མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་རྒྱ་ནག་ལ་བཤད་པའི་སྐད་ཆའི་ནང་དོན་འདི་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨོ་བྷ་མས་སྐད་ཆའི་ནང་དོན་འདི་རེད། མི་ལྷམ་མགོ་མེད་མཁན་ཞིག་གི་ལོ་རྒྱུས་ཙམ་ཞིག་ཐོས་པ་རྒྱུ་མཚན་དུ་བྱས་དེ། ཁྱེད་ཀྱིས་མི་དེ་ལ་ལྷམ་མགོ་ཞིག་སྤྲོད་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཟེར་བ་དང་ཁྱད་པར་མི་འདུག དེ་ནི་ཁ་ཡག་ཞིག་ལས་དོན་དངོས་ལག་ལེན་ལ་འདེབས་དགོས་པའི་སྐད་ཆ་ཞིག་མིན། དེ་མིན་ཁོ་རང་གིས་དངོས་ནས་མི་དེ་ལ་ལྷམ་མགོ་མེད་པའི་ན་ཟུག་དང་ལྷམ་མགོ་མེད་པར་འགྲོ་མཁན་གྱི་མི་དེ་ཡི་ན་ཟུག་དངོས་དེ་མི་དེར་བཤད་ཐུབ་མེད་པ་ཡིན། གང་ཡིན་ཟེར་ན་རང་གི་ལྷམ་མགོ་གཙང་མ་བཟོ་བ་དང་། རང་ལ་ལྷམ་མགོ་གསར་བ་ཞིག་གོན་རྒྱུར་འདུན་པ་ཡོད་པ་དང་། ལྷམ་མགོ་གསར་བ་གྱོན་མཁན་གྱི་མི་དེ་ལ་ཁྱེད་རང་གི་ལྷམ་མགོ་གསར་བ་དེ་ང་རང་གིས་ཀྱང་གོན་འདོད་ཡོད་ཟེར་བ་དེ་ཙམ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. minyak kalsang says:
    ལོ་ 15 སྔོན།

    རྒྱ་གཞུང་གིས་བལ་ཡུལ་དུ་བོད་དོན་ལས་འགུལ་བཀག་འགོག་ཆེད་གོ་མཚོན་ཁོ་ནའི་ཆེད་དུ་ཧིན་སྒོར་ས་ཡ་བརྒྱ་ཡི་རོགས་དངུལ་བྱས་པ་དང་། འབྱུང་འགྱུར་ལོ་རེའི་ནང་ཧིན་སྒོར་ས་ཡ་༡༦༠༠ རོགས་རམ་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་མ་ཟད། བལ་བོད་གཉིས་ཀྱི་ས་མཚམས་སུ་དམག་དཔུང་འཕར་སྣོན་སོགས་ཀྱིས་དམ་དྲག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད་ཅེས་བོད་ཀྱི་བང་ཆེན་ལས་བཤུས་པ་ཡིན། ད་ནི་ང་ཚོས་ཀྱང་གྲ་སྒྲིག་ཅིག་བྱ་དགོས་པའི་དུས་ལ་བབས་ཡོད་པ་འདྲ། གལ་ཏེ་ང་ལ་དམག་འཐབ་བྱ་རྒྱུའི་དྲག་རྩལ་གྱི་སྦྱོང་བརྡར་ཞིག་ཡོད་པ་ཡིན་ན་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་ཀྲུ་རྩ་མེད་དུ་གཏོང་འདོད་པ་ཡིན། ཡིན་ན་ཡང་གོ་སྐབས་ཤིག་བྱུང་ན་ཟིང་འཁྲུག་ཐེངས་ཤིག་གིས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་རེ་སྐུལ་ཞིག་མ་ཞུ་ཀ་མེད་ཡིན། ནེ་པ་ལི་ཐལ་བའི་རྡུལ་བཞིན་བརླགས་བར་སྨོན།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    འོ་ཐིགས་མ་ལགས། ཉིད་ཀྱིས་འཚམས་འདྲི་གནང་བ་དེར་ཐུགས་རྗེ་ཆེ་ལགས། ལྷག་པར་དུ་རང་གི་གང་བསམ་པ་འདི་རུ་བྲིས་པ་དེ་བས་ཀྱང་དགའ་བོ་བྱུང་ཡོད། རེད་དེ། ད་དུང་ཉིད་ཀྱིས་ཀྱང་བསམ་བློ་ཞིབ་ཚགས་པོ་གཏོང་དགོས་ས་མི་ཉུང་བ་ཞིག་ཡོད་པ་ལྟ་བུ་ཞིག་བདག་གིས་མཐོང་གི་མཐོང་སོང་ལགས། ད་རེབས་ཀྱི་བསམ་ཚུལ་ཀློག་རྗེས། ཁྱེད་རང་ནི་དངོས་ནས་རེ་བ་ཅན་གྱི་བུད་མེད་ཅིག་ཡིན་པར་བདག་གི་ཡིད་ཆེས་བྱེད་ཀྱི་ཡོད། བུ་རྒོད་མ་ཤུ་རེ་བྱོས།

    Reply
  3. othik says:
    ལོ་ 15 སྔོན།

    དྲ་གྲོགས་བོད་མིང་བ་ལགས། འཚམས་འདྲི་ཞུ།
    རྒྱལ་ཁབས་སུ་ཞིག་གི་སྲིད་འཛིན་ནམ་ཡང་ན་སྐུ་ཚབ་ཞིག་གིས་བོད་འདི་རྒྱ་ནག་གི་
    ཆ་ཤས་སུ་བགྲང་བ་དེ་ལ་འཛམ་གླིང་མི་དམངས་སུས་ཀྱང་གདེང་འཇོག་བྱེད་མིན་དེ་
    གཙོ་བོ་བོད་པ་ཚང་གིས་འཛམ་གླིང་མི་དམངས་ལ་བོད་འདི་རྒྱ་ནག་གི་ཆ་ཤས་
    མིན་པའི་གོ་རྟོགས་ཅི་ཙམ་སྤེལ་ཐུབ་ཡོད་མེད་ལ་རག་ལས་ཡོད་པ་ལས།
    སྲིད་འཛིན་གྱིས་ངོས་ལེན་ཙམ་གྱི་ཚིག་གིས་ཐག་ཆོད་ཐུབ་པ་ཞིག་མ་རེད་བསམས་ཡོད།
    རྒྱུ་མཚན་་་ད་ལྟའི་འཛམ་གླིང་གི་རྒྱལ་ཁབས་ཚང་མ་ཚོང་དང་དཔལ་འབྱོར་གྱི་དབང་དུ་
    བཟུང་ཡོད་པས། ཁེ་བཟང་གང་ལ་ཆེ་བ་ཡོད་ན་དེ་ལ་རང་བཞིན་གྱིས་ཕྱོགས་འགྲོ་ཡི་ཡོད་རེད།
    དེའི་སྟབས་ཀྱིས་དྲང་བདེན་དང་དངོས་ཡོད་ལས་སྒོར་མོ་དང་དཔལ་འབྱོར་གྱི་སྟོབས་ཤུགས་
    ཆེ་བ་ཡོད་པ་ཤེས་གསལ་རེད།
    དེ་ཡིན་དུས་བོད་དོན་ཐོག་གོ་རྟོགས་ཡོད་མཁན་ཞིག་གིས་སྲིད་འཛིན་ཨོ་བྷ་མས་བོད་
    དོན་ལས་རང་དོན་གདམས་སོང་བར་བསམས་སྲིད་ཅིང་བོད་དོན་ཐོག་གང་ཡང་
    མི་ཤེས་མ་གོ་མཁན་ཞིག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་འདུག་སྙམ་ཀྱང་སྲིད།
    གང་ལྟར་དེ་དག་བསམ་ཚུལ་རེད། ང་ཚོ་ལ་དགོས་པ་དེ་ལག་ལེན་རེད།
    ལག་པ་རིམ་ལ་བཅུགས་ནས་སྐད་ཆ་རྫིགས་པོ་བཤད་མཁན་ཡོད་ན།
    ཕན་ཐོག་ཡོད་པ་དེ་ལེན་དགོས་པ་རེད། ཕན་ཐོག་མེད་ན་དོར་ཐུབ་ན་ཡག་ཤོས་རེད།
    འཛམ་གླིང་གི་གདེང་འཇོག་དགོས་ན་བོད་པ་ཚང་རང་ཉིད་ལ་རང་ཚུགས་དང་ཡིད་
    ཆེས་བརྟན་པོ་ཞིག་དགོས་པ་ལས། རེ་བ་རྐྱང་རྐྱང་གི་ཁྲོད་ནས་རོགས་རམ་དང་རྒྱབ་བསྐྱོར་
    ལ་སྒུག་བསྡད་པ་ཡིན་ན། བོད་རྒྱ་ནག་གི་ཆ་ཤས་མིན་ཡང་ཆ་ཤས་སུ་འགྱུར་རྒྱུ་དེ་རེད།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    གཅེན་པོ་ལགས། བདེ་ཐང་ཡིན། འཚམ་འདྲི་གནང་བ་ཐུགས་རྗེ་ཆེ་ལགས། འཛམ་གླིང་གི་ཞི་བདེ་གཟེངས་རྟགས་གསར་དུ་བཞེས་རྒྱུར་ཉེ་བའི་ཞི་བདེའི་དེད་དཔོན་གྱི་མིང་ཡོད་མཁན་ཞིག་གིས་སྐད་ཆ་དེ་འདྲའི་ཁུངས་མེད་ཅིག་གསུངས་དུས། ད་ནི་འཛམ་གླིང་གི་སྲིད་འཛིན་པ་སུ་ལ་ཡང་རེ་བ་ཞིག་བྱེད་ས་མེད་པ་ནི། བོད་མི་མང་གིས་ཤེས་རན་རེད་འདུག

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    འོ་ཐིགས་ལགས། དེས་ན་ཨོ་བྷ་མས་སྐད་ཆ་དག་ལ་རྩ་བ་འཛིན་མི་རུང་ན། རྒྱའི་སྲིད་གཞུང་གི་དཔོན་ངན་དེ་དག་གི་སྐད་ཆ་དེ་བས་ཀྱང་གནད་ལ་འཛིན་མི་རུང་བ་ནི་འུ་ཅག་གིས་ཤེས་གསལ་རེད། དེས་ན་ཁྱེད་ཀྱིས་བལྟས་ན་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེ་ཟེར་ནས་འཛིན་གླིང་གི་སྲིད་འཛིན་སུས་བཤད་ཀྱང་དེ་ལ་གདེང་འཇོག་བྱེད་མཁན་གྱི་འཛམ་གླིང་མི་དམངས་ཤིག་ཡོང་མི་སྲིད་དམ་ལགས།

    Reply
  6. tsekyis says:
    ལོ་ 15 སྔོན།

    ཁམས་བཟང་ཤ་ཁྲག་ལགས།
    ཨོ་བྷ་མས་བོད་རྒྱ་ནག་གི་ཆ་ཤས་རེད་ལབ་པ་ནི་ཁུངས་ལུང་མེད་པའི་ཆལ་གཏམ་ཞིག་དང་ཁྱད་པར་མི་འདུག
    ཡིན་ན་ཡང་དགོས་པ་རྒྱུ་མཚན་གང་ཡིན་མ་ཤེས་པས།
    རྒྱ་གར་གྱི་སྲིད་འཛིན་ནི་རོའི་གཏམ་དང་གཅིག་པ་ཡིན་མིན་ཐེ་ཚོམ་ཆེ།

    Reply
  7. othik says:
    ལོ་ 15 སྔོན།

    ལགས་སོ་དྲ་གྲོགས་བོད་མིང་བ་ལགས།
    ངས་བོད་ལ་རྒྱ་ནག་གི་བཙན་འཛུལ་ཐེབས་པ་ནས་བོད་འདི་རྒྱ་ནག་གི་ཆ་ཤེས་སུ་ངོས་ལེན་བྱས་ཡོད་ལབ་པ་མིན། སྐབས་དེ་ནས་བཟུང་དེ་བོད་འདིས་ཁས་མི་ལེན་བཞིན་དུ་རྒྱ་དམར་པོའི་དབང་འོག་ན་བསྡུས་བསྡད་ཡོད་པ་དེ་འཛམ་བུ་གླིང་གི་མིག་སྔ་རུ་བསྟན་བསྡད་ཡོད་པ་རེད། དེའི་སྟབས་ཀྱིས་ད་ལྟ་རྒྱ་ནག་གིས་ཨ་རིའི་སྲིད་འཛིན་གྱིས་ངོས་ལེན་བྱས་པའི་སྐད་ཆ་དེ་གང་སར་ཁྱབ་བསྒྲག་བྱེད་བཞིན་པའི་སྐབས་འདིར། ང་ཚོས་ཀྱང་སྐད་ཆ་དེ་ཚབ་ཆེན་དུ་བརྩིས་པ་ཡིན་ན། གནོང་མི་དགོས་བཞིན་དུ་རང་གནོང་བསྟན་པ་དང་གཅིག་པ་རེད།
    ང་ཚོས་ད་ལྟའི་ཆར་བོད་འདི་རྒྱ་ནག་གི་ཆ་ཤེས་མིན་ཞེས་རྩོད་ཀྱི་ཡོད་པ་མ་རེད།
    ང་ཚོས་ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་དེ་འཛམ་བུ་གླིང་ལ་ར་སྤྲོད་བྱེད་དགོས་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་བདེན་པ་དེ་ལ་ངོས་ལེན་ཐོབ་དགོས་ཀྱི་ཡོད་པ་རེད།
    དེ་ཡིན་དུས་ང་ཚོས་སྐད་ཆའི་གནད་འགག་རྟོགས་པ་ཡིན་ན། རང་ཉིད་ཀྱི་ལང་ཕྱོགས་དེ་བརྟན་པོ་ཡོང་གི་རེད་སྙམ་ཡོད།
    གང་ལྟར་ངས་ཨོ་བྷ་མའི་སྐད་ཆ་དེ་གནད་འགག་ཅན་དང་ཚབ་ཆེན་ཞིག་དུ་ངོས་འཛིན་བྱེད་རྒྱུ་མིན་ལབ་པ་དེ་ཡིན། སྐད་ཆ་དེ་ལ་རྒྱ་ནག་དགའ་ཡོད་ཀྱང་དགའ་སྟངས་མ་ཤེས་པ་རེད་ཅེས་བརྗོད་འདོད།

    Reply
  8. sha tak ri sim says:
    ལོ་ 15 སྔོན།

    འོ་ཐིགས་མ། བོད་ཡིག་གི་སྟེང་དུ་འདས་མ་འོངས་ཀྱི་དབྱེ་བ་ཡོད་པ་རེད། ངས་ཀྱས་ལོས་ཤེས། དེ་བཞིན་དབྱིན་ཡིག་གིས་འདས་ཚིག་དང་ད་ལྟ་བ་གང་ཞིག་བེད་སྤྱད་ཀྱང་། བོད་འདི་རྒྱ་ནག་གི་མངའ་ཁུངས་སུ་ཁས་ལེན་པ་དེ་ནི་ནོར་འཁྲུལ་དང་བདེན་པ་ཞིག་མིན་པས་ངས་དེ་ལྟར་བཤད་ཀྱི་ཡོད། དེས་ན་བོད་འདི་༡༩༥༩ལོ་ནས་བཟུང་དེ་བོད་འདི་རྒྱ་ནག་བཙན་འཛུལ་ཐེབས་པ་ནས་བཟུང་དེ་བོད་འདི་རྒྱ་ཁུངས་ཡིན་པར་ཁས་ལེན་བྱེད་ཀྱི་ཡིན་ན། ང་ཚོས་བཙན་བྱོལ་གཞུང་ཞིག་འཛུགས་དགོས་དོན་མེད་ལ། བོད་པ་ཚོ་མུ་མཐུད་དུ་བཙན་བྱོལ་དུ་བྲོས་དེ་ཡོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ནང་ཁུལ་གྱི་རང་དབང་ཡོད་མེད་ཙམ་ཞིག་ཁོ་ན་གླེང་བཞིན་ཡོད་ན་ནི། ནང་ཁུལ་གྱི་རྩོད་རྙོག་ནང་ཁུལ་སེལ་དགོས་པ་རེད་ཅེས་རྒྱ་ནག་གི་དུས་རྒྱུན་བཤད་པ་ལྟ་བུ་རེད། བཙན་འཛུལ་ཐེབས་པ་དང་མངའ་ཁུངས་ཟེར་བའི་ཚིག་འདི་གཉིས་གཞན་གྱིས་དབྱེ་བ་མི་བྱེད་ཀྱང་། ང་ཚོས་ཀྱང་གཞན་ལ་ལད་མོ་བྱས་པ་ཡིན་ན། ང་ཚོ་བཙན་བྱོལ་དུ་གཞུང་ཞིག་དགོས་དོན་ཡོད་པ་མ་རེད།

    Reply
  9. othik says:
    ལོ་ 15 སྔོན།

    ཨོ་བྷ་མས་སུ་བཅོས་རོགས།

    Reply
  10. othik says:
    ལོ་ 15 སྔོན།

    སྲིད་འཛིན་ཨོ་བྷ་མའི་༼ བོད་རྒྱ་ནག་གི་ཆ་ཤེས་རེད།༽ ཅེས་པའི་སྐད་ཆ་དེ་གནད་འགག་དེ་ཙམ་མཐོང་གི་མི་འདུག
    ཨོ་བྷ་མས་(tibet is a part of china) ལབ་འདུག
    ཡིན་ཡང་ནེ་རོ་ཡིས་(tibet was a part of china )ཞེས་བཤད་ཡོད་པ་རེད།
    འདི་གཉིས་ཀྱི་དབར་ལ་ཆད་པར་ཆེན་པོ་ཞིག་ཡོད་པ་རེད།
    དབྱིན་ཡིག་(is ) ཡིས་ད་ལྟ་བ་བསྟན་གྱི་ཡོད་པ་རེད། ད་ལྟའི་ཆར་བོད་རྒྱ་ནག་གི་ཆ་ཤེས་སུ་གྱུར་འདུག་ཡོད་པ་འཛམ་བུ་གླིིང་གི་མཐོང་བཞིན་པ་དེ་དངོས་ཡོད་རེད། སྐད་ཆ་དེས་འདས་ཟིན་པའི་ལོ་རྒྱུས་སོགས་ནས་ཆ་ཤེས་སུ་གྱུར་ཡོད་མེད་གྱི་སྐད་ཆ་བཤད་ཡོད་པ་མ་རེད། ཡིན་ཡང་ནེ་རོ་ལགས་ཀྱིས་དབྱིན་ཡིག་(was )ཟེར་བའི་ཚིག་དེ་བེད་སྤྱོད་བཏང་བས། བོད་འདི་ལོ་རྒྱུས་སུ་རྒྱ་ནག་གི་ཆ་ཤེས་སུ་ཐིམས་ཡོད་པར་ངོས་འཛིན་བྱས་པ་རེད།
    དེའི་ཕྱིར་ངས་ནི་ད་ཐེངས་གི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལགས་ཀྱི་སྐད་ཆ་དེ་གནད་འགག་ཆེན་པོ་མཐོང་གི་མི་འདུག
    སྐད་ཆ་འདིས་བོད་དང་རྒྱ་་་ཕྱོགས་གཉིས་ཀར་ཕོགས་ཐུག་བཏང་མེད་པར་བསམས། མདོར་ན་སྐད་ཆ་དེ་མི་རྐྱང་པོ་ཞིག་གི་ཚིག་རེད།

    Reply
  11. དགོ་རྭ says:
    ལོ་ 15 སྔོན།

    ཨ་རོ་རྨོག་བསྟན་ས་སྣུམ་ཉོ་ས་ཞིག་ཤོད་ར་ངའི་ཕ་ཡུལ་ཕྱོགས་སུ་བཙན་བྱོལ་གཞུང་གི་ས་སྣུམ་སླེབས་མེད་པ་འདྲ། གྲགས་འགུལ་ཅི་ཡང་མི་འདུག

    Reply
  12. sha tak ri sim says:
    ལོ་ 15 སྔོན།

    ཁུ་བྱུག་སྔོན་མོ་ལགས། ཁུ་བྱུག་ཞིག་གྲགས་པ་དེ་ནི་དགའ་ནི་ཡིན། ང་ཚོས་ང་ཚོ་ལ་སེམས་གསོ་བྱེད་ཐུབ་ཀྱང་། བོད་ནང་གི་བོད་མི་དེ་དག་ལ་སེམས་གསོ་ཙམ་ཡང་བྱེད་མི་ཐུབ་པའི་བསྐོར་ལ་བསམ་དུས་དངོས་ནས་སེམས་ཁྲལ་འདི་ལས་སླ་བོ་ཞིག་ཡལ་འགྲོ་བ་ཞིག་རེད་མི་འདུག་ལགས།

    Reply
  13. mogrutenpa says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    སེམས་ཁྲལ་མ་བྱེད།་བོད་ནང་དུ་མེ་རི་འབར་འབར་རེད།་་བཙན་བྱོལ་ནས་ས་སྣུམ་འཔྱོ་འཔྱོ་བྱེད་དང་།་་ནམ་ཞིག་ལ་ང་ཚོའི་དམིགས་ཡུལ་འགྲུབ་ངེས་ཡིན།

    Reply
  14. sha tak ri sim says:
    ལོ་ 15 སྔོན།

    དེ་ཁྱེད་རང་གིས་གསུངས་པ་བདེན་པ་རེད། ངས་ཀྱང་དེའི་སྟབས་ཀྱི་ན་ནིང་གི་དོན་རྐྱེན་རྗེས་སུ་བཙན་བྱོང་ནང་གི་མཐོ་སྒང་གི་རྒྱབ་མདུན་སྟེང་དུ་བོད་རེ་བས་འཕོངས་ཟེར་བའི་རྩོམ་ཡིག་ཞིག་ཀྱང་སྤེལ་མྱོང་ཡོད། ད་ནི་དངོས་ནས་འུ་ཅག་གིས་རེ་བ་བྱེད་པ་ལས་ལྡོག་ནས་ལག་ལེན་ཡོད་པའི་གོམ་པ་ཐེངས་ཤིག་སྤོ་སྟེང་བསྐོར་ལ་གྲོས་ཆོད་འཇོག་པའི་ཚོགས་འདུ་ཞིག་ལས་གོམ་པ་སྤོ་མཁན་གྱི་མི་སྣ་གང་ནས་བྱུང་ན་དེའི་རྗེས་སུ་འགྲེང་རྒྱུའི་དུས་ཕྱི་མེད་ན་སྔ་མེད་ཚོད་རེད་ལགས།

    Reply
  15. chentsasopa says:
    ལོ་ 15 སྔོན།

    དྲ་ངོས་འདིར་མང་ཆེ་བ་རེ་བ་བྱེད་མཁན་རྐྱང་རེད་མི་འདུག་གམ། བོད་རེ་བས་ཕོངས་ཟེར་བའི་ཁ་དཔེ་དེ་མི་ཤེས་མཁན་གྱི་བོད་པ་གཅིག་ཀྱང་ཡོད་ནི་མ་རེད། འོན་ཀྱང་ལག་ལེན་གྱི་ཐད་ནས་རེ་བའམ་རེ་སྒུག་མི་བྱེད་མཁན་ཡང་གཅིག་མི་འདུག་པའི་ཚོད་དུ་གདའོ།།

    Reply
  16. sha tak ri sim says:
    ལོ་ 15 སྔོན།

    སྐར་ཁྲི་བཙན་ལགས། རེ་བ་རིམ་བཀང་བྱེད་པ་ལས། ལག་ལེན་ཐོ་བཀང་བྱེད་རྒྱུར་བརྩོན་པ་བྱེད་དགོས་ཀྱི་འདུག་ལགས།

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་རེ་བ་མི་བྱེད་པར་རང་ཉིད་འགུལ་བསྐྱོད་བྱེད་རྒྱུ་ལ་མོས་པ་ཡོད་པ་འདྲ། དེ་ནི་ང་རང་ཆེས་དགའ་སའི་གླེང་ཕྱོགས་ཡིན།

    Reply
  17. chentsasopa says:
    ལོ་ 15 སྔོན།

    ཨོ་ཨོ། ཡང་རེ་བར་དགའ་བའི་བོད་མི་ཞིག་གིས་ཚོད་ཚོད་ལ་རེ་བ་བྱེད་ཀིན་འདུག བོད་མི་འདིའི་ཆེད་དུ་ངས་ཀྱང་གསོལ་བ་འདེབས་རོགས་བྱེད་ངེས་ཡིན་དོ།།

    Reply
  18. Baichung says:
    ལོ་ 15 སྔོན།

    ངས་ལྟས་ན་ཨོ་བྷ་མའི་སྐད་ཆ་ཟུར་ཙམ་ཞིག་གླེང་ཡོད་པ་ལས། རྒྱ་ནག་གིས་གསང་མྱུར་ཨ་རིར་བཏང་ཡོད་པ་ཤེས་རྟོགས་བྱུང་བས། ཨ་རྒྱ་གཉིས་ཀྱི་འབྲེལ་བར་གནོད་ཤུགས་ཤིག་རང་འགུལ་གྱིས་ཆགས་ཡོང་བར་སྣང་། དེ་ལྟར་ན་ཨ་རི་ཕྱོགས་ནས་འཁོན་འཛིན་གྱིས་བོད་པར་རོགས་སྐྱོར་ཤུགས་ཆེ་རུ་གཏང་གི་རེད་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese