བློ་བཟང་གི་ཨ་མས་རང་གི་རྒན་པོ་འཇིགས་གྲོལ་ཕྱིར་ལོག་པར་སྒུག་ནས། བུ་བློ་བཟང་གི་སྐོར་ལ་སེམས་ཁྲལ་བྱེད་ཀྱིན་བསྡད་ཡོད་ལ། ཕྱི་དྲོའི་ཉི་མ་ཡང་རི་རྩེ་ནས་ག་ལེར་བཞུད་འགྲོ་བ་དེས་བློ་བཟང་གི་མ་རྒན་གྱི་སེམས་ནང་དུ་སྡུག་བསྔལ་གྱི་སྣོམ་པ་ཞིག་ཅིས་ལ་མིན།
རླངས་འཁོར་གྱི་ཁ་ལོ་བས་བློ་བཟང་དང་རླངས་འཁོར་ནང་གི་མི་གཞན་དག་ལ། དོ་ནུབ། ང་ཚོ་འདི་ནས་འདུག་རྒྱུ་ཡིན། རླངས་འཁོར་ལ་བཟོ་བཅོས་ཕྲན་པུ་ཞིག་རྒྱག་དགོས་ཀྱི་འདུག སང་ཉིན་ཞོགས་པ་དགོན་ནང་དུ་མཆོད་མཇལ་དུ་འགྲོ་མཁན་ཡོད་ན་སོང་ན་འགྲིག་གི་རེད། ང་ཚོ་སང་ཉིན་ཆུ་ཚོད་བཅུ་གཉིས་སྟེང་ལྷ་སར་འགྲོ་རྒྱུ་ཡིན། མགྲོན་ཁང་འདི་ནས་བསྡད་པ་ཡིན་ན་སྟབས་བདེ་ཡིན་ངེས་རེད་ཅེས་བཤད།
བློ་བཟང་ཁ་ལོ་བའི་གམ་དུ་སོང་དེ། ང་རང་དོ་ནུབ་ཁྱེད་རང་གི་ལྷན་དུ་བསྡད་ན་འགྲིག་གི་རེད་དམ་ཟེར་ནས་དྲིས་དུས། རླངས་འཁོར་ཁ་ལོ་བས་ཁྱེད་རང་འགྲམ་ནས་ང་རང་ལ་སུས་ངོ་སྤྲོད་བྱས་པ་རེད་ཅེས་བློ་བཟང་ལ་དྲིས།
བློ་བཟང་གིས་རང་ཉིད་འགྲམ་ནས་ངོ་སྤྲོད་བྱེད་མཁན་སུ་ཡིན་སོགས་གསལ་བོ་བཤད་དུས། ཁ་ལོ་བ་གློ་བར་དུ་ཧང་སངས་དེ། མི་དེ་ཁྱེད་རང་ཡིན་ནམ། ངས་ཁྱེད་རང་དེ་རིང་གཉན་ལམ་འགག་སྲུང་ཁང་ནས་འཛིན་བཟུང་བྱས་པ་དེ་ཡིན་བཞག་གིས། སྐབས་དེར་ཁོ་ལ་ཁ་པར་བཏང་ནས་ཁྱེད་རང་ཁོང་ཚོས་་འཛིན་བཟུང་བྱས་སོང་ཞེས་བཤད་པ་ཡིན། ད་འགྲིག་མེད། ཁོང་ཚོས་སེམས་ཁྲལ་བྱེད་བཞིནཔའི་སྒང་ཡིན། ངས་མགྱོགས་པོ་ཁ་པར་ཞིག་གཏོང་ཟེར་ནས་ཨམ་ཕྲག་ནང་ནས་ཁ་པར་ཕྱི་རུ་བཏོན་ནས། ཨང་གྲངས་རེ་རེ་བཞིན་གཟབ་ནན་གྱིས་བསྣན།
ཕྱིར་ཉིན་ཞོགས་པ་བློ་བཟང་སྔ་བོ་ནས་ཡར་བླངས་དེ་གཞིས་ཀ་རྩེ་དགོན་པའི་ནང་དུ་མཆོད་མཇལ་བྱེད་དུ་སོང་། པན་ཆེན་སྐུ་ཕྲེང་བཅུ་བའི་དམར་གདུང་ལ་མཇལ་སྐབས་སུ། ཁོའི་སེམས་ནང་དུ་གློ་བར་དུ་སྐྱོ་བ་དྲགས་པོ་ཞིག་སྐྱེ་ཞོར་དུ། སེམས་ནང་ནས་འདི་ལྟར་དྲན། ཨ་་ གངས་རིའི་ཟླ་བ། ཁྱེད་རང་བཞུད་པ་སྔ་སོང་། སྔ་དྲགས་པའི་འདས་སྐྱེན་དེའི་བོད་མི་རིགས་ལ་གྱོང་རྒུད་ཚབ་ཆེན་ཞིག་ཐེབས་ཡོད་པ་མ་ཟད། ཁྱེད་ཉིད་བཞུད་པའི་ཕྱིར་ཉིན་དེ་ནས་བོད་ཡུལ་ཁམས་ལ་སྡུག་བསྔལ་གྱི་མུན་པ་འཐིབ། བླ་མ་ལགས། གངས་རིའི་ཟླ་བ། ཁྱེད་ཀྱིས་བདག་གི་སྨྲེ་སྔགས་འདི་གསན་ན་ཟེར་ཞོར་སེམས་ཁོང་གི་ཡོད་ཚད་དམར་གདུང་དེའི་མདུན་དུ་སྤུངས།
བློ་བཟང་ནི་བོད་ཡུལ་དང་ཁ་གྱེས་དེ་མི་ལོ་དུ་མ་ས་མཐའ་རུ་བསྐྱལ་བའི་༧གོང་ས་མཆོག་གི་བཞུགས་གནས་རྩེ་ཕོ་བྲང་པོ་ཏྰ་ལ་རྒྱང་རིང་ནས་མཐོང་མ་ཐག སེམས་ཁོང་དུ་སྔར་བྱུང་མ་མྱོང་བའི་ཚོར་འདུ་དྲགས་པོ་ཞིག་གིས། བླ་མ་ལགས། སྐུ་ཉིད་ག་དུས་ཞིག་ལ་རང་གི་བཞུགས་གནས་འདིར་ཕེབས་ཐུབ་བམ་སྙམ་ཞོར་རླངས་འཁོར་གྱི་སྒེའུ་ཁུངས་ནས་རྒྱང་རིང་གི་ཕོ་ཏྰ་ལར་བལྟས།
ལྷ་སར་འབྱོར་ནས་རླངས་འཁོར་ཁ་ལོ་བའི་བློ་བཟང་ལ་ཁྱེད་རང་ཕ་ཡུལ་ཨ་མདོ་རུ་ག་དུས་ལོག་གི་ཡིན་ཞེས་དྲིས་དུས།
བཟང་གི འདི་ནས་ཡུན་རིང་བསྡད་ན་ཡག་པོ་མེད།
ལགས་སོ། ཐུགས་རྗེ་ཆེ།
བློ་བཟང་གིས་རང་གི་ཅ་ལག་ཚང་མ་གླ་བྱེད་རྐང་འཁོར་ཞིག་གི་ནང་དུ་བཞག་ནས་གེ་སར་མགྲོན་ཁང་ནང་དུ་སོང་། གེ་སར་མགྲོན་ཁང་ནི་ལོ་ངོ་ཁ་ཤས་ཀྱི་སྔོན་དུ་ཡོད་པའི་གཙང་གྲྭ་མེད་པའི་མགྲོན་ཁང་དེ་མིན་པར། མགྲོན་ཁང་གི་རྣམ་པ་ཡང་ཇེ་ལེགས་སུ་སོང་ཡོད་པ་མ་ཟད། བཟོ་བཀོད་ཀྱང་བོད་ཀྱི་ཁང་བཟོའི་སྒྱུ་རྩལ་གྱི་རྣམ་པ་ཡོད་པ་དེ་འདྲ་བཟོས་ཡོད་པ་རེད། ཡིན་ཡང་། མགྲོན་བདག་མས་བློ་བཟང་ལ་རྒྱ་སྐད་ཀྱིས་སྣེ་ལེན་བྱས་དུས། བློ་བཟང་གིས་ཕར་ལ་ང་རང་བོད་པ་ཡིན་ཟེར་ནས་བོད་སྐད་བཤད་དུས། མགྲོན་བདག་མས་ཅུང་ཙམ་ངོ་འདོག་འགྱུར་ནས། ངས་ཁྱེད་རང་རྒྱ་མི་ཞིག་རེད་དྲན་སོང་ཞེས་བཤད།
མགྲོན་ཁང་དུ་ཅ་ལག་ཚང་མ་བཞག་ནས། རྒྱང་རིང་རྒྱ་གར་ན་ལུས་པའི་སེམས་ཁོང་གི་མི་ཞིག་ལ་ཁ་པར་གཏོང་དུ་སོང་དེ་ཁ་པར་བཏང་ཡང་། ཁ་པར་གཏོང་སའི་ཁང་བདག་མའི་ཁ་པར་མ་མཐུད་སྟབས། ངལ་བ་འབྲས་མེད་དུ་གྱུར། འོན་ཀྱང་། ཕ་ཡུལ་གྱི་ནང་མི་དག་ལ་ཁ་པར་བཏང་དུས། ཕ་རྒན་འཇིགས་གྲོལ་གྱིས་ད་ཆ་ང་ཚོ་ཚང་མས་སེམས་པ་བདེ་ནས་བསྡད་ཡོད། འགྲམ་ནས་ཁ་པར་མི་སླེབས་རྒྱུ་ན་ཟེར་ནས་མཇུག་དུ་ལྷ་ས་ནས་ཡུན་རིང་མ་འདུག ང་ཚོས་ཁྱེད་རང་ལ་སྒུག་ནས་བསྡད་ཡོད་པ་རེད་ཅེས་བཤད།
མུ་འགོད།
ཇིང་སྲས་མིག་གསུམ་པ་ལགས། སྐུ་ཉིད་ཀྱང་དོན་སྣང་ཆེན་པོས་སྒོ་ནས་འདི་རུ་ཕེབས་པ་དགའ་ཡོད།
ཕ་རྒན་འཇིགས་གྲོལ་གྱི་རེ་བ་བཞིན་ཁོ་གཉིས་ཐུགས་སོང་ན་བསམ་གི
གཅན་བཟོད་རྒྱམ་ལགས། ཁྱེད་རང་དངོས་ནས་མགྱོགས་ཀི དགའ་ནི་ཡིན། ངས་དེང་སང་དུས་ཚོད་ཕྲན་པུ་ཞིག་ཡོད་པ་དེ་དམ་འཛིན་གྱིས་སྒྲུང་མཇུག་དེ་སྐྱོང་གི་ཡོད། ཁོམ་པ་ཡོད་དུས་ལེགས་ཉེས་གང་ཡིན་བསམ་ཚུལ་གསུང་རོགས་ཞུ།
སྐྱབས་མགོན་མཁྱེན། ཡང་ཁྱོས་མགོ་བཙུགས་དང་ནེ། དེང་སང་ང་བྲེལ་བ་ཆེ་དུས་རེད། ཞིབ་ཏུ་ཀློག་ཁོམ་ཡོད་རྒྱུ་མ་རེད། སྤྱི་ཟླ་བཞི་བ་བར་དུ་ལས་བྲེལ་ཅུང་ཆེ་གི ཡིན་ནའང་ལྟ་གི་ལྟ་གི་བྱེད་དགོ་ཡ། ཁྱོད་འདི་དངོས་གནས་རྩོམ་ཡིག་འབྲི་བར་ྦརྩོན་འགྲུས་ཆེ་གི་ཡ། འདི་ལྟར་མུ་མཐུད་ན་རྩོམ་པ་པོ་ཡག་པོ་ཞིག་ཆགས་པར་རེ་བ་ཆེ་གི་ཡ། ཤུ་རེ་བྱོས་ཨེ་གོ