སེམས་ལ་གང་དྲན་ཡི་གེ་གཟུགས་སུ་བྲིས།།
གཟུགས་དེ་ཀློག་མཁན་མི་དག་འདི་རུ་འདུས།།
འདུས་པའི་བར་ན་རང་གི་ཚོར་བ་འདི།།
སུ་ལ་བསྟན་ན་དེ་ཡི་འཕྱ་དམོད་བྱེད།།
འཕྱ་དམོན་མྱི་ཁའི་ཁྲོད་ཀྱི་མི་ཚེ་ཞིག།
འཁྲིས་ཀྱི་བུ་དང་ཆུང་མས་མ་གོ་ཞིང་།།
རྒྱང་གི་ཕ་མ་ཉེ་མིས་མ་རིག་པ།།
འཐག་ནས་ཚར་ལ་ཉེ་བ་སྙི་མོ་སེམས།།
ཕར་ལ་འཐེན་ཡང་ཚུར་ལ་མི་འོང་བས།།
ཚུར་ལ་བོས་ཀྱང་རིང་ནས་མི་གོ་བའི།།
གོ་མཇུག་ལྡོག་པ་རླུང་གི་ཁ་ཟས་དེ།།
ལྡོམ་པོའི་ཚོར་བ་འདི་ལས་ཡོད་མ་སོང་།།
སྐྱུར་ནས་སོང་ཚེ་ཤུལ་དུ་གཏམ་ངན་མང་།།
བཟུང་ནས་བསྡད་ན་ནུས་པའི་མི་འཁྱོག་པའི།།
སྔ་གཞུག་གང་དུ་གཏན་ནས་མི་གཏོང་མཁན།།
རླུང་བུས་འདུར་ཤུགས་ཁྲོད་ན་སྐྱི་རེ་ཡ།།
གཉིད་ན་རྨི་ལམ་ཡག་ཀྱང་སྟོང་བ་འདི།།
སད་དུས་འཛིན་རེག་བྲལ་བའི་ཤེས་བྱ་ཞིག།
མྱོང་བའི་རིག་པ་བརྡར་བའི་མཚོ་འགྲམ་དུ།།
དབུགས་རིང་ཚོར་བར་འཐིམ་པ་རླུང་གི་དགྲ།
རྒུད་དུས་ཡོད་ཀྱང་དར་འདོད་ཆེ་ན་ཡང་།།
ཆེ་བའི་ཧམ་སེམས་སྐྱི་མོའི་ནང་རོལ་དུ།།
སུས་ཀྱང་མ་ཤེས་རང་གི་མ་རྙེད་པའི།།
ནམ་ཡང་ལྷོག་ལྷོག་ཁོལ་བའི་རྒྱུ་ཞིག་གྲུབ།།
ཅོ་རི་ཉི་མ་ལགས། སྐྱེ་བ་གཞན་ཞིག་ལེན་འདོད་ཀྱང་སྐྱེ་བ་གཅིག་ལ་ལུས་པོ་གཉིས་ཡོང་ཐབས་ཡོད་པ་མ་རེད་ལ། སྐྱེ་བ་འདི་ལ་ལུས་པོ་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ལ་འདོད་ཀྱང་མི་འདོད་ཀྱང་། དང་ལེན་བྱེད་དགོས་པ་དང་དང་ལེན་བྱེད་སྟངས་དེ་ཡང་འགན་ཞིག་ཡོད་པས་སྒོ་ནས་བྱེད་དགོས་ཀྱི་ཡོད་པ་ཡིན། དེ་ཡིན་དུས། འུ་ཅག་གིས་རང་རང་གི་ས་ནས་སེམས་ཤུགས་མི་ཆག་པར་ལུས་པོ་འདི་ས་ཆུ་མེ་རླུང་གང་གི་ཁ་ཟས་སུ་གྱུར་རེག་བར་དུ་རང་ཉིད་བོད་པ་ཞིག་ཡིན་པ་དེར་སྤོབས་པ་ཆེན་པོས་སྒོ་ནས་ཤུ་རེ་བྱེད། འབད་བརྩོན་བྱེད། རང་རང་གི་གང་ཐུབ་ཀྱིས་སྤུན་ཟླ་དག་ལ་དེ་ལྟར་སྐུལ་ལྕགས་བྱེད། ཡང་ལོངས་ནས་ཤོག སྤོབས་པ་དང་སྙིང་སྟོབས་ཆེན་པོས་སྒོ་ནས་རང་ཉིད་བོད་ཡིན་ཟེར་ནས་ལོངས་ཤོག
ད་ཁྱེད་གཉིས་ཀྱིས་སྡུག་ཐུག་པའི་སྐད་ཆ་དེ་ཚོ་ནི་ང་རང་ཚོར་ལས་དབང་གིས་གྲུབ་པ་ཞིག་རེད་མ་གཏོགས་ང་ཡང་སྐབས་རེ་བོད་མིའི་སྐྱེ་བ་བླངས་པ་འདི་ནོར་འདུག་བསམ་ནས་སེམས་ཕམ་རེ་ཡོང་གིན་འདུག
ཡིན་ཡང་མི་ཚེ་འདིར་སྐྱེ་བ་གཞན་དུ་བརྗེ་པོ་རྒྱག་ན་མི་དེར་རྒྱུད་དག་མི་གསུངས་ཆོག
སྐྱིད་ཀྱང་སྡུག་ཀྱང་བོད་མི་རྣམས་དང་སྐྱིད་སྡུག་མཉམ་གནས་ཐུབ་པ་བྱུང་ན་བསམ་པའི་དམ་བཅའ་བརྟན་པོ་ཡོད་ཁུལ་ཡིན།
སྐབས་རེ་སེམས་པ་སྐྱོ་དུས་འཛམ་གླིང་ཚང་མ་མར་འཇིག་སོང་ན་རེ་དྲན་གྱིན་འདུག
མ་ཟད་རྒྱ་གར་ནག་གཉིས་དམག་འཐབ་ཡོང་ན་དགའ་བ་ལ་རེ་དྲན་བཞིན་ཡོད།
ཤི་དགོས་པའི་དུས་ཚོད་མགྱོགས་པོ་སླེབས་ན་རེ་དྲན་གྱིན་འདུག
མི་ཚེ་འདིར་སྐྱེ་བ་གཞན་ཞིག་བླངས་པ་ལས་ཤི་པ་དགའ་འོ།
སྐབས་དང་དུས་ལ་བབ་དུས་གླུ་འདི་སྙན་པོ་འདུག་པས་ཡུང་ཁྲུང་ནས་ཉན་ཐུབ།
20 – ཕ་ཡུལ། pha-yul 故乡 Homeland
ད་ནི་རྒྱ་གར་གྱི་ཆུ་ཚོད་བཅུ་དང་ཕྱེད་ཀ་རེད་མོད། སྐུ་ཉིད་སྔ་ས་ནས་ངལ་གསོས་པ་ཡིན་ན་ཡག་པོ་མེད་འགྲོ དེ་མིན་ང་རང་ཡོད་ས་ནས་ད་ལྟ་རང་ས་རུབ་མ་ཐག་ཡིན་སྟབས། མི་ཁོམ་རྒྱུ་ཞེ་དྲགས་མེད་ཀྱང་། དགའ་རོགས་མའི་གྲོགས་མོ་ཞིག་ངེད་ཚང་དུ་མགྲོན་དུ་ཡོང་ནས་ངས་ང་ཚོ་ལ་མོག་མོག་ཞིག་བཟོ་བའི་བར་གསེང་དེ་ནས་སྐུ་ཉིད་ནས་དྲ་བའི་མདུན་ནས་ང་ལ་སྒུག་པ་འདྲ།
ངས་དྲ་ངོས་སུ་མིག་གཅེར་གྱིན་སྐུ་ཉིད་ཀྱི་མཆན་བུར་སྒུག་ཡོད་ཀྱང་།
སྐུ་ཉིད་ལ་སྙིང་རྗེ་ཞིག་མེད་སྟབས། ངའི་མིག་མདུན་ནས་རྒྱང་རིང་དུ་གྱེས་སོང་བ་འདྲ།
ཧ་ཧ་ཧ།
བསེ་རུ་ལགས། འུ་གཉིས་ལ་མཚམས་རེར་ཐུན་མོང་གི་ཚོར་བ་རེ་སྐྱེ་ཡི་འདུག་པ་ནི་འདི་ལྟར།
ང་བོད་མིའི་སྐྱེ་བ་བླངས་པ་དེ་ནོར་བ་རེད་དམ། དེ་ནི་འུ་ཐུག་སྐབས་རང་གིས་ལ་རང་ལ་དྲི་བ་ཞིག་མ་རེད་དམ།
འོན་ཀྱང་། སྐྱེ་བའི་ལས་ལ་རང་དབང་མེད་པ་ཡིན་དུས། དེར་དང་ལེན་བྱས་དེ་རང་ཉིད་བོད་མི་ཞིག་ཡིན་པ་ངོ་ཤེས་པའི་སྟེང་ནས་ཤུ་རེ་བྱེད་ཡ
དངོས་གནས་ངེད་གཉིས་ལ་དངོས་སུ་བྱུང་བའི་ཉམས་མྱོང་འདིའི་ཐོག་ནས་ང་ཚོ་བོད་མི་ཉམ་ཆུང་ཚོར་ཐོབ་འོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དངོས་བདེན་རེད་ལ། ད་དུང་འདིའི་ཐོག་ལ་བསམ་གཞིགས་བྱེད་སྐབས། མིག་ནང་མཆི་ཞག་འཁོར་གྱིན་མི་འདུག་གམ། བྱ་ཐབས་ནི་ཅི་ཡང་མི་འདུག ང་བོད་མིའི་སྐྱེ་བ་བླངས་པ་དེ་ནོར་བ་རེད་དམ། དེ་ནི་འུ་ཐུག་སྐབས་རང་གིས་ལ་རང་ལ་དྲི་བ་ཞིག་མ་རེད་དམ། དྲི་བ་འདི་འདྲ་འདོན་མཁན་ཇི་ཙམ་ཡོད་དམ།།
བསེ་རུ་ལགས། རང་དབང་ཟེར་བ་དེ་ཡང་འགྲོ་བ་མི་སྤྱི་ལ་དབང་བ་ཞིག་གཏན་ནས་མིན་པ་འདྲ། དེ་ཡི་དཔེ་མཚོན་ཡག་ཤོས་ཤིག་ནི་འུ་ཅག་ལྟ་བུའི་འགྲོ་བ་མི་རུ་སྐྱེ་ཡང་འགྲོ་བ་མིའི་སྨྲ་བརྗོད་ཀྱི་རང་དབང་ཙམ་ཡང་མེད་མཁན་དེ་དག་མ་ཡིན་ནམ་ལགས། རེད་དེ། མི་ཟེར་བ་འདིས་རང་དབང་གླེང་ཤེས་པ་ནས་གཞན་གྱི་རང་དབང་ལ་བརྩི་བཀུར་མི་བྱེད་པའི་འགྲོ་བ་མིའི་བྱ་སྤྱོད་འདིས། འཛམ་གླིང་ཞི་བདེ་ཟེར་བ་དེ་ནི་ཁ་གཡང་ལྟ་བུ་ཞིག་ལས་གང་ཡང་མེད་པ་ལྟ་བུ་ཞིག་གི་ཚོར་སྣང་ཀྱང་སྐབས་རེར་སྟེར་གྱི་མི་འདུག་གམ་ལགས། སྐུ་ཉིད་ཀྱིས་གསུངས་པ་ལྟར། རང་གི་ནང་མི་དག་གི་བདེ་འཇག་གི་ཆེད་དུ། རང་དབང་ཡོད་ས་ནས་རང་ཉིད་ལ་སེམས་ཀྱི་རང་དབང་ཞིག་སྤྲོད་ཀྱི་མེད་པ་བཞིན། ངས་ཀྱང་བོད་ནང་གི་གྲོགས་པོ་ཞིག་ལ་ཁ་པར་གཏོང་སྐབས། ཁོས་ཀྱང་དོན་དག་གཞན་མ་བཤད་ན། ཟླ་རེ་ཟུང་ནང་དུ་ཁ་བརྡ་རེ་བྱོས་ན་འགྲིག་གི དེ་མ་གཏོགས་ངས་ཆོས་བྱེད་པ་དེར་འདི་བ་ཚང་གི་བར་ཆད་མི་བྱེད་པའི་ངེས་པ་མི་འདུག་གསུངས་སོང་། དེ་ནས་བཟུང་དེ་ངེད་གཉིས་ཀྱིས་ཁ་བརྡ་རེ་བྱོས་ཀྱང་། དེ་ནི་རང་དབང་ཡོད་པའི་སྒོ་ནས་ཁ་བརྡ་ཞིག་གཏན་ནས་བྱེད་ཐུབ་ཀྱི་མེད་པ་རེད་ལགས། འདི་ནི་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་གང་སར་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད། འདི་ལ་དངོས་ནས་བོད་མི་དག་གི་བསམ་བློ་ཞིབ་མོ་ཞིག་གཏོང་རན་རེད།
བོད་ཤ་ཁྲག་རུས་གསུམ་ལགས།
སྐུ་ཉིད་ཀྱི་ཕ་མ་བཙན་བྱོལ་དུ་གནས་གཟིགས་ལ་ཕེབས་ཀྱང་སྐུ་ཉིད་ལ་མཇལ་ཁོམ་མེད་པ་དེ་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བའི་ཟུར་ཆ་ཞིག་རེད། མདོར་ན། རང་དབང་མེད་པའི་རྐྱེན་གྱིས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད་སོགས་ཐུག་རྒྱུ་ལྟ་ཅི་སྐད་ཆ་ཡང་ཤོད་དབང་མེད་པར་གྱུར་འདུག ངས་རང་ཉིད་ཀྱི་ཕ་མ་གཉིས་དང་སྤུན་མཆེད་རྣམས་ལ་སྐད་ཆ་ཤོད་འདོད་མེད་པ་མིན་ལ། ཁོང་རྣམས་ཀྱིས་ཀྱང་ང་ལ་སྔར་ཁ་པར་བཏང་མ་ཡོང་རོགས། གཟུགས་པོ་བདེ་པོ་ཡིན་ན་དེ་གས་འགྲིག་པ་རེད། ད་དེ་གར་ཧུར་ཐག་བྱོས་འདི་ཕྱོགས་སུ་སེམས་ཁྲལ་མི་དགོས་ཞེས་གསུངས་ནས་ལོ་ངོ་གཅིག་ལྷག་འདས་སོང་། དེང་སྐབས་ངས་རང་ཉིད་ཀྱི་ཕ་མར་ཁ་པར་ཡང་གཏོང་དབང་མེད་པར་གྱུར། ང་རང་དབང་ལུང་པར་གནས་ཀྱང་རང་དབང་མེད་པ་ལྟ་བུའི་ཚོར་སྣང་ཡང་བྱུང་། འདི་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་གྱི་ཟུར་ཆ་ཞིག་མ་རེད་དམ། སྐྱབས་བཅོལ་བའི་བོད་མི་ཚང་མ་ང་ལྟར་མིན་པའི་སྨོན་ལམ་འདེབས། དཀོན་མཆོག་མཁྱེན།།
གནམ་ལྕགས་ལགས། ཐུགས་རྗེ་ཆེ་ལགས། ངས་ཁ་སང་ཁ་པར་ནང་ནས་ཁ་བརྡ་བྱས་ཚར་བ་ཡིན། སྐུ་ཉིད་ལ་བཅོལ་བའི་ལས་དོན་དེ་གང་འདྲ་བྱས་སོང་ངམ། དེ་ཡི་སྐོར་ལ་ལན་ཞིག་སྐུར་རོགས་གནོངས། ངས་སྒུག་ནས་བསྡད་ཡོད།
ཨ་རོ་ཁྱོད་ཀྱི་ཕ་མ་གཉིས་བདེ་ལེགས་ངང་ཕྱིར་རྡ་སར་འབྱོར་སོང་།
སྤུན་ཟླ་ཁྱེད་ཅག་རེ་རེ་བཞིན་ཕེབས་ནས་རང་རང་གི་བསམ་ཚུལ་གསུངས་པ་དེར་དགའ་ཡོད།
ཚོར་འདུའི་རླབས་ཕྲེང་མཁའ་ལ་འཕྱོ་བའི་དུས།།
དགའ་སྡང་ཆགས་ཞེན་རླུང་བུ་ཅིས་མི་ལྡང་།
འཚོ་བའི་སྣང་བརྙན་འཇའ་ཚོན་རྗེས་འགྲོ་སྟེ།།
སེམས་ཀྱི་འཛིན་མའི་ངོས་སུ་བཀྲ་ཡང་སྟོངས།།
ཁ་ཐག་རིང་ཞིང་སེམས་ཐག་ཉེ་བའི་གྲོགས་པོ་ལགས
མི་ཚེ་ཉམས་མྱོང་ཁྲོད་ཀྱི་རྩོམ་ཡིག་ཧ་ཅང་ཡག་གི།
བཀླགསཟིན།ངོ་མ་ཡག་མོ་འགི རྗེས་ུ་མཆན་འཇོག་ངེས་ཡིན།
མི་ནི་ནམ་ཡང་འཚོ་བའི་ཟུར་ངོས་འདི་དག་དང་ཁ་འབྲལ་ཐབས་མེད་པས།ད་ཁྱོད་ཀྱིས་ཀྱང་མྱོང་གི་ཡོད་ས་རེདལ།སྐྱོན་ཡོད་ནི་མ་རེད།འཚོ་བ་ནི་ཆུ་བོ་ཞིག་སྟེ།མཚམས་རེར་གཡེང་ལ་འབབ་ཅིང་སྐབས་རེར་དགོང་ལ་འཕྱོ་བར་བྱེད་ནམ་ཡང་བཞུར་ཏེ་རྫོགས་སོང་བ་ཟེར་རྒྱུ་མི་འདུག་ཡ
ཁྱེད་ཚང་ལ་ཡོང་ཡོད་མོད་ཁྱོད་ཀྱི་ནག་མོས་ཁ་ཡ་མི་ཡེ་གི་བུད་སོང་ང་།
བདེ་སྡུག་གླུ་རུ་གྱེར་པའི་བུ་ཆུང་ཁྱེད།།
གཞན་ཡུལ་ས་མཐར་སེམས་ཁམས་མི་བདེ་འམ།།
འདི་ལ་ཅིག་གཟིགས་རོགས སྙན་ངག་ཡག་གི
https://tibettimes.net/wordpress/blogs.php?id=40&post_id=6719
ཤ་ཁྲག་ལགས། དེང་སང་སེམས་ཚོར་ར྄ྐྱང་འབྲི་ཡིན་འདུག་པ་ཅི་ཡིན་ནམ།
ཁྱོད་ཀྱི་ས྄ྙན་ངག་དེ་ཚོ་ཇེ་ཡག་ནས་ཇེ་ཡག་རེད།
ཁ་བ་ནག་པོ། ཁྱེད་ཀྱི་ཨ་ཕས་ཐག་གཅོད་བྱས་ནོ་ཨེ།
མྱི་ལྡང་། སེམས་ཚོར་འབྲི་རྒྱུ་ཇེ་མང་རེད་ལ། སྙན་ངག་ངོ་མ་བོ་འདི་ཡིན་ནི་རེད་ཀོ ཧྲ་གི