མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

ཞེ་གཉིས།


རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས་ཁ་པར་མར་འཇོག་ཞོར་དུ། ངོ་འདོག་ཀྱང་ལོག་ནས། འཚོ་མོ་ད་འགྲིག་མི་འདུག བློ་བཟང་ལམ་ཁ་ནས་འཛིན་བཟུང་བྱས་འདུག ཁ་པར་འདི་ཁ་ལོ་བའི་ང་རང་ལ་ས་ཁུལ་དེ་ནས་བཏང་བ་རེད། ད་ནངས་བློ་བཟང་ལ་རྒྱབ་ཁུག་ནང་གི་དཔེ་ཆ་དེ་ཚོ་འདི་ནས་སྐྱུར་དེ་སོང་། རྗེས་ཕྱོགས་མི་བརྟན་པོ་རེ་ཡོང་ནི་ཡོད་དུས་སྐུར་ཆོག་ཞེས་བཤད་ཀྱང་། ཉན་མ་སོང་། ད་དེབ་དེ་དག་ལ་ཁག་བཞག་ནས་བཟུང་འདུག མགྱོགས་པོ་འཇིགས་གྲོལ་ཚང་གི་ཁ་པར་ཨང་གྲངས་དེ་འཚོལ། ང་སོང་ནས་ཁ་པར་ཞིག་རྒྱག མགྱོགས་པོ་ཐབས་ཤེས་ཤིག་བྱས་པ་ཡིན་ན་ཐབས་ཤེས་འདྲ་ཡོད་སྲིད་ངེས་ཡིན།

ཨ་རོགས། འཇིགས་གྲོལ་ཡིན་ནམ།
ཡིན།
ང་འཚོ་མའི་རྒན་པོ་ཚེ་རིང་དོན་འགྲུབ་ཡིན།
ཨོ་རེད། དྲིན་ཆེན་ཁྱེད་གཉིས་ཀྱིས་ངའི་བུ་ལ་ཤུ་རེ་བྱོས་པ་ཐུགས་རྗེ་ཆེ།
དེ་ཟེར་དགོས་པ་མ་རེད།


དབུགས་རིང་ཞིག་འཕུད་ཞོར་དུ། འཇིགས་གྲོལ་ད་འགྲིག་མ་སོང་། ད་ནངས་ལམ་དུ་ཆས་ཁར་ཟེར་ནས་གཏམ་ངན་དེ་དག་བློ་བཟང་གི་ཕ་རྒན་འཇིགས་གྲོལ་ལ་སྔ་གཞུག་གི་བྱུང་རིམ་དག་ཞིབ་དུ་བཤད་དུས། འཇིགས་གྲོལ་གྱིས་ད་དངོས་ནས་མ་འགྲིག་པ་རེད། ང་རང་གིས་འདི་ནས་གང་བྱེད་དགོས་མིན་བསྐོར་ལ་ཉེན་རྟོག་བདེ་འཇག་ལས་ཁུངས་དུ་ང་ཚོའི་སྡེ་བ་གཅིག་པའི་མི་ཞིག་ཡོད་ནི་རེད། ང་རང་མགྱོགས་པོ་སོང་དེ་ཁོ་རང་ལ་སྐད་ཆ་དྲིས་པ་ཡིན་ན་ཐབས་ཤེས་འདྲ་རྙེད་སྲིད་ངེས་ཡིན་ཟེར་ནས་ཁོ་གཉིས་ཀྱིས་བཤད་མཚམས་བཞག

བློ་བཟང་གི་ཕ་རྒན་འཇིགས་གྲོལ་གྱིས་གཏམ་ངན་དེ། རང་གི་རྒན་མོ་སྒྲོལ་མ་འཚོ་ལ་་བཤད་དུས། བློ་བཟང་གི་ཨ་མ་སྒྲོལ་མ་འཚོས་སྐད་ཆ་དེ་གོ་བ་དང་མིག་མཐའ་མཆི་མས་བཟུང་དེ། ངུས་པ་དང་མཉམ་དུ། འདི་ང་ལན་ནི་ཡིན། ཡིན་གཅིག་མིན་གཅིག་བོད་དུ་ཡོང་རོགས་ཟེར་ནས་ཁ་པར་སླེབས་ཐེངས་རེར་དེ་ལྟར་བཤད་པ་ཡིན་ཟེར་ནས་ངུས་དུས། བློ་བཟང་གི་ཕ་རྒན་བདེ་གྲོལ་གྱིས་ངུས་ནས་ཡོང་རྒྱུ་འདྲ་ཡོད་ནི་མ་རེད། དེ་ལས་ཁྱེད་རང་གིས་ངའི་སྤག་སྤག་གི་ལྡེ་མིག་འཁྱེར་ནས་ཤོག་དང་། ངའི་གོན་རྒྱུ་འདི་བརྗེ་བོ་ཞིག་བརྒྱབ་དེ། རྫོང་ཐོག་དུ་སོང་དེ་ང་ཚོའི་སྡེ་བའི་ནང་གི་ཉེན་རྟོག་བདེ་འཇག་ལས་ཁུངས་སུ་ལས་ཀ་བྱེད་བཞིན་པའི་ཚོགས་གཞོན་འཕགས་པ་སྐྱབས་ལ་དེའི་བསྐོར་ལ་ཐབས་ཤེས་འདྲ་ཡོད་མེད་ཅིག་གསལ་བོ་ཞིག་དྲིས་དེ་འོང་།

