མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གློག་བརྙན་འཁྲབ་ས་ནས་ཕྱིར་རང་གི་བསྡོད་གནས་མགྲོན་ཁང་དུ་འབྱོར་ནས། མགྲོན་ཁང་དུ་ར་སྐོར་ནང་དུ་གྲོགས་པོ་རྡོར་རྗེ་སྐྱབས་དང་རང་གྲོལ། ད་དུང་། ཉི་མ་ལྷ་སྒྲོན་དང་བུད་མེད་གཞན་རེ་གཉིས་ཤིག འཁྲབ་རོགས་ཕོ་གསར་གཞན་དག་བཅས་ལྷན་དུ་བསྡད་ཡོད་པའི་སྐབས་སུ། གློག་བརྙན་ལས་ཁུངས་ཀྱི་ཁ་པར་འབྲེལ་མཐུད་པ་བློ་བཟང་གི་གམ་དུ་ཡོང་ནས་ཁྱེད་རང་ལ་ཁ་པར་ཞིག་འབྱོར་སོང་། སྐར་མ་ལྔའི་རྗེས་སུ་སླར་ཡང་གཏོང་གི་ཡིན་ཟེར་གྱི་འདུག དེ་རིང་ཞོགས་པ་ཡང་ཁ་པར་སླེབས་སོང་། དེ་དུས་ངས་ཁྱེད་རང་ཕྱི་དྲོ་མ་གཏོགས་ཡོད་པ་མ་རེད་བཤད་པ་ཡིན། ད་ནི་ཡང་བསྐྱར་སླེབས་སོང་།

བློ་བཟང་གིས། ད་ལྟ་བར་དུ་ང་རང་ལ་ཁ་པར་སླེབས་མཁན་ནི། རང་གི་གྲོགས་པོའི་རྙིང་བ་དེ་ཡི་དགའ་རོགས་མ་སྒྲ་ནས་ཡལ་མ་གཏོགས་གང་ཡང་མེད། ཁོ་མོ་ནི་ཡིན་རྒྱུ་མ་རེད། གཞན་གྱིས་ང་རང་གི་བསྡོད་གནས་ཀྱི་ཁ་པར་ཨང་གྲངས་ཤིག་གཏན་ནས་ཤེས་ཀྱི་མེད་སྙམ་བཞིན་མགྲོན་ཁང་ནང་གི་ཁ་པར་ཁང་གི་སོང་བ་རེད།

བློ་བཟང་ཁྱེད་རང་གི་ཁ་པར། བློ་བཟང་གིས་ག་ལེར་མི་དེ་ཡི་ལག་པ་ནས་པར་ཚུར་བླངས་དེ། ཨ་རོགས། ཁྱེད་རང་སུ་ཡིན།
ང་མཚམས་སྐྱིད་ཡིན། ཁྱེད་རང་བདེ་མོ་ཡིན་ནམ།
ཡིན། ང་བདེ་མོ་ཡིན། ཁྱེད་རང་ལ་ཁ་པར་ཨང་གྲངས་ཇི་ལྟར་རེག་སོང་།
དགའ་ས་ཞིག་འཚོལ་དགོས་པ་ཡིན་ན། ཐབས་ཤེས་ཡོད་པ་རེད།
བློ་བཟང་གིས་དེ་མ་ཐག ད་ནི་མཚམས་སྐྱིད་ཀྱིས་ང་རང་བསྡོད་དུ་མི་འཇུག་པ་ཤ་སྟག་རེད་འདུག་སྙམ་ནས། ཁྱེད་རང་གིས་ད་ནི་ང་རང་གི་ཕྱོགས་སུ་ཁ་པར་མ་གཏོང་རོགས། འུ་གཉིས་ལ་འབྲེལ་བ་མེད་པའི་སྐོར་སྔ་ས་ནས་ཐག་བཅད་པ་རེད། ངའི་རེ་བ་ལ་ཁྱེད་རང་གིས་ང་ལ་སུན་པོ་མ་བཟོས་ན་ཡག་པོ་འདུག ངས་ཁྱེད་རང་ལ་ཞུ་བ་བྱས་པ་ཡིན། ཁྱེད་རང་གིས་ཕྱིན་ཆད་འདི་རུ་ཁ་པར་མ་གཏོང་རོགས།

མཚམས་སྐྱིད་ཀྱིས། ངས་ཁྱེད་རང་ལ་རེ་བ་ཞིག་བཤད་རྒྱུ་ཡོད། རེ་བ་དེ་ཁྱེད་རང་གི་སང་ཉིན་ནངས་ཉིན་ཞིག་ལ་ང་རང་ལ་ལན་འདེབས་བྱས་པ་ཡིན་ན་འགྲིག་གི་ཡོད། དེ་འགྲིག་གི་རེད་དམ། དེ་ནི་ང་རང་གི་མཐའ་མའི་ཐག་གཅོད་ཡིན། ང་རང་དངོས་ནས་ཁྱེད་རང་ལ་དགའ་ཡི་འདུག དེ་ནི་ང་རང་གི་ནོར་འཁྲུལ་ཡིན་རྒྱུ་མ་རེད།

མཚམས་སྐྱིད་ཀྱིས་དེ་སྔ་དང་མི་འདྲ་བར་སྐད་ཆ་ལྷོད་ལྷོད་བྱས་དེ་བཤད་ནས་འོང་དུས། བློ་བཟང་གིས། རེད། དེ་འགྲིག་གི་རེད། ཁྱེད་རང་ལ་རེ་བ་གང་ཡོད་པ་དེ་ང་ལ་བཤད་ན་འགྲིག་གི་རེད། ཡིན་ཡང་། རེ་བ་དེ་འགྲུབ་མི་འགྲུབ་ནི་གཏན་ནས་མི་ཤེས།

མཚམས་སྐྱིད་ཀྱིས། ང་རང་གི་རེ་བ་ནི། ཁྱེད་རང་གིས་ང་ལ་སླར་ཡང་གོ་སྐབས་ཤིག་སྤྲད་དེ་འུ་གཉིས་ལྷན་དུ་བསྡོད་ཐུབ་མིན་དེ་ཡིན་ལ། གཞན་ནི་ཁྱེད་རང་གིས་གཏན་ནས་མོས་མཐུན་མ་བྱས་པ་ཡིན་ན་ནི། ང་རང་གི་ཕུ་བོ་ཟླ་བ་ཨ་རི་ནས་ང་རང་ལེན་དུ་ཡོང་གི་ཡོད་ཟེར་ནས་བཤད་ཀྱི་འདུག ཁོ་རང་མི་འགྱངས་པར་རྡ་སར་ཡོང་ངེས་ཡིན། དེ་ཡིན་དུས། ང་རང་ཁོ་རང་དང་འགྲོག་ནས་ཕྱིར་བོད་དུ་འགྲོ་རྒྱུ་དེ་ཡིན་པ་རེད། ངས་རང་གི་ནོར་འཁྲུལ་བྱས་པ་དེར་ངས་ཁས་ལེན་བྱེད་ཀྱི་ཡིན། ངས་ཁྱེད་རང་ལ་ཞུ་བ་བྱས་པ་ཡིན། ང་རང་ལ་གོ་སྐབས་ཤིག་སྤྲོད་དང་། རྗེས་ཕྱོགས་ཀྱང་ངས་ཁྱེད་རང་གི་འདོད་པ་ལྟར་བྱེད་ཆོག

བློ་བཟང་གིས་བསམ་པར། ཁ་ཐུག་ནས་འུ་གཉིས་ཡོང་གི་མ་རེད་ཅེས་བཤད་པ་ཡིན་ན་ཁོ་མོའི་སེམས་པ་ཡང་སྐྱོ་བའི་སྒང་ལ་ཡག་པོ་མེད་པ་ཞིག་ཆགས་སྲིད་པ་ཡིན། དེ་ལས་ཐབས་མཁས་པོའི་སྒོ་ནས་ལན་ཞིག་བཏབ་ནས་ཐག་གཅོད་བྱས་པ་ཡིན་ན་ཡག་པོ་རེད་སྙམ་ཞོར་དུ། རེད་རེད། འགྲིག་གི་རེད། ཁྱེད་རང་གིས་ང་ལ་ཉིན་གཉིས་ཀྱི་རྗེས་སུ་ཁ་པར་རྒྱོབས་དང་། དེ་ནས་ངས་ཁྱེད་རང་ལ་ལན་སྤྲོད་ཆོག དེ་དུས་ཁྱེད་རང་གིས་ང་ལ་ཁོང་ཁྲོ་མེད་པ་ཞུ།

བློ་བཟང་ཁ་པར་ཁང་ནས་སྒོ་རུ་བུད་དུས། ཉི་མ་སྒྲོལ་མ་ཁ་པར་ཁང་གི་སྒོ་འགྲམ་དུ་བསྡད་ཡོད་པ་དང་། བློ་བཟང་ལ་ཁྱེད་རང་ལ་ཁ་པར་གཏོང་མཁན་གྱི་བུད་མེད་དེ་ནི་སུ་རེད་ཅེས་དྲིས་པའི་ལན་དུ་བློ་བཟང་གིས་ཁོ་གཉིས་འཕྲད་པ་ནས་འཐོར་བའི་བར་དུ་ཉི་མ་ལྷ་སྒྲོན་ལ་ཞིབ་དུ་བཤད་པ་རེད།

ཉི་མ་ལྷ་སྒྲོན་གྱིས། དེས་ན་ཁྱེད་རང་གིས་རྗེས་སུ་ཁ་པར་སླེབས་ན་ཐག་གཅོད་ག་འདྲ་བྱེད་རྩིས་ཡོད་དམ། ཁྱེད་རང་གི་བཤད་སྲོལ་ལ་བལྟས་པ་ཡིན་ན། ཁྱེད་རང་གི་ཐག་གཅོད་ག་འདྲ་ཞིག་བྱས་ཀྱང་། ཁོ་མོས་ཁྱེད་རང་བསྡོད་དུ་འཇུགས་རྩིས་མི་འདུག་པ་འདྲ། དེ་ཡིན་དུས་ཁྱེད་རང་ལ་ཐབས་ཤེས་གཞན་གང་ཡོད་པ་རེད། ཁོ་མོའི་ལྷན་དུ་མི་བསྡོད་ཟེར་ནས་ཐག་བཅད་པ་ཡིན་ན། ཁོ་མོ་རང་ཤི་རྒྱག་གི་ཡིན་ཟེར་ན་གང་བྱེད།

བློ་བཟང་གིས་ཐ་ནག་རྐང་གཅིག་ལ་མེ་སྒྲོན་ཞོར་དུ། རང་གི་ཉལ་ཁྲིའི་སྒང་ནས་ངལ་གསོ་ཞོར་དུ། རེད་རེད། ངས་ཀྱང་རྒྱུན་རིང་བོ་ཞིག་ལ་དེ་ཡི་སྐོར་ལ་བསམ་བློ་བཏང་བ་ཡིན། འོན་ཀྱང་། ཁོ་མོ་ང་རང་གི་ཆེད་དུ་རང་ཤི་རྒྱག་ཐུབ་མཁན་དེ་འདྲ་ཞིག་གཏན་ནས་རེད་མི་འདུག དེ་འདྲ་ཞིག་ཡིན་ན་ནི། ཁོ་མོས་ང་རང་གི་གང་བཤད་པ་དེར་དང་ལེན་བྱེད་ངེས་ཡིན། འོན་ཀྱང་། ཁོ་མོས་ང་རང་ལ་སུན་པོ་བཟོ་བ་དེར་དམིགས་ཡུལ་གཞན་ཞིག་ཡོད་ཁོ་ཐག་རེད། དེ་ངས་གསལ་བོ་ཞིག་ཤེས་ཀྱི་མི་འདུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཅག་འདི་རུ་ཕེབས་པ་དགའ་ཡོད། རྗེས་ཕྱོགས་ཀྱང་ཕེབས་རོགས་ཞུ། གཅན་བཟོད་རྒྱམ་ལགས། ཉིད་ཀྱི་བསླབ་སྐུལ་དེར་གང་ཐུབ་ཡིད་དུ་འཛིན་ངེས་ཡིན།

    གནམ་ལྕགས་ལགས། ཁ་པར་གཏོང་ངེས་ཡིན།

    Reply
  2. kangbu says:
    ལོ་ 16 སྔོན།

    སྒྲོ་འདོགས་དངོས་སྒྲུང་ལ་གྱེར་བའི། ཤ་རུས་ཁྲག་གསུམ་གི་ངག་སྒོ། གཟན་གྱི་ཨ་་ཁུ་ཚོར་དམིགས་ན། ཡིན་གྱི་གང་ཞིག་ལ་ལོག་འགྲོ།

    Reply
  3. kkalsang says:
    ལོ་ 16 སྔོན།

    གྲོགས་པོ། ང་ལ་ཁ་པར་ཞིག་ཐོངས་དང་། ངས་ཁྱོད་ལ་མྱུར་འཕྲིན་བཏང་ཡང་འགྲོ་ཡི་མི་འདུག དེའི་སྟབས་ཀྱིས་ང་ལ་ཁ་པར་ཞིག་ཐོངས་དང་། གལ་ཆེན་པོ་ཞིག་བཤད་རྒྱུ་ཡོད།

    Reply
  4. chentsasopa says:
    ལོ་ 16 སྔོན།

    སྤྱིར་སྒྲུང་རིང་འདི་འདྲ་བ་ཞིག་བྲིས་པ་བཟང་གི འོན་ཀྱང་མཆོང་བསྐྱོད་བྱས་པའང་ཐེངས་ཐོན་མྱོང་བ་ངས་སྐབས་ཐོག་ཏུ་བཤད་མྱོང་། ཁྱོས་ཀྱིས་གཟིགཟ་དང། བློ་བཟང་ཁ་པར་ཁང་གི་སྒོར་བུད་མ་ཐག་ཉི་མ་ལྷ་སྒྲོལ་དང་ཐུག་སོང་། ཁོ་གཉིས་ཀྱིས་ཁ་པར་ཁང་གི་སྒྲོ་ཁ་ནས་ཁ་བརྡ་བྱེད་ཀྱིན་ཡོད་མོད། ཕྲེང་འབེབ་འོག་མ་དེར་གོང་གི་སྐད་ཆའི་མཇུག་མཐུད་དེ་བློ་བཟང་གིས་ལན་བཏབ་པའི་སྐད་ཆ་ནི། “རེད་རེད། རེད་རེད། ངས་ཀྱང་རྒྱུན་རིང་བོ་ཞིག་ལ་དེ་ཡི་སྐོར་ལ་བསམ་བློ་བཏང་བ་ཡིན། “ཞེས་སོགས་རེད་མོད། འོན་ཀྱང་སྐབས་དེར་བློ་བཟང་ཁོང་གི་ཉལ་ཁྲིའི་སྒང་ལ་ངལ་གསོ་ཞོར་དུ་སྐད་ཆ་དེ་བཤད་གི་བཅུག་འདུག དེ་རིང་ཡང་ངས་ཁྱོད་ལ་རེ་བ་ཆུང་ཆུང་ཞིག་ཞུ། རྩོམ་ཡིག་བྲིས་ཚར་མ་ཐག་དྲ་ཐོག་བཀོད་པ་བཟང་མོད། འོན་ཀྱང་བྲིས་ཚར་མ་ཐག་རང་གི་རྩོམ་ཡིག་དེར་བསྐྱར་ཞིབ་ཐེངས་གཅིག་བྱ་ཐུབ་ན་ལེགས་པར་སྙམ། འདི་ཡང་དྲ་གྲོགས་ཀྱི་བརྩེ་སེམས་ཀྱིས་བཤད་པ་ལས། གཞན་སྐྱོན་ལ་བལྟ་བ་མ་ཡིན་པས་ཤེས་པར་གྱིས་ཤིག

    Reply
  5. free sopu says:
    ལོ་ 16 སྔོན།

    བཀླགས་ཟིན་སང་ཉིན་མཇལ་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese