྒྱན་དྲན།།
ཉི་མ་སེར་བོའི་འོད་ཟེར་གཅིག །
ཟླ་བ་དཀར་བོའི་རང་མདངས་གཉིས། །
སྐར་ཚོགས་ཕྲ་མོའི་སྐོར་རྒྱན་གསུམ། །
འདི་གསུམ་བླ་མ་གཅིག་ལ་འཛོམས། །
ཨ་རིག་དགེ་མཐོང་ལགས། བོད་ཀྱི་སྲོལ་རྒྱུན་གྱིས་བཤད་སྲོལ་དེ་ནི་དངོས་ནས་ཡག་པོ་མི་འདུག་ཟེར་ནས་ཞུ་བཞིན་མེད་ཀྱང་། དེས་ན་བོད་འདི་ཤོར་བ་ཡང་བོད་འདི་བསམ་པ་ངན་པས་རེད་དམ་སྙམ་སོང་ལགས།
སྐར་ཁྲི་བཙན་ལགས། ཨ་རིར་འཕུར་འདོད་ཡོད་ན། སྨོན་ལམ་ཤུགས་དྲགས་དུ་འདེབས་དགོས། སེམས་པ་རྩེ་གཅིག་ཡིན་དགོས། སྒོར་མོ་མེད་ན་འགྲིག ཨ་རིའི་བུད་མེད་ཅིག་ལོ་ན་རྒན་གཞོན་ལ་མ་བལྟ་བར་ཉིན་རྒྱུགས་མཚན་རྒྱུགས་བྱས་དེ་འཚོལ་དང་། གོ་སྐབས་ཏན་ཏན་ཡོད་ངེས་ཡིན་ལགས།
གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་སེམས་འཁུར་མ་བྱེད་ཅིག་ལགས། རྒད་མོ་ཟེར་ན་འདྲ་དགའ་རོགས་མའི་མོ་རང་གིས་བསམ་ཤེས་བྱེད་རྒྱུ་གལ་ཆེན་ཡིན་པ་ལས། ངས་ནམ་ནམ་དེ་ལ་ལྟ་རྟོགས་བྱེད། ལྟ་རྟོགས་བྱེད་པ་ལས་རང་དབང་སྤྲད་དེ་བཞག་ན་ཡག་གི་རེད། ངས་རང་དབང་སྤྲད་དེ་བཞག་ཡོད། ཁྱེད་རང་ཁོམ་པ་ཡོད་ན་ཚོད་བལྟ་ཞིག་བྱོས་དང་། ཧཧཧ
གསར་དུ་ཕེབས་པའི་ཀུན་བཟང་ཚེ་རིང་ལགས། སྐུ་ཉིད་འདི་འདྲ་ཞིག་ཀློག་རྒྱུར་སྤྲོ་བོ་བྱུང་བ་དེར་སེམས་པ་དགའ་ནི་ཡིན། ཁོམ་དུས་ཁོམ་དུས་ཡོང་གི་བསྡོད།
བསྟན་འཛིན་ཚེ་འཚོ་ལགས། ངས་ཉིད་ཀྱིས་མཆན་པུ་གོང་འོག་གཉིས་ཀ་བཀླགས་ཟིན་པ་ཡིན། ནང་དོན་ཡང་ཚང་མ་ཧ་གོ་སོང་། རིག་རྒོད་མ་ཤུ་རེ་བྱོས། མི་ལ་སྙིང་རུས་ཡོད་ན་མི་འགྲུབ་པ་དཀོན་ནི་རེད། སྔོན་ཆད་དགའ་རོགས་ཟེར་ནས་གླེང་བ་དེ་ནི་ངས་ཀུ་རེ་རྩེད་པ་ཡིན་དགོངས་དག་ཞུ། རེད་དེ། ཁྱེད་ཀྱིས་དེ་ལ་ཡང་གསལ་བཤད་གནང་འདུག་པའི་དོན་དེ་གོ་ནས་ང་རང་ཞེ་དྲགས་དགའ་བོ་བྱུང་། དེང་སང་བོད་པ་འུ་ཚང་ལ་ཁྱེད་རང་ལྟ་བུའི་སེམས་ཤུགས་ལ་འགྱུར་བ་མེད་མཁན་གྱི་སློབ་བུ་དགོས་ཀྱི་འདུག་ལ། བོད་ཡིག་ལ་དགའ་ཞེན་ཆེ་བའི་ཁྱེད་རང་ལྟ་བུ་གཞོན་སྐྱེས་མི་ཉུང་བ་ཞིག་དངོས་ནས་གལ་ཆེན་ཆགས་ཡོད་པ་རེད་ལགས།
བསེ་རུ་ལགས། སྐུ་ཉིད་ཕེབས་ནས་འདིའི་འཕྲོར་མཐུད་པ་ཐུགས་རྗེ་ཆེ།
སེམས་ཅན་འགྲོ་དྲུག་སྤྱི་ལ།།
མཛད་མེད་ཐུགས་རྗེ་ཆེ་བའི།།
འཛམ་གླིང་ཉི་མ་དམར་པོ།།
ཤར་ནས་ནུབ་རྒྱུ་ཆོས་ཉིད།།
དེས་ན་རང་རིགས་སྐྱེ་བོས།།
འཛམ་གླིང་ཉི་མའི་བཀའ་དྲིན།།
སེམས་ཀྱི་གཏོར་ཐབས་མེད་ན།།
བཀའ་གསུང་སྲོག་ལས་བརྩི་དགོས།།
གཞིས་བྱེས་བོད་མིའི་གཙུག་ནོར།།
འཛམ་གླིང་བསྟན་འགྲོའི་མགོན་སྐྱབས།།
སྐྱབས་གཅིག་བསྟན་འཛིན་རྒྱ་མཚོ།།
ང་ཡི་སྙིང་གི་བླ་སྲོག།
གྲོགས་བོད། ཤ་ཁྲག་ལགས། ངས་མཆན་བུ་དེ་གོ་རིམ་མེད་པ་ནི་ཉིད་ཀྱི་མཆན་སྔོན་པ་དྲི་བ་ལྟ་བུ་དེ་ལ་ཚད་བཅོས་ནས་བཏབ་པ་ཡིན་པ་ཐུགས་འཇགས་འཚལ།
གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། སྙན་ངག་གོ་བདེ་ཞིག་དང་ཉིད་ཀྱི་སེམས་ཚོར་དང་འབྲེལ་ནས་བྲིས་འདུག་པས་ཤིན་ཏུ་སྙན་ཆ་འདུག དེ་རིང་འདི་ནས་དེ་སྔོན་ཁྱེད་ཀྱི་མཆན་བུ་དེ་ལ་ལན་གྱི་ཚུལ་ཡིན། དངོས་ཐོག་ནས་ངས་ཀྱང་ཟིན་བྲིས་ཤིག་གི་སྒོ་ཕྱེ་ན་བསམ་མོད། རང་སྦྱོང་ཞིག་བྱེད་བཞིན་པའི་དུས་ཚོད་འདི་ལ་བར་ཆད་ཡོང་བར་དོགས་ནས་མནར་འགྱངས་བྱས་པ་ཡིན། ཡང་གཅིག་བཤད་ན་རང་ཉིད་ཆུ་ཚད་ཧ་ཅང་དམའ་བས་ད་དུང་རང་ནུས་ཡོད་ཚད་བཏོན་ནས་རང་སྦྱོང་ཞིག་མ་བྱས་ན་ཞུགས་པར་ཁག ང་ལ་དམིགས་ཡུལ་ཞིག་ཡོད་པ་ངས་བོད་ཡིག་སྦྱང་ནས་དབྱིན་ཡིག་ཚིག་གཅིག་ཀྱང་ཟིན་བྲིས་ནང་མི་སྤེལ་རྒྱུའི་བསམ་ཚུལ་ཞིག་བཟུང་བ་ཡིན། དབྱིན་ཡིག་སྤེལ་སའི་དྲ་ཚིགས་མང་བས་རྐྱེན་གྱིས་ཡིན། གསལ་བཤད་བྱེད་རྒྱུ་ཞིག་ངས་དགའ་རོགས་འཚལ་རྒྱུའི་འདུན་པ་གང་ཡང་མི་འདུག རྒྱུ་མཚན་ནི་དེ་ལ་མགོ་གཡེང་ནས་ངའི་དམིགས་ཡུལ་ཆ་ཚང་བརླག་བའི་ཉེན་ཁ་འདུག དེ་བས་དེའི་ཕྱོགས་ལ་ད་དུང་བསམ་བློ་བཏང་མ་མེད། མཚམས་རེར་ཁྱེད་རྣམ་པའི་བྲིས་པའི་དཔྱད་བརྗོད་དང་མཆན་བུ་དག་ལ་ལྟ་ཀློག་དང་མཆན་བུ་ཐུང་ངུ་རེ་བཏབ་ནས་ཆུ་ཚད་མཐོར་འདེགས་བྱེད་པའི་ཁུལ་ཡིན།
དྲ་གྲོགས་སྙན་ངག་ཡག་པོ་འདུག ཨ་རིག་དགེ་མཐོང་ལགས་ང་རང་འདི་ལྟ་བའི་སྙན་ཀློག་འདོད་མཁན་ཞིག་ཡིན
འདི་གླུ་ཚིག་ཅིག་བྱས་ན་བཟང་གི ཁ་སང་བང་ཆེན་ཚང་ནས་བཀླགས་ཟིན།
ནམ་གུང་རེ་གུང་ལ་མི་ཉལ་བར་རྩོམ་ཡིག་སྤེལ་ནས་འདུག་ཁུལ་བྱས་དང་། རྒན་མོ་ང་འདྲ་ཟ་ལེ་བྱང་མ་ཞིག་གི་ལག་པར་ཤོར་ཡོང་། ལག་ལ་ཅིག་ཆུད་དུས་ཁ་ཕྱིར་འཁོར་མེད་ནོ་ཤེས་ཀ་ཙེ། ཨོ་ལད།
བསམ་པ་བཟང་གི་ང་ཨ་རི་སླེབས་ཐུབ་པའིསྨོན་ལམ་ཞིག་རྒྱོབ་དང་འུ་གཉིས་བཟང་ས་ཡིན་ན།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ཐམས་ཅད་བསམ་པ་དག་ལ་རག་ལས་སོ།