བློ་བཟང་གི་ཨ་མས་ངུ་མཚམས་བཞག་མེད་ཀྱང་། བློ་བཟང་གི་ཕ་རྒན་གྱིས་བུད་མེད་ཚོའི་གསེང་ན་ངུ་རྒྱུ་མ་གཏོགས་མེད། དངོས་ནས་གང་བྱེད། རྣམ་དོག་བླངས་བྱེད་དེ་འདྲ་བྱེད་ཀི་མ་འདུག ཤི་སོང་ནི་མ་རེད། འཛིན་བཟུང་བྱས་པ་དེ་ཙམ་ལ་ངུས་ནས་ཡོང་རྒྱུ་གང་ཡོད། ངུ་མ་ཡོང་། སྡེ་བའི་ནང་གི་མི་ཚོས་གོ་ན་རྣམ་དོག་ཟ་ངེས་ཡིན་ཟེར་ཞོར་སྤག་སྤག་གི་དུ་བ་སྔོ་ཤུར་རེ་རྫོང་ཐོག་ལ་ཕྱིན་རྗེས་སུ། ཨ་མ་སྒྲོལ་མ་འཚོས་མཆོད་ཁང་དུ་སོང་ནས། སྟོན་པའི་ཐང་ག་དེའི་མདུན་དུ་མཆོད་མེ་རྐང་གཅིག་སྒྲོན་ནས། དཀོན་མཆོག་གསུམ་པོ་མཁྱེན། ངའི་བུ་བློ་བཟང་ལ་བར་ཆད་མེད་པར་ཤོག་ཟེར་ནས་ངུ་ཞོར་དུ་སྨོན་ལམ་བཏབ།

རྫོགས་སོ།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

མཆན། 5

  1. tashi gonpo says:
    ལོ་ 16 སྔོན།

    ཁྱེད་ཀྱི་བློས་གཏོང་དང་
    ངང་རིང་གི་སྒྲུང་འདིའི་འགོ་འཇུག་སྐྱོང་གནང་བར་དགའ་བསུ་དང་
    མི་རིགས་ཤིག་གི་ངོས་ནས་གལ་ཆེན་དུ་མཐོང་སྟེ་ཐུགས་རྗེ་ཆེ་ཞཱུ

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། བཀའ་སློབ་དང་འདྲ་མིན་ཞིག་འཁྱེར་ཡོད་མཁན་དེ་ནི་བློ་བཟང་ཡིན་མིན་ཤེས་ཚོད་མི་འདུག ངས་ག་ལེར་རྩར་གཅོད་ཞིབ་མི་བྱེད་ཀྱི་ཡོད། རྩར་གཅོད་སོང་བ་ཡིན་ན། རྗེས་སུ་འབྲི་ངེས་ཡིན།

    བསྟན་པ་ཡར་འཕེལ་ལགས། ཉིད་ཀྱིས་རྩོམ་སྐུལ་གསལ་བརྡ་ཁྱེད་ཚང་ནས་ཀྱང་ཀློག་ཟིན་པ་ཡིན་ལ། འདི་ནས་ཀྱང་ཀློག་ཟིན་པ་ཡིན། ང་རང་གི་ཟིན་བྲིས་ནང་དུ་བློ་ལ་འབབ་པའི་རྩོམ་ཡིག་རེ་ཡོད་ན་འཁུར་ནས་སོང་ན་འགྲིག

    གཅན་བཟོད་རྒྱམ་ལགས། ཉིད་ཀྱིས་དགོངས་ཚུལ་དང་སྐུལ་མ་གནང་བ་སེམས་སུ་བཟུང་ཡོད།

    Reply
  3. chentsasopa says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་དངོས་སྒྲུང་ཚན་པ་ཞེ་གཉིས་པོ་ཡོངས་རྫོགས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    ད་ནི་ཁྱོད་ཀྱིས་ཀྱང་བརྗོད་གཞི་གསར་པའང་ཡང་ན་གཞན་གི་སྟེང་ནས་རྩོམ་ཡིག་མུ་མཐུད་ནས་འབྲི་རྒྱུ་དང་། གཞན་བདག་གི་རེ་བར་ཁྱེད་ཀྱིས་བྲིས་ཚར་བའི་གོང་གི་དངོས་སྒྲུང་འདི་མགོ་ནས་མཇུག་པར་དུ་ཞིབ་ཚགས་ཐེངས་གཅིག་ཀློགས་ཤིག་ཅེས་ཀྱང་སྐུལ་བར་འདོད་དོ།།

    Reply
  4. tenpayarphel says:
    ལོ་ 16 སྔོན།

    མཁྱེན་ཡངས་རྩོམ་པ་པོ་རྣམས་ལ་ཕུལ་བའི་ཞུ་མཆིད།

    མཁྱེན་ཡངས་རྩོམ་པ་པོ་རྣམས་ལ་གསོལ་དོན། འཛུམ་རྩོམ་སྒྲིག་ཚོགས་ཆུང་ནས་རྒྱུན་སྤེལ་ཞུས་པའི་༼འཛུམ།༽ དུས་དེབ་༢༠༡༠ ལོ་འགོར་སྤེལ་རྩིས་ཡོད་པས་ཕྱོགས་དང་ཕྱོགས་སུ་བཞུགས་པའི་མཁྱེན་ལྡན་རྣམས་ཀྱིས། རྩམ་སྒྲུང༌། དཔྱད་རྩོམ། ལྷུག་རྩོམ། བཅད་རྩོམ། གསར་རྩོམ། ནང་ཆོས། ཚན་རིག རིག་གནས། ལོ་རྒྱུས་བཅས་དོན་སྙིང་ལྡན་པའི་རྩམ་ཆོས་ཇི་སྙེད་ཅིག་ལྷུག་སྩོལ་ཡོད་པ་མཁྱེན།

    རྩོམ་པ་པོ་རྣམས་ཀྱིས་ཐུགས་སྣང་འོས་པའི་གནད་དོན་ཁག་ཅིག

    ༡ རྩོམ་ཡིག་གི་བརྗོད་བྱེད་ཚིག་རྣམས་ཡོངས་གྲགས་ཀྱི་བརྡ་སྤྲོད་དང་མཐུན་པར་དག་བཅོས་
    བྱེད་ངེས་པས་གལ་ཏེ་དམིགས་བསལ་གྱི་དགོས་པ་ཅན་ཡོད་ན་ཟུར་མཆན་འགོད་རོགས།
    ༢ རྩོམ་ཡིག་གི་ཁ་བྱང་དང་འབྲེལ་བའི་མཛེས་དཔྱོད་རིན་ཐང་ཅན་གྱི་བརྙན་རིས་འགོད་འདོད་ཡོད་ན་
    བརྙན་རིས་དེ་ཉིད་ཐད་ཀར་བསྐུར་བའམ། ཡང་ན་འོད་སྡེར་ནང་དུ་བཅུགས་ཏེ་བསྐུར་རོགས།
    ༣ རྩོམ་ཡིག་རྣམས་གཤམ་གསལ་གྱི་གློག་འཕྲིན་ཁ་བྱང་བརྒྱུད་སྨོམ་ལམ་ཡིག་གཟུགས་སུ་བསྐུར་རོགས།
    ཡང་ན་གཤམ་གྱི་ཁ་བྱང་ཐོག་སྦྲག་བརྒྱུད་ནས་བསྐུར་དགོས།
    ༤ འདིར་བསྐུར་བའི་རྩོམ་ཡིག་གི་མ་ཕྱི་འདིར་ཉར་ངེས་ཡིན་པས་དེ་ལུགས་ཐུགས་འཇགས་འཚལ།
    Lobpon Choeying (shedra)
    Sherabling P.O upper Bhattu
    Bajnath Distt Kangra H.P
    Pin no: 176125
    phone: 09418350696/09418420288
    E-mail: zum25ec@yahoo.com

    Reply
  5. Baichung says:
    ལོ་ 16 སྔོན།

    ཨོ་ད་མ་བཟང་། ཁོས་བཀའ་སློབ་དང་འདྲ་མིན་ཁྱེར་ཡོད་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese