ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་འཁྲབ་སྟོན་པ་དང་བཟོ་སྐྲུན་པ་སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་སུ་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཕུལ།

ཨ་རིའི་གློག་བརྙན་དང་སྒྱུ་རྩལ་ཕྱོགས་ཀྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་བཟོ་སྐྲུན་པ་སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་ཀྱིས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གྱིས་འབུར་དུ་ཐོན་པའི་བྱས་རྗེས་ལ་ཆེ་བསྟོད་ངོས་འཛིན་ཆེད། ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་ཁོང་ལ་ཕུལ་འདུག
སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་ཀྱིས། ཨ་རི་བོད་ཁང་གིས་ང་ལ་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་སྤྲད་ནས་ཆེ་བསྟོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག་པ་དང་། ཁོང་གིས་གཟེངས་རྟགས་དང་འབྲེལ་བའི་གནས་ཚུལ་སྒེར་ཐོག་ནས་མང་ཚོགས་ལ་གསལ་བསྒྲགས་གནང་བ་དེས། ཁོང་ལ་དགའ་མོས་བྱེད་མཁན་དང་རྗེས་འབྲང་བ་ཚོར་འཁྲབ་སྟོན་པ་ཁོང་དང་ཁོང་གི་ནང་མིར་མཚོན་ན་གཟེངས་རྟགས་འདིའི་གལ་ཆེའི་རང་བཞིན་དངོས་སུ་བསྟན་པ་མ་ཟད། མི་མང་པོ་ཞིག་ལ་བོད་དོན་སྐོར་གྱི་གལ་ཆེན་རང་བཞིན་དངོས་སུ་གསལ་འདོན་བྱས་པ་མཚོན་ཡོད་པ་རེད་ལ། གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་འགྲོ་མིའི་བདེ་རྩའི་ལས་དོན་གཉེར་མཁན་མང་པོ་མཉམ་ཞུགས་བྱས་ཡོད་ཅིང་། བོད་ཀྱི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཆེད་དུ་དགོང་ཚོགས་དེར་གླུ་གཞས་ཀྱི་འཁྲབ་སྟོན་ཞུས་འདུག
གཟེངས་རྟགས་དེ་ཉིད་འཛམ་གླིང་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཁག་ལ་ཆེ་བསྟོད་ཆེད་ཕུལ་གྱི་ཡོད་ཅིང་། འདི་ལོར་ཨ་རིའི་གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་ཁྲོད་མིང་གྲགས་ཆེ་བའི་སྐུ་ཞབས་མེ་ཁེལ་ཌོག་ལ་སི་ལགས་སུ་ཕུལ་བ་དེས་ཨ་རིའི་སྤྱི་ཚོགས་དང་འཛམ་གླིང་ནང་བོད་དོན་ལ་དོ་སྣང་སྔར་ལྷག་ཡོང་བར་སྐུལ་འདེད་ཐེབས་རྒྱུ་ཡིན་དང་། རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ (Art of Freedom Award) དེ་ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་བོད་ཁང་གིས་གསར་འཛུགས་གནང་བ་ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ལས་དོན་ལ་བྱས་རྗེས་འཇོག་མཁན་གྱི་མི་སྣ་ཁག་ལ་ཆེ་བསྟོད་བྱེད་ཆེད་དུ་ཕུལ་གྱི་འདུག
ཨ་རིའི་གློག་བརྙན་དང་འབྲེལ་བའི་གསར་ཁང་ (Entertainment) གནས་ཚུལ་ནང་། ཨ་རིའི་བོད་ཁང་གིས་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་ཉིད་བརྒྱུད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་རོགས་འདེགས་བྱེད་ཀྱི་ཡོད། དམིགས་བསལ་འདི་ལོའི་མཛད་སྒོར་རྒྱལ་སྤྱིའི་སྐར་ཆེན་ཚོས་ཀྱང་བོད་ཀྱི་ཤུལ་བཞག་རིག་གཞུང་ལ་དོ་སྣང་དང་རྒྱབ་སྐྱོབ་བྱེད་བཞིན་པའི་རྣམ་པ་གསལ་བོ་མཚོན་ཡོད་པ་མ་ཟད། མ་འོངས་པའི་གཟེངས་རྟགས་ཐོབ་མཁན་ཚོར་བོད་དོན་དང་བོད་ཀྱི་རིག་གཞུང་ལ་རྒྱབ་སྐྱོར་གྱི་ཚད་གཞི་མཐོན་པོ་ཞིག་གི་ཐོག་ནས་ལྟ་དགོས་པ་ཞིག་ཏུ་གྱུར་ཡོད་སྐོར་སོགས་བརྗོད་འདུག





