མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོ་ནུབ་ང་རང་ས་ལ་བརྡབས་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ང་རང་ལས་ཀ་གྲོལ་ནས་ཕྱིར་ནང་དུ་མ་འབྱོང་གོང་དུ། ངས་རླངས་འཁོར་འབབ་ཚིགས་ནས་རང་གི་ཆེས་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་སང་ཉིན་གུང་གསེང་ཡིན་པའི་ཁོམ་པ་ཡོད་ན་ང་ཚོ་བོད་རིགས་གྲོགས་པོ་འགའ་ཞིག་མཚོ་མཐར་འཛོམ་ན་ག་འདྲ་འདུག་ཟེར་ནས་དྲིས་པ་ཡིན། འོན་ཀྱང་། སྐབས་དེར་ཁོས་ང་རང་གི་རྒན་མོ་ཕྱི་རུ་སོང་ནས་ནང་དུ་སླེབས་མ་སོང་། ཁོ་མོ་ཚུར་སླེབས་དུས་ངས་སྐད་ཆ་ཞིག་དྲིས་ནས་སང་ཉིན་ལས་ཀ་འདྲ་ཡོད་མེད་འདྲི་ཆོག་ཟེར། དེ་དུས་ངས་ཀྱང་དེས་ན་བཟང་གི ང་རང་དུས་ཚོད་གཅིག་གི་ནང་ཚུན་དུ་ནང་ལ་འབྱོར་ངེས་ཡིན། དེ་དུས་ངས་ཁྱེད་རང་ལ་གློག་འཕྲིན་སྐུར་ཆོག

ང་རང་ནང་དུ་ཆུ་ཚོད་གཅིག་ཙམ་འགོར་མ་འགོར་གྱི་མཚམས་སུ་ནང་དུ་འབྱོར་བ་དང་། ཇ་ཞིག་བསྐོལ་ནས་གློག་ཀླད་ཀྱི་མདུན་དུ་བསྡད་དེ་ཁོ་རང་ལ་གློག་འཕྲིན་ཞིག་བཏང་བ་ཡིན། དེ་དུས་ཁོས་ཀྱང་ང་རང་ལ་གློག་འཕྲིན་གྱི་ལན་དུས་ཐོག་དུ་གནང་གི་འདུག ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཀྱིན་བྱེད་ཀྱིན། ངས་ཁོ་རང་གི་སྐད་ཆ་དེ་དག་ལ་ཡིད་ཆེས་བྱེད་དགོས་མིན་གྱི་སྐོར་ནས་སྐད་ཆ་གསལ་བོ་དྲིས་ཀྱང་། ཁོས་ང་རང་ལ་ཚིག་གིས་བརྒྱབ་དེ་ངས་ཁྱེད་རང་ལ་སྡུག་ཐུག་དུས་འདི་ལྟར་བཤད་པ་དེར་ཁྱེད་རང་གིས་ཡིད་ཆེས་མི་བྱེད་ན་ཟེར་ནས་ང་ལ་འཁང་ར་བྱས་སོང་།

དེ་དུས་ངའི་སེམས་སུ་ཡང་སྐྱོ་སྣང་དྲགས་པོ་ཞིག་དང་བཅས། ངས་ཁོ་རང་ལ་ང་རང་གི་ཐུབ་པ་ཞིག་ཡིན་ན་ནི། ང་རང་ག་དུས་ཡིན་ཡང་ཁྱེད་རང་གི་ཕྱོགས་སུ་བླངས་རྐྱང་ཡིན་ཟེར་ནས་རང་གི་སེམས་གཏིང་གི་སྐད་ཆ་དམར་དམར་རