མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རང་མེད་པོ་རེད། གླེན་པ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རུམ་ལ་གཉབ་ན་རུམ་ཁོང་གྲང་མོ་རེད།།
སེམས་ལ་བརྟག་ན་སེམས་པ་མིག་ཆུ་རེད།།
ལུས་ལ་བལྟས་དུས་རོ་ཐོ་སྐམ་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

འཁྲིས་ཀྱི་མི་ཚོས་ང་ལ་གདོན་རྫས་ཟེར།།
མདུན་གྱི་གྲོགས་པོས་ང་ལ་ཁ་ནག་འབོད།།
རྒྱབ་ཀྱི་མགྲོན་པོས་ང་ལ་འཕྱ་དམོད་བྱས།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

ཕྱུག་པོའི་མིག་ལམ་ང་ནི་དབུལ་པོ་རེད།།
དབུལ་བོའི་མིག་ལམ་ང་ནི་ཁྲེལ་མེད་རེད།།
གཞན་མིའི་གྲལ་དུ་ང་ནི་འཁྱམ་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

སྒོར་མོའི་ཆེད་དུ་ང་རང་གཡོག་པོ་རེད།།
ངོ་གསོའི་དྲུང་དུ་ང་རང་དུད་འགྲོ་རེད།།
ཁ་ཚིག་གཏམ་ལ་ང་རང་མེད་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

དག་ཆའི་ཕྱོགས་སུ་ང་རང་ལག་ཆད་རེད།།
སྙན་ངག་ཕྱོགས་ནས་ང་རང་གད་སྙིགས་རེད།།
རྩོམ་རིག་ཕྱོགས་ལ་ང་རང་ལོངས་པ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།

མཁས་པའི་མདུན་ན་ང་རང་ཞབས་འདྲེན་རེད།།
མི་རིགས་ཁྲོད་ན་ང་རང་མིག་རྫོད་རེད།།
ལག་རྗེས་ཟེར་དུས་ང་རང་ཁྱི་སྐྱག་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རེད།།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

སྐར་མ ༣༣ སྔོན་ལ།
TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧

མཆན། 5

  1. kawakampo says:
    ལོ་ 17 སྔོན།

    ཕེ་ཕོ་གསར་ཞིག་གི་དེ་ལྟར་སེམས་ཤུགས་འཆག་མི་ཉནཡ།
    ཚང་མ་གཅིག་པ་ཡིན་ནི་རེད་ཨེ་གོ་ཤ་ཁྲག་རུས་པ་ཁྱེད་ཀྱི་མིང་དོན་མཚོང་དགོས།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    ཁ་བ་དཀར་པོ་ལགས། ཉིད་ཀྱིས་གསུངས་པ་དེ་དག་བདག་གི་སེམས་ཁོང་དུ་གཉར་ངེས་ཡིན་ལ། རང་གིས་ཀྱང་སྒྲུང་རྩོམ་དེའི་མཇུག་དེ་མུ་མཐུད་དུ་འབྲི་རྩིས་ཡོད་ཀྱང་། གནས་སྐབས་རིང་དུ་དུས་ཚོད་སྟབས་བདེ་ཞིག་མེད་པས་རེ་ཞིག་ཉིན་མ་ཁ་ཤས་ཀྱི་རིང་དུ་སྒྲུང་རྩོམ་དེའི་མཇུག་འབྲི་ཐུབ་ཀྱི་མི་འདུག་ལགས། རེད་དེ། སྐུ་ཉིད་ཀྱིས་སྒྲུང་རྩོམ་དེར་གདེང་འཇོག་བྱས་པ་སེམས་གཏིང་ནས་དགའ་ནི་ཡིན། བཀའ་དྲིན་ཆེ་ལགས།

    སྐར་ཁྲི་བཙན་ལགས། དམིགས་བསལ་གྱིས་ང་རང་ལ་རྟོགས་པ་སད་འགྲོ་བ་དེ་འདྲ་གང་ཡང་ཡོད་པ་མ་རེད་ལགས། དངོས་ཡོད་ཐོག་ང་ནི་དངོས་ནས་གང་ཡང་མི་ཤེས་པའི་གླེན་པ་ཞིག་རེད་བདག་གི་རྒྱུན་དུ་བསམ་བཞིན་ཡོད་ལགས།

    གཅན་བཟོད་རྒྱམ་ལགས། དུས་རྒྱུན་དུ་སྐྱིད་སྡུག་གང་ཞིག་ལ་ཁ་བརྡ་སློབ་གསོ་བྱེད་དུ་སླེབས་ཡོད་པ་དེར་དགའ་ནི་ཡིན། དུངས་ནི་ཡིན། དངོས་ནས་རང་གི་ཐུབ་ས་ཞིག་ནས། འཇོན་ས་ཞིག་ནས། གང་ཐུབ་ཀྱིས་མི་གྲལ་ནས་མགོ་བོ་གནམ་ལ་བཀྱགས་དེ་འགྲོ་བཞིན་ཡོད་ལ། རྗེས་ཕྱོགས་ཀྱང་ཤུ་རེ་བྱེད་ངེས་ཡིན་ལགས། སེམས་པ་མཚམས་རེར་སྡུག་པ་ནི་མིན་པར་དུས་རྒྱུན་དུ་བོད་ནང་གི་བོད་མི་དེ་དག་གི་དཀའ་སྡུག་ལ་བསམ་ཐེངས་རེར་རང་ཉིད་བོད་མིང་ཐོབ་པའི་བོད་མི་སྡར་མ་ཞིག་ལས་གང་ཡང་མིན་པ་དང་། འཇོན་ཐང་གང་ཡང་མེད་པར་ཁ་སྐྱག་བླངས་ལ་ཤོར་བའི་མི་ངན་ཞིག་ལ་བསམ་ཐེངས་རེར་སེམས་པ་འདི་སྡུག་པ་ནི་བཤད་མི་ཤེས་པ་ཞིག་རེད་ལགས།

    Reply
  3. chentsasopa says:
    ལོ་ 17 སྔོན།

    ཁ་སང་ཅིག་ལ་སྡིགས་ཀིན་བསྡད་ཡོད་མོད། དེ་རིང་སེམས་སྐྱོ་བའི་སྐད་ཆ་འདི་འདྲ་ཞིག་འདུག
    ཨོ་རེད་རེད། གང་ལྟར་སེམས་སྐྱོ་དགོས་ནི་མ་རེད། ཚིག་དག་ལ་བལྟས་ཡོང་ན། ཁྱོད་རང་གིས་རང་ལ་བརྟག་དཔྱད་ཡག་པོ་བྱས་འདུག་ ཞོར་ནས་དྲ་གྲོགས་ཚོར་གསལ་འདེབས་ཀྱང་ཡག་པོར་གྱུར་འདུག
    ད་སེམས་མ་སྡུག ཨེ་གོ ཕ་གའི་མགོ་སེར་དེ་ཚོས་རིག་ན་ཡག་པོ་ཡོད་ནི་མ་རེད། དེ་ལས་ཨ་ཁུ་ཁ་བས་བཤད་པ་བཞིན་མགོ་བོ་ཀྲོག་ཀྲོག་འདྲ་བྱས་ཏེ་རང་སེམས་རང་གིས་གསོ་དགོས་ནི་རེད། ང་ཚོ་ཚང་མ་ས་མཐའ་ན་ཡོད་གི་མོ། སེམས་ན་སྡུག་མེད་ནི་ཞིག་ཡོད་རྒྱུ་མ་རེད། སྡུག་མར་ལ་མནན་ཏེ་མདུན་དུ་སྐྱོད་དགོས་ནི་རེད། ད་མ་སྡུག་ཨེ་གོ ངའི་ཁ་ལ་ལོང་།

    Reply
  4. Baichung says:
    ལོ་ 17 སྔོན།

    དུམ་པ་ད་འདི་རིག་སད་ཡོང་གི་ཡོད་ས་རེད་གོ ཉི་མ་འདི་དག་ནང་བཤད་སྟངས་ལ་རྟག་ན། ཧ ཧ ཧ

    Reply
  5. kawakarpo says:
    ལོ་ 17 སྔོན།

    གྲོགས་པོ། དེ་སྐད་མ་གསུངས། ཉེ་སྔོན་ཉིད་ཀྱིས་སྤེལ་བའི་སྦྱིན་བདག་མི་དགོས་ཞེས་པའི་སྒྲུང་གཏམ་དེས་ངའི་ཡིད་དབང་འཕྲོགས་སོང་། ཁ་སང་ལྷ་ཆབ་པ་ལགས་ཀྱིས་ཀྱང་སེམས་ཕམ་ཡི་ཆད་ཀྱི་རྩོམ་ཡིག་ཅིག་སྤེལ་བ་རེད། ས་མཐའ་ནས་ང་ཚོ་ཚང་མས་འདི་ལྟར་སྡུག་སྨྲོས་འདོན་པ་ལས་མགོ་བོ་དགྱེ་ནས་ཀྲོག་ཀྲོག་བྱས་ཏེ་འགྲོ་དགོས་ཀྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese