མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

ཉེར་གཉིས།


བདེ་གྲོལ་གྱིས་རྒན་མོས་བློ་བཟང་མཐོང་མ་ཐག ཨ་རོགས། ད་ཁྱེད་རང་ངེད་ཚང་དུ་མ་ཡོང་བར་རྒྱུན་རིང་ཞིག་འགོར་སོང་མོད། དེ་རིང་གང་ཞིག་ནས་ངེད་ཚང་དྲན་སོང་ཟེར་ནས་ཀུ་རེ་བྱེད་ཞོར་དུ་ནང་དུ་སོང་། ནང་དུ་སོང་དང་། ངས་གོན་པ་འདི་སོ་སྐམ་ནས་ཡོང་ཞེས་ལག་ནང་དུ་གོན་པ་རློམ་པ་དེ་དག་སྐམ་དུ་འགྲོ་ཞོར་དུ། ཨོ་ནང་དུ་སོང་དང་བདེ་གྲོལ་སྲང་དུ་བུད་སོང་མོད། ངའི་སྤུན་མཆེད་མ་ནོར་བུ་བཟང་མོ་དང་མོའི་གྲོགས་མོ་གཉིས་སློབ་གྲྭའི་ནང་ནས་རྩ་དགོངས་ཞུས་དེ་ནང་དུ་སླེབས་ཡོད་ཅེས་བཤད།

བློ་བཟང་གིས་སེམས་ནང་དུ། ད་འདི་གང་རེད། ཉེ་སྔོན་སངས་རྡོར་གྱིས་ང་རང་ལ་ནོར་བུ་བཟང་མོ་ངོ་སྤྲོད་བྱེད་ཅེས་བཤད་པ་རེད། དེ་རིང་འདི་ནས་ཐུག་པ་འདི་ཡང་ག་རེ་ཡིན་ནམ་སྙམ་ཞོར། སེམས་ནང་དུ་དོགས་པ་ཞིག་སྐྱེ་ཞོར་དུ་ནང་དུ་འཛུལ། བློ་བཟང་ནང་དུ་སླེབས་མ་ཐག ཉལ་ཁྲིའི་ཟུར་གཉིས་ན་གློག་བརྙན་ལ་ཅེར་ནས་ཡོད་པས་ནོར་བུ་བཟང་མོ་དང་མོའི་གྲོགས་མོ་གཉིས་ཀ་ཡར་བླངས་དེ། ཤོག ཤོག ཤོག་ཟེར་ནས་རང་རང་གི་ཐད་ནས་བློ་བཟང་ལ་བལྟ་བཞིན་ཡོད་ཀྱང་། བློ་བཟང་གིས་དམིགས་བསལ་གྱིས་ནོར་བུ་བཟང་མོ་ཕྱོགས་སུ་ཁ་གཏད་དེ་ཁྱེད་གཉིས་བསྡོད། ང་རང་འདིར་བསྡད་ན་འགྲིག་ཟེར་ནས་ཉལ་ཁྲིའི་འགྲམ་གྱི་རྐུབ་སྟེགས་སྟེང་དུ་བསྡད།

སྐར་ཆ་ཁ་ཤས་ཀྱི་རྗེས་སུ་ལྷ་མོ་ནང་དུ་འབྱོར་ནས། ད་དངོས་ནས་ཡག་པོ་འདུག བློ་བཟང་ང་ལ་རོགས་བྱོས་དང་ཉིན་གུང་ཁ་ལག་བཟོ་ཟེར་ནས་བཤད་དུས། ནོར་བུ་བཟང་མོས་ཨ་ཅེ་ལོ་ལོ། ཁོ་ད་ལྟ་རང་སླེབས་པ་རེད། ངལ་གསོ་རུ་བཅུགས་དང་། ངེད་གཉིས་ཀྱི་ཁྱེད་རང་ལ་རོགས་བྱེད་ཆོག་ཞེས་བར་དུ་བུད། བློ་བཟང་གི་གདོང་དུ་འཛུམ་ཞིག་བླངས་ཀྱིན། མི་སྐྱོན་མི་སྐྱོན་ངས་རོགས་བྱེད་ཆོག་ཟེར་ནས་བཤད་དུས། ལྷ་མོས་ཡ་དེ་ན་འགྲིག་གི ཁྱེད་གཉིས་སོང་དེ་ཁ་ལག་བཟོས་དང་། ང་རང་གིས་ངལ་གསོ་བྱེད་ཆོག་ཟེར་ནས་བློ་བཟང་གི་འགྲམ་གྱི་རྐུབ་སྟེགས་སྟེང་དུ་བཙོག

བློ་བཟང་ལ་རང་དབང་མེད་པར་ཐབ་ཚང་དུ་སོང་དུས། བློ་བཟང་གི་རྒྱབ་ལོག་དུ་ནོར་བུ་བཟང་མོ་ཡང་དེད་ནས་འོང་དུས། བློ་བཟང་གི་སེམས་ནང་དུ་དོགས་པ་ཞིག་ཡོད་སྟབས། ཅུང་ཙམ་བདེ་བོ་མེད་ཀྱང་མི་ཤེས་ཁུལ་བྱས་དེ་ནོར་བུ་བཟང་མོ་ཐབ་ཚང་དུ་འབྱོར་མ་ཐག ཡ་་ ད་འུ་གཉིས་ཀྱིས་ཉིན་གུང་ཁ་ལག་ཁ་རེ་བཟོ་ཞེས་དྲིས་དུས། ནོར་བུ་བཟང་མོས་ཨ་ཅེ་ཁ་ལག་ག་རེ་བཟོ་དགོས་པ་རེད་ཅེས་མོ་རང་གི་ཨ་ཅེ་ལྷ་མོ་ལ་དྲིས།

ལྷ་མོས་བརྙན་འཕྲིན་ལ་བལྟ་ཞོར་དུ། ཞོག་ཁོག་གི་ཚལ་ཞིག་དང་འབྲས་ཤིག་བཙོས་ན་མ་རེད་དམ། བདེ་གྲོལ་ཀྱང་ཡོང་ལ་ཡོད་པ་རེད། མི་དྲུག་བདུན་ཞིག་གི་གྲོད་ཁོག་བགྲང་བ་ཞིག་བཟོས་ཟེར་ནས་བཤད་དུས། བློ་བཟང་གིས་ཐད་ཀར་ཞོག་ཁོག་གི་འབག་པ་གཙང་མ་བཟོས་དེ་ཙོང་གཏུབ་ཞོར་དུ། ནོར་བུ་བཟང་མོ། ཁྱེད་རང་ག་དུས་སློབ་གྲྭ་ནས་ཕྱི་རུ་ཐོན་པ་ཡིན་ཞེས་དྲིས།

ནོར་བུ་བཟང་མོས་ཁ་སང་ཞེས་ལན་བཏབ། བློ་བཟང་གིས་དེས་ན་ཁྱེད་རང་བོད་ནང་ནས་སློབ་གྲྭར་འགྲོ་མྱོང་ཡོད་པ་རེད་མོད། འདི་ནས་ཡང་བསྐྱར་སློབ་གྲྭའི་གོ་སྐབས་རེག་པ་དེར་དམ་འཛིན་གྱིས་སློབ་སྤྱོང་བྱས་པ་ཡིན་ན་མ་རེད་དམ་ཞེས་དབུགས་ཐབ་སྒང་གི་ཚལ་ལང་ནང་དུ་ཞོག་ཁོག་དང་ཙོང་བླུགས་ཀྱིན་བཤད།

ནོར་བ་བཟང་མོས། རེད་རེད། གོ་སྐབས་འདི་འདྲ་རེག་རྒྱུ་དེ་ནི་དངོས་ནས་ལས་སླ་བོ་མ་རེད་མོད། འོན་ཀྱང་། ང་རང་ལ་སློབ་སྤྱོང་བྱེད་པའི་འདུན་པ་དེ་འདྲ་ཤུགས་ཆེན་པོ་མེད་པ་མ་ཟད། ཡི་གེ་ཡག་པོ་ཤེས་མཁན་ཞིག་ཀྱང་མ་རེད་ལ། སློབ་གྲྭའི་ནང་དུ་དེ་ལྟར་ཉིན་མ་འཕྲོ་བརླག་དུ་བཏང་ནས་བསྡད་པ་ཡིན་ན་ཡག་པོ་མི་འདུག་སྙམ་ནས་ཕྱི་རུ་བུད་པ་ཡིན་ཟེར་ཞོར་དུ། འབྲས་ཁྲུས་ཡོད་པ་དེ་དག་དབུགས་ཐབ་སྒང་དུ་བཞག་ནས་མེ་སྤར།

བདེ་གྲོལ་བློ་བཟང་དང་ནང་མི་ཚང་མ་ལྷན་དུ་ཁ་ལག་ཟ་གྲབས་བྱེད་ཀྱི་ཡོད་པའི་སྐབས་ཏག་ཏག་དེར་ནང་དུ་སླེབས་ནས། ཡ་བློ་བཟང་། འདིར་མ་ཡོང་བར་རྒྱུན་རིང་བོར་འགྲོ་སོང་། དེ་རིང་ངེད་ཚང་ལ་མགྲོན་པོ་གསར་བ་གཉིས་ཡོད་པ་ཤེས་ཡོད་པ་མིན་འགྲོ་ཟེར་ནས་ཀུ་རེ་རྩེད་ཞོར་དུ། ཁོ་རང་གི་རྒན་མོ་ལྷ་མོའི་འགྲམ་དུ་བསྡད།

བློ་བཟང་གིས་ཁ་སང་དེ་རིང་ང་རང་ལ་ལས་ཀ་མེད་སྟབས། དུས་ཚོད་ཀྱང་འགྲོ་ཡི་མི་འདུག དེ་ནས་འདི་རུ་ཡོང་བ་ཡིན། གཅིག་བྱས་ན་ཉིན་མ་ཁ་ཤས་ཤིག་གི་རྗེས་སུ་ང་རང་ཕྱོགས་གཞན་ཞིག་ལ་བུད་འགྲོ་ན་ཐང་། མ་སོང་སྔོན་དུ་ཁྱེད་གཉིས་ཡོད་སར་གཅིག་ཡོང་བ་ཡིན་ཟེར་ནས་ལན་འདེབས་ཞོར་དུ། མདུན་ཅོག་སྒང་གི་དཀར་ཡོལ་ཡར་བླངས་དེ་ཟ་མ་ཟ་མགོ་བཙུགས།

བདེ་གྲོལ་གྱིས་མི་གཅིག་པོ་ཕྱིར་སོང་ནས་ཅི་བྱེད། དོ་ནུབ་འདི་རུ་བསྡོད་དང་། ང་ཚོ་ལྷོད་ལྷོད་བྱས་དེ་འདུག ནོ་ནུབ་ཤོག་རྩེད་རྩེད་ནས་སུ་ཤོར་ན་དེ་ལ་ཆད་པ་གཅོད་རེ་བྱས་དེ་འདུག རྗེས་ཕྱོགས་ཁྱེད་རང་ཐག་རིང་ཞིག་དུ་བུད་སོང་ན། ཡུན་རིང་ཞིག་ཐུག་མིན་ཀྱང་མི་ཤེས་ཟེར་ནས་བཤད་འཕྲོ་མ་ལུས་གོང་དུ་ལྷ་མོས་ཀྱང་དེ་བྱོས་ཟེར་ནས་རྒྱབ་ནོན་ཞིག་བྱས།

བློ་བཟང་གིས་བདེ་གྲོལ་བཟའ་མི་གཉིས་ཀྱིས་བཤད་པ་དེར་མོས་མཐུན་བྱས་དེ་མཚན་མོར་དེར་བདེ་གྲོལ་ཚང་ནས་ཞག་འདུག་བྱས།
མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ནམ་རྒྱུན་དུ་ཕེབས་གནང་བ་དེར་སེམས་གཏིང་ནས་དགའ་བཞིན་ཡོད་ལགས།

    ལྷག་པར་དུ་བསེ་རུ་ལགས་ཀྱིས་སྐད་ཆ་དེ་དག་སེམས་སུ་བཟུང་ཡོད། སྐུ་ཉིད་ཀྱིས་སེམས་ཤུགས་ཆག་པ་མིན་པར། དངོས་ནས་དྲ་རྒྱའི་མཐུན་རྐྱེན་མ་འཛོམ་པར་ཡིད་ཆེས་བྱེད་རྒྱུ་ཡིན་ལགས། མཐུན་རྐྱེན་ཇེ་ལེགས་སུ་ཕྱིན་ཉིན། སླར་ཡང་ཐུགས་འགན་འདི་ཉིད་མུ་མཐུད་དུ་བཞེས་རྒྱུར་འབོད་སྐུལ་དང་ཡོད་ལ། རེ་བས་ཀྱང་བརྟས་ཡོད་ལགས།

    Reply
  2. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།
    ངས་སྐུ་ཉིད་ཀྱིས་ཟིན་བྲིས་སྔོན་མ་རྣམས་ལ་ཞུ་དག་བྱེད་ཁཱུལ་གྱིས་དྲ་ཐོག་འདིར་གཡོ་འགུལ་མི་དམན་ཙམ་གཏོང་ཐུབ་པ་ནི་ཁྱེད་ཀྱི་གུ་ཡངས་ཀྱི་ཐུགས་རྗེ་ལས་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད། ད་ལྟའི་ཆར་དྲ་ཐོག་ནས་དྲ་གྲོགས་ཚང་མས་ཡིག་ནོར་གྱི་ཐོག་གང་གཟབ་གནང་གིན་ཡོད་པའི་ཚོར་སྣང་དང་མྱོང་སྣང་ཡང་བྱུང་། ངའི་དམིགས་ཡུལ་ཡང་གང་ཙམ་གྲུབ་སོང་སྙམ།

    ད་ལྟའི་ཆར་ཁོ་བོས་ཉིད་ཀྱི་ཟིན་བྲིས་ཐོག་དམིགས་བསལ་ཞུ་དག་བྱེད་པར་དེ་ཙམ་འབད་བརྩོན་བྱེད་ཀྱིན་མེད། གང་ལགས་ཤེ་ན། སྐུ་ཉིད་ཀྱང་གང་གཟབ་ཀྱིས་ཟིན་བྲིས་དག་སྤེལ་གྱིན་ཡོད་པའི་ཚོར་སྣང་བྱུང་ལ། དེང་སྐབས་ཁོ་བོ་ཡང་ལས་བྲེལ་གྱི་གཞན་དབང་དུ་ཚུད་པ་དང་། དྲ་རྒྱའི་མཐུན་རྐྱེན་དེ་ཙམ་འཛོམས་པོ་མེད་སྟབས། དཀའ་ངལ་ཅུང་ཙམ་འཕྲད་ཀྱིན་འདུག དེ་དོན་ཐུགས་ལ་འཇོག་རོགས།།

    Reply
  3. kangtuk says:
    ལོ་ 17 སྔོན།

    ཡའ་་་་ ད་དེ་སྔ་ནས་དབྱིན་དགེ་དེར་བྲོ་བ་ཞིག་མྱང་ཐུབ་ཡོད་ན་་་་་་
    ཨ་མ་་་་དེ་ཚོ་ལས་ཡག་པ་ཡོད་ཁོ་ཐག་རེད་་་་
    མ་མཐའ་ཡང་བྱིས་པའི་ཨ་མ་མ་རེད།
    ཨ་ཤུ་རེ་གོ་་་་་་ བློ་བཟང་ལས་ངན་པོའི་མོ་ལྡོམ་དེ་ཇི་འདྲིའི་བསྲ་པ་ལ།

    Reply
  4. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན།

    Reply
  5. kkalsang says:
    ལོ་ 17 སྔོན།

    ཨ་རོགས།ད་ཁྱོད་སྒྲུང་འདིའི་ནང་ལ་ཟུག་འདུག་ག
    ཁྱོད་ཀྱིས་འདི་འདྲའི་རིང་མོ་ཞིག་བྲིས་ནས་མཇུག་ཡག་པོ་ཞིག་འཁྱོངས་མིན་ལ་བསམ་བློ་གཏོང་དགོས་ཡ།
    གལ་སྲིད་རིང་མོ་ཞིག་འབྲི་རྒྱུ་ཡིན་ན།ད་དུང་ཕྲིས།ངས་ཉིན་འགར་ཀློག་མ་ཐུབ་མོད།རྗེས་སུ་ཀློག་ཐུབ་བྱེད་རྒྱུ་ཡིན།

    Reply
  6. Baichung says:
    ལོ་ 17 སྔོན།

    འདྲེ་མོ་ཞིག་གི

    Reply
  7. Baichung says:
    ལོ་ 17 སྔོན།

    ཨ་བློ་བཟང་ལས་ངན་བོ་ལ་ཤོད། བྱིས་པ་གསུམ་རེའི་ཨ་མ་ཡིན་ནི་ཞིག་ད་དུང་བདག་མེད་དུ་ལྷག་ཡོད་ན་དེ་བཟང་ང་མིན་ནོ་ཕལ་ཆེར་ཁོ་ཐག་ཡིན་རེད། སྤྱིར་བོད་པའི་བུ་མོའི་རབ་འབྲང་གི་དབྱེ་བ་དགར་ན་འདི་ལྟར་དེ། བོད་ནང་གི་བོད་ཀྱི་སྐད་དང་ཡི་གེ་གཙོ་བོ་བཟུང་ནས་སློབ་ཆེནཐོན་པའི་ཤེས་འཇོན་ཉིས་ལྡན་པ་རིགས་གཅིག་ཡོད་རེད དེ་དག་རབ་ཀྱི་རིགས་རེད་ལ་བརྒྱ་ཡི་ནང་གི་གཅིག་དང་གཉིས་མ་གཏོགས་བློ་སྙིངབྲང་གསུམ་་གཏད་རུང་བའི་རིགས་རེད། ཁྱིམ་ཐབ་ཏུ་རེག་ན་ཁྱོད་རང་གི་མི་ཚེའི་བསོད་ནམས་ཡིན་པ་མ་ཟད། མ་འོངས་བར་རང་གི་ཕུགས་བསམ་བསྒྲུབ་པའི་གཞོགས་འདེགས་མི་ཡོང་བའི་སེམས་འཁྲལ་དགོས་ནི་མ་རེད།
    བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེར་བྱང་།།
    དུས་རབས་ཤིག་གི་དགོས་མཁོ་བློ་ན་གསལ།།
    ཐུང་ཐུང་མི་ཚེའི་ལམ་ཆེན་འདི་ཡི་ནང་།།
    རང་འགོ་མི་ཐོན་སེམས་ལ་དོགས་པ་མེད།།

    ཡང་མིན་ཞིང་འབྲོག་ས་ཁུལ་ཡི་གེ་གཅིག་ཀྱང་མི་ཤེས་མཁན་ཐ་ན་གྲོང་ཁྱེར་ཆེ་སར་འགྲོ་མ་མྱོང་མཁན་རིགས་གཅིག་ཡོད་རེད་དེ་ཚོ་འབྲང་རེད་ཁྱོད་ཀྱི་རླབས་ཆེ་བའི་བྱ་བཞག་ལ་རོགས་འདེགས་མི་ནུས་རུང་མི་ཚེ་གཅིག་འདིར་་ཁྱོད་ལ་བློ་གཅིག་སེམས་གཅིག་ཡིན་ནི་རེད།
    ལྟ་བརྒྱ་ཐོས་བརྒྱའི་ཕྱུགས་པོ་མིན་ན་ཡང་།།
    ཡ་རབས་སྤྱོད་པ་ཞིག་གི་རྒྱན་ཆ་འདོགས།།
    དྲིན་ལྡན་ཕ་མའི་གསུངས་ནི་གསེར་ལ་ལྟ།།
    མི་ཚེའི་གཏན་གྲོགས་སྙིང་གི་ནོར་བུར་རྩི།།
    མཐའ་མ་དེ་ཟ་ཚང་མང་པོར་འཐོར་མྱོང་མཁན། སློབ་གྲྭ་ཆེ་སར་ཡིག་རྒྱུག་མ་ལོན་པར།
    རྒྱ་སྐད་ཁུང་འཁྱོལ་མི་ཤེས་རུང་གོ་བརྡ་འཕྲོད་པས་གྲོང་ཁྱེར་འགྲིམས།།
    ཕ་མའི་ངག་ལ་མི་རྩི་ལ་ཕྱུག་ལས་ཞིང་ལས་བྱ་འདོད་མེད།།
    མོ་སྒོ་དེ་ཙམ་མེད་ན་ཡང་སྐེག་རྩི་གང་དགོས་འདེམས་ལ་མཁས།།
    སྐྱེས་གཟུགས་མཛའ་རྒྱུ་མེད་ཀྱང་རུང་ཕོ་བརྒྱ་འགུག་པའི་བློ་རིགས་ལྡན།།

    དང་པོ་ཐུག་གི་དུས་སུ་ཡང་མཛངས་མ་ཞིག་གི་ཁྱད་ཆོས་ཡོད།།
    བར་དུ་འགྲོག་པའི་སྐབས་དེ་ལ་འདྲེ་མོ་ཞིག་རྣམ་འགྱུར་ཡོད།།
    དངུལ་ཁུག་སྟོང་ལ་ཉེ་བའི་དུས་ཁོང་ཁྲོ་ཉིན་རེར་ཇེ་ཆེ་ཡིན།།
    སྒོར་མོ་ཚང་མ་རྫོགས་སོང་ན་མི་མཐོང་ནམ་མཁའི་འཇའ་ལྟར་ཡལ།།
    ཨོ་ཡ་བློ་བཟང་གི་སེམས་ཆུང་མ་བྱས་ན་བཙན་བྱོལ་དུ་ཕེབས་ཡོད་པའི་ནང་དེ་དག་རིགས་ཀྱི་བརྒྱ་ཆ་དྲུག་བཅུ་བདུན་བཅུ་ཟིན་ཡོད་རེད། བུ་མོ་གཅིག་ལ་འབྲེལ་བ་མ་མྱོང་བའི་ཕོ་གསར་བློ་བཟང་ཟབ་ཟབ་བྱོས་ཤོད། ངས་ལྟས་ན་ཤེས་འཇོན་ཉིས་ལྡན་གྱི་དབྱིན་དགེ་མ་དེ་ཧྲ་གི་གོ

    Reply
  8. kawakarpo says:
    ལོ་ 17 སྔོན།

    མི་རྐྱང་བློ་ཁོག་ཇེ་ཆེ་རེད་ལ། སེམས་ཆུང་བྱོས་མ་གཏོགས་རྐང་བ་འདམ་བག་ནང་ལ་ཟུག་རྗེས་ཕྱིར་ལེན་རྒྱུ་དཀའ་མོ་རེད་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese