དགའ་དུས་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱེད།།
སྡུག་དུས་མིག་ཆུ་བཏོན་ནས་ཞུ་བ་བྱེད།།
དགའ་སྐྱོ་འདྲེས་མའི་འོག་གི་མི་ཚེ་མཐར།།
འདོད་དང་མི་འདོད་རང་དབང་མེད་པ་ནི།།
འཆི་བདག་བཙན་པོ་ཟེར་སའི་འབོད་མཁན་ཞིག།
ལོ་ཡི་ཁྱད་པར་མེད་པར་འཁྲིད་དེ་འགྲོ།
དེ་རིང་འུ་ཚང་བོད་ཀྱི་རིགས་རུས་ཅན།།
ང་ཕོད་ཚེ་ལས་འདས་པའི་ཉིན་མོ་ལ།།
བཟང་ན་བཟང་རབས་མང་བོ་ག་ལེར་འོང་།།
ངན་ན་ངན་རབས་གཏམ་རྒྱུད་ག་ལེར་རྟོགས།།
དེ་ལས་ཁོང་གི་སྐུ་ཚེ་རྫོགས་པ་དེར།།
མི་རིགས་གཅིག་པའི་འདུ་ཤེས་ཟབ་མོའི་འོག།
མ་ཎི་རྐང་གཅིག་ཡིན་ཡང་བཏོན་ན་རེད།།
དྲ་ཐོག་འདི་ཡི་སྤུན་ཟླ་རྣམ་པ་ཚོ།།
རིགས་ཞེན་ཆེ་བ་སེམས་ཀྱི་དགའ་བཞིན་ཡོད།།
ཞིབ་དཔྱོད་ནན་ཏན་མེད་པ་སྐྱོ་གནས་ཡོད།།
གང་ལྟར་འདས་པོ་འདི་ཡི་རྣམ་ཤེས་དེ།།
ད་ལྟ་གར་འགྲོ་གར་འདུག་གནས་མེད་པར།།
འཛམ་གླིང་མི་ཡུལ་གྲལ་དུ་འཁྱམ་ཡོད་དུས།།
ཚང་མས་ཡག་ཉེས་གླེང་རྒྱུར་རེ་ཞིག་བཞོག།
འདི་ནི་བདག་གི་སེམས་ཀྱི་རེ་སྐུལ་ཡིན།།
སྤུན་ཟླ་རེ་ཟུང་ཁྲོ་ན་འཐོལ་ལོ་གཤེགས།།
སྡུག་དམོད་བྱེད་རྩིས་ཡོད་ན་རྗེས་སུ་བྱོས།།
བཟང་བསྟོད་བྱེད་འདོད་ཡོད་ན་ང་མི་མཁོ།།
ཡོད་ཚད་བོད་ཀྱི་མི་ལོ་བརྒྱ་ལོན་པའི།།
ང་ཕོད་འདས་པོ་དེ་ཉིད་སྙིང་རེ་རྗེ།།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)




ཨོཾ་མ་ཎི་པདྨེ་ཧཱུཾ
ང་ཕོད་སེམས་ཀྱིས་མ་ཕོད་མེད།།
གངས་ཅན་བོད་ཀྱི་ལ་རྒྱ་གཡུགས།།
སྐུ་ཚབ་ཚོ་དང་མ་མཇལགཡུགས།།
ངོ་མ་བྱ་བ་ངོ་མས་བཙོག།
ཤི་ཡང་སེམས་ན་འགྱོད་ནི་མེད།།
དགེ་རྩ་བྱས་ཀྱང་ཨེ་ཕན་དཀའ།།
ཨ་ལན་དྲང་བོའི་གཏམ་གྱི་གཞུག་མ་དེར།།
འཕྲིན་ལས་གློག་མྱུར་ཅན་གྱི་མ་ཎི་གཅིག།
འདོན་པ་དེ་ཡིས་ཚེ་འདས་འདི་གཙོ་བའི།།
མར་གྱུར་འགྲོ་རྣམས་བདེ་བར་ལྡན་གྱུར་ཅིག།
ཟླ་གཟུགས་ཆུ་ལ་ཤར་བའི་ངང་ཚུལ་དེར།།
བ་གམ་སྟེང་ནས་གནམ་ཁར་བལྟས་པ་ལ།།
གཞོན་སྐྱེས་ཤིག་གི་སེམས་ཀྱི་ཚོར་བ་ཡིས།།
ནུ་ཞོ་འཐུང་བའི་དྲིན་ལན་དྲན་པ་བཞིན།།
གཅན་གཟན་དུད་འགྲོ་ཡིན་ཡང་སེམས་ལྡན་ཡིན།།
བཟོད་བསྲན་བསམ་ཤེས་མེད་པའི་མི་དག་ལ།།
ཆོས་རྒྱམ་དྲུང་བ་ཁྱེད་ཀྱི་མདུན་ས་ནས།།
ཤི་ན་དམྱལ་བར་མི་འགྲོ་སྨོན་ལམ་ཡོད།།
ཁྲ་ཁྲ་ཟིང་ཟིང་ཆེ་བའི་སྤྱི་ཚོགས་ཁྲོད།།
གླག་རྒོད་ལྟ་བུའི་མགྱོགས་ལྡན་ཁྱེད་རང་གིས།།
སྤྱང་བོའི་ཚིག་གི་མདའ་མོ་གཏད་ན་ཡང་།།
གསུམ་ལ་གུས་མཁན་ང་ཚོ་གཅིག་པ་ཡིན།།
འབའ་པ་ཕུན་དབང་ལོ་རྒྱུས་ཀློག་མྱོང་ངམ།།
སྐལ་བཟང་ཁྲོད་དུ་དུས་ལོག་བྱུང་བ་ལྟར།།
འཕྲིན་ལས་མ་རྒྱས་འདས་པོ་ང་ཕོད་ལ།།
གདུང་སེམས་བྱས་པ་དེ་ཡི་ཡིན་ངེས་རེད།།
དུག་འདི་སུ་ལ་འཕོག་རྒྱུར་ཐེ་ཚོམ་མེད།།
ཚེར་མའི་ན་ཟུག་རེ་རེ་བསམ་དུས་སུ།།
འདོད་དང་མི་འདོད་རང་དབང་མེད་ས་ནས།།
ད་ནི་རང་དབང་གཞན་ཞིག་ཐོབ་པ་རེད།།
ཀ་ཡེ་གསོན་དང་དྲ་གྲོགས་ཚོ།།
ཁ་བ་ཅན་གྱི་ལས་དབང་འདི།།
ག་ལེར་བསམ་ན་ཡིད་སེམས་སྐྱོ།།
ང་ཕོད་འདས་པ་གྱོང་རེ་ཆེ།།
ཤ་ཁྲག་འདི་བཀླགས་རྗེས་ངུ་མ་དགོད་ཀྱི་ཚོར་སྣང་གིས་བཟི་སོང་།
བར་ལམ་ཞིག་ནས་དུས་བབ་ཚང་གི་གྲལ་མགོ་ཁ་དཀར་ཁྱོད་གཉིས་ཀྱིས་འཆི་བ་དང་འཆི་བདག་འབའ་ཞིག་བཤད་ནས། ད་འོངས་རྒྱུ་དེ་རེད། ཁོས་བོད་ལ་དག་སེལ་ཞིག་བྱེད་ལོངས་མབྱུང་བར་་་་་་་་་་་་་་་་་་ཀུ་རེ་ཡིན
མི་རྒན་དེས་ཕྱིར་སྒྲོག་བྱེད་རྒྱུའི་ཡིག་ཆ་གལ་ཆེན་དེ་འདྲ་སྦས་ཡོད་ན་ཐང༌།
ང་ཕོད་རྗེས་སུ་མང་པོ་ཞིག་གིས་ཉེས་པ་བསགས་སོང་ཡ། ཨོྃ་བཛྼ་ས་ཏྭ།
ང་ཕོད་འདི་སྙིང་རེ་རྗེ།
མ་ཎི་ནི་བཏོན་ཟིན། ད་དམྱར་བར་མི་ལྷུང་བར་ཤོག
ང་ཕོད་འདས་པ་སྐྱེ་འཆིའི་གཞན་དབང་རེད།།
མ་ཎི་ཚིག་གཅིག་འདོན་རྒྱུ་རང་དབང་རེད།།
བདེན་བདེན། ཨོཾ་མ་ཎི་པདྨེ་ཧཱུཾ།