ཆར་བ་ནི་མུ་མཐུད་དུ་འབབ་བཞིན་ཡོད་ལ། བློ་བཟང་སླར་ཡང་ཕྱིར་དྲན་གྱི་མཛེས་སྡུག་ལྡན་པའི་བྱུང་རིམ་དེ་ཡི་ཁྲོད་དུ་འཐིམ།
བན་སྡེ་འཚོས། མུ་མཐུད་དུ་བཤད་དོན། མཚན་མོ་དེར་ངས་ཁོ་རང་ལ་སྐད་ཆ་དེ་བཤད་དུས་སུ། ཁོས་ཀྱང་གཏན་ནས་ཡིད་ཆེས་བྱས་མ་སོང་བ་མ་ཟད། བར་སྐབས་ཤིག་ལ་ཁོ་རང་དགོད་ཀྱིན་འདུག དེ་དུས་ངས་ག་རེ་བྱས་སོང་ཞེས་བཤད་དུས། ལྟོས་དང་ཟེར་ནས་ང་རང་གི་ལག་པ་ནས་ཕར་འཐེན་ནས་ཁོ་རང་གི་ཕྱོགས་སུ་འཁྱེར་སོང་།
བློ་བཟང་གིས་དངོས་ནས་དེ་འདྲ་ཞིག་ཡིན་ན་ནི། ངས་ཀྱང་ཁྱེད་རང་གི་གཏན་ནས་མི་ཤེས་པའི་སྐབས་ཤིག་བཙལ་དགོས་པ་རེད་དམ་ཟེར་ནས་སྐད་ཆ་གཞན་ཞིག་གི་སྟེང་དུ་ཁྲིད་ནས། ཁྱེད་རང་ལ་ཚུར་དགའ་ཡི་འདུག་ཟེར་ནས་ཨུ་ཚུགས་རྒྱག་མཁན་འདྲ་མི་འདུག་གམ། ཡོད་ན་ནི་ཁྱེད་རང་གིས་དེ་དག་ལ་ལན་ཇི་ལྟར་ལོག་པ་ཡིན་ཟེར་ནས་བན་སྡེ་འཚོ་ཡི་སེམས་པ་གཡེང་དུ་བཅུགས།
བན་སྡེ་འཚོས། ཡོད་ཀི ལྷག་པར་དུ་ང་ཚོའི་སྡེ་བའི་ནང་གི་ཕོ་གསར་ཞིག་གིས་ང་རང་ལ་སྒུག་ནས་ལོ་ངོ་གཉིས་ཙམ་བསྡད་པ་རེད་ལ། རྒྱུན་དུ་ང་རང་ལ་རེ་བ་ཡོད་པའི་སྐོར་གོ་སྐབས་གང་རེག་ས་ནས་བཤད་ཀྱི་འདུག་པ་མ་ཟད། ངེད་ཚང་དུ་གཉེན་སློང་དུ་ཡང་ཐེངས་མ་གཅིག་གཉིས་ཤིག་ལ་ཡོང་བ་རེད། འོན་ཀྱང་། ཕོ་གསར་དེ་ནི་ཅུང་ཙམ་ཁོང་ཁྲོ་ཆེན་པོ་དང་། ནམ་ཡིན་ན་ཡང་། མི་ལ་འཁྲིག་འཛིང་བྱེད་མཁན་ཞིག་རེད། དེ་ཡིན་དུས། ངས་ཁོ་རང་ལ་གཏན་ནས་ཁས་ལེན་བྱེད་མ་འཕོད་པར་ད་ལྟའི་བར་དུ་ལུས་པ་རེད། ད་རེབས་ཁྱེད་རང་ལ་ལམ་བར་འདི་ནས་མ་ཐུག་པ་ཡིན་ན། ང་རང་ཕྱིར་སྡེ་བའི་ནང་དུ་སོང་བ་ཡིན་ན། དངོས་ནས་ཁོ་རང་ལ་ཁས་ལེན་བྱེད་དགོས་བསམ་ནས་བསྡད་ཡོད། གང་ཡིན་ཟེར་ན། ཁོ་རང་དངོས་ནས་དེ་འདྲའི་མི་རྩུབ་མོ་ཞིག་ཡིན་ཡང་། ང་རང་ལ་སྒུག་ཡུན་ནི་ཐུང་ཐུང་ཞིག་མིན་སྟབས། ཁོ་རང་ང་ལ་དགའ་བ་དེ་ནི་བདེན་པ་རེད་འདུག ང་རང་ལ་དེ་ལས་གཞན་མང་བོ་ཞིག་དགོས་ཀྱི་མི་འདུག
བློ་བཟང་གིས། དངོས་ནས་ཡ་མཚན་རེད། ཁྱེད་རང་གིས་ལྟོས་དང་། ངས་སྔོན་ཆད་ལྷ་སྒྲུང་དེ་འདྲ་གོ་མྱོང་ཡོད་ཀྱང་། དངོས་སུ་ཐུག་འཕྲད་བྱུང་བ་ཁྱེད་རང་ཡིན་ལ་ཡིད་ཆེས་ཀྱང་བྱས་མྱོང་མེད། ད་ནི་ཁྱེད་རང་གིས་ཉམས་བཞག་མེད་པའི་སྐབས་དང་བསྟུན་ནས་ངས་རང་གི་རྐང་ཤུབས་ཁྱེད་རང་གི་མགོ་ལ་བསྐོར་བ་ཡིན། ད་ལྟོས་དང་ཟེར་ནས་བློ་བཟང་གིས་བན་སྡེ་འཚོའི་ལག་པ་ནས་བཟུང་དེ་རང་གི་ཕྱོགས་སུ་འཐེན་་
བློ་བཟང་ཁོ་རང་ནི་མི་ཚེ་ནང་དུ་བུད་མེད་གཞན་དང་འགྲོག་མྱོང་བ་མ་ཟད། འཁྲིག་པ་ཡང་མི་ཉུང་བ་ཞིག་སྤྱད་མྱོང་ན་ཡང་། དེ་ཡི་ནུབ་མོ་བན་སྡེ་འཚོས་བཤད་པ་ལྟར། རང་གི་རྐང་ཤུབས་ཁོ་མོའི་མགོ་ལ་གཡུགས་རྗེས་མཇེ་ངན་བཀག་ལ་བླངས་དེ་ལྕགས་ཐུར་ལྟ་བུ་ཞིག་ཆགས་པ་མ་ཟད། མོ་དང་ལྷན་དུ་འཁྲིག་པ་མཚན་ནུབ་བསྐྱལ་མོར་ངལ་སྐར་མ་ཁ་ཤས་རིང་དུ་གསོ་བཞིན་མཚན་འཕུད་པ་མ་ཟད། ཞོགས་པ་ཡང་ཞོགས་ཇ་ཡང་མ་འཐུང་བར་བན་སྡེ་འཚོ་དང་ལྷན་དུ་ཉལ་ནས་ཡར་གཏན་ནས་བླངས་འདོད་མེད་པར་བསྡད་པ་མ་ཟད། དེ་ནི་ཁོ་རང་གི་མི་ཚེ་ནང་དུ་འཁྲིག་པའི་ཚོར་སྣང་ཆེས་སྐྱིད་ཤོས་དེ་བྱུང་བ་མ་ཟད། ཆུ་ཚོད་བཅུ་གཉིས་སྟེང་དུ་མགྲོན་ཁང་ཕྱིར་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་པ་ཤེས་ན་ཡང་། ད་དུང་དངོས་ནས་ཁོ་མོ་དང་འབྲལ་འདོད་མེད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེ་བ་མ་ཟད། བན་སྡེ་འཚོ་ཡང་བློ་བཟང་ལ་འཐམ་ནས་སྙིང་གཏམ་རེ་བཤད་དེ་ལུས་ཡོད་པ་རེད།
བློ་བཟང་གིས། ད་ཆུ་ཚོད་བཅུ་གཉིས་ཟིན་གྲབས་འདུག ང་སོང་ནས་མགྲོན་བདག་ལ་སྐད་ཆ་ཞིག་དྲིས་ནས་འུ་གཉིས་ཆུ་ཚོད་གསུམ་པ་བཞི་བ་ལ་མགྲོན་ཁང་ནས་ཕྱིར་འབུད་ན་འགྲིག་གི་ཡོད་མེད་སྐད་ཆ་ཞིག་དྲིས་དེ་འོང་། ཁྱེད་རང་ཉལ་ནས་བསྡོད་ཟེར་བཞིན། ཕར་ཕྱོགས་ཀྱི་ཉལ་ཁྲིའི་འགྲམ་གྱི་རང་གི་གོན་པ་དེ་དག་མགྱོགས་པོ་གོན་ནས་མགྲོན་ཁང་གི་ཕྱི་ལ་བུད།
བློ་བཟང་གི་གདོང་ལ་འཛུམ་ཞིག་དང་བཅས་དེ་ཕྱིར་སླེབས་པ་མཐོང་མ་ཐག བན་སྡེ་འཚོས། ཁོང་ཚོས་འགྲིག་གི་རེད་ཟེར་གྱི་འདུག་གམ་ཞེས་མ་དྲིས་གོང་དུ། བློ་བཟང་གིས་གང་མགྱོགས་གོན་པ་འཕུད་པ་དེས་ཁོ་མོའི་སྐད་ཆ་ཉལ་སའི་ནང་ནས་དྲིས་ཆོག་པ་ལྟར་ལན་ཡང་དེ་ནས་བཏབ་པ་རེད།
བློ་བཟང་། དེ་རིང་ཕྱི་དྲོ་སོང་ན་ཁྱེད་རང་གི་ཕ་མ་དག་གིས་ཁྱེད་རང་ལ་སྒུག་ནས་བསྡད་ཡོད་ན་ཐང་། འུ་གཉིས་ད་ཡར་བླངས་དེ་བསྡུ་གསོག་བརྒྱབ་དེ་སོང་ན་ག་འདྲ་འདུག་ཞེས་བཤད།
བློ་བཟང་གིས། ཕྱི་དྲོའི་རླངས་འཁོར་ནང་དུ་སོང་ན་འགྲིག་གི་རེད། ངས་དེ་རིང་ཡོང་གི་ཡིན་ཟེར་ནས་ཁ་པར་བརྒྱབ་ཡོད་པ་ལས། ནམ་ཡོང་འདི་ཡོང་བཤད་མེད། སྐྱོན་ནི་མ་རེད་ཅེས་སླར་ཡང་ཁོ་གཉིས་ཀྱིས་སྙིང་གཏམ་མུ་མཐུད་དུ་བཤད།
བློ་བཟང་གིས། བན་སྡེ་འཚོ། ཁྱེད་རང་ཉིན་མ་གཉིས་ཀྱི་རྗེས་སུ་དངོས་ནས་བླ་བྲང་ལ་ཡོང་གི་ཡིན་ནམ། བླ་བྲང་གི་རི་ཁྲོད་པ་དེ་ཡི་གམ་ནས་མོ་ཡག་པོ་མ་བྱུང་བ་ཡིན་ན་ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡིན། ཁྱེད་རང་གིས་རི་ཁྲོད་པ་དེ་ཡི་མོ་འཐིག་པོ་ཡོད་པ་ག་རེ་བྱས་ནས་ཤེས་ཀྱི་ཡོད།
བན་སྡེ་འཚོས། དེ་སྔ་ངས་བྱ་བ་མང་བོ་ཞིག་ཁོང་ཚང་ལ་ཕྱག་མོ་བཏབ་པ་ཡིན། དངོས་ནས་ཐུག་པོ་བྱུང་། དེར་མ་ཟད་ངས་ཁྱེད་རང་ལ་བཤད་པ་ལྟར། ང་རང་ཟླ་རེ་ནང་དུ་རི་ཁྲོད་པ་དེ་ཡི་དྲུང་དུ་གཞབ་དཀྲུས་བྱེད་ཀྱི་ཡོད་པ་དེ་ཡང་ཁོང་ཚང་གི་དྲུང་ནས་བྱེད་ཀྱི་ཡོད་པ་རེད། ད་རེབ་ང་རང་ཟླ་གཅིག་ལྷག་འགོར་ཟིན་སྟབས། ནང་དུ་སླེབས་མ་ཐག ཕ་མ་ཚོས་དེ་རུ་སོང་ཟེར་ངེས་ཡིན་ལ། དེ་འདྲ་མ་བཤད་ཀྱང་ངས་ང་རང་འགྲོ་ཡི་ཡིན་ཟེར་ན་བསྔགས་ངེས་ཡིན། དེ་ཡིན་དུས། ངས་ཁྱེད་རང་ལ་ཁ་པར་གཏོང་ཆོག ཁྱེད་ཚང་གི་ནང་གི་ཁ་པར་ཨང་གྲངས་ང་རང་ལ་སྤྲོད་ཅེས་བཤད།
མུ་འགོད།
བར་སྐབས་ཞིག་ནས་ངས་བསམ་ཚུལ་ཞིག་སྤེལ་དགོས་བསམ་བསྡད་པ་ཡིན། བསམ་ཚུལ་དེ་མ་སྤེལ་ན་བསམ་ནས་ཀྱང་ཡུན་རིང་བསྡད་པ་ཡིན། དེ་རིང་ད་བསམ་ཚུལ་དེ་སྤེལ་གི་ཡིན།
ཁྱོད་ཀྱི་སྒྲུང་འདི་ཀློག་གི་ཡོད། མུ་མཐུད་ནས་འབྲི་རོགས་ཞེས་རེ་སྐུལ་ཡང་ཞུ་གི་ཡིན། ཡིན་ཡང་། ཉིན་རེར་ཚན་པ་རེ་རེ་བྲིས་ནས་སྤེལ་ན་གང་འདྲ་འདུག དེང་སྐབས་ཟིན་བྲིས་ཀྱི་ས་ཆས་མ་འདེང་བར་ཡོད་དུས་ཤིག་ལ་ཁྱོད་གཅིག་པུས་ཟིན་བྲིས་གསར་ཤོས་ཀྱི་ས་མིག་བཅུའི་ཁྲོད་ཀྱི་བཞི་བཟུང་ནས་བསྡད་པ་ཡིན་ན་ཟིན་བྲིས་པ་གཞན་པ་མང་པོ་ཞིག་གི་ཟིན་བྲིས་རྣམས་རྐང་བཙུགས་ནས་ཀློག་མ་བཅུག་པའི་ཚོར་སྣང་དེ་འདྲ་མི་འདུག་གམ། དེང་སྐབས་ཟིན་བྲིས་འདི་དག་ཡ་མཚན་ཞིག་རེད།
ཟིན་བྲིས་གསར་ཤོས་ནང་དུ་བོད་ཤ་ཁྲག་རུས་གསུམ་གྱིས་བཀང་འདུག ཟིན་བྲིས་ཁྱབ་ཤོས་ནང་དུ་ཨ་རིག་དགེ་མཐོང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་བཀང་འདུག ཨ་རིག་ཚང་གི་ཟིན་བྲིས་པ་གཉིས་ལ་དབང་འདུག
ཉིན་དཀར་ཡར་རྒྱུགས་མར་རྒྱུགས་བྱས་དེ་ལས་ཀ་གསར་བ་རེ་ཡི་སྐོར་ལ་སྐད་ཆ་བཤད་དུ་འགྲོ་བཞིན་ཡོད། ནུབ་མོ་ཕྱིར་ནང་དུ་ཡོང་ནས་ག་ལེར་རང་གིས་འགོ་བརྩམས་པ་དེ་ཡི་མཇུག་འཕུད་འདོད་ཀྱིས་ཤུ་རེ་བྱེད་ཁུལ་ཡིན་ལགས། ཁྱེད་རང་འདི་རུ་ཕེབས་པ་དགའ་ཡོད།
དེང་སང་ཁྱོད་ཁོམ་ཡོད་པ་འདྲ། སྒྲུང་རིང་འདི་ཡང་མུ་མཐུད་ནས་འགོད་ཀྱིན་འདུག ངས་གཅིག་གཅིག་གཉིས་བྱས་ནས་ཀློག་བཞིན་ཡོད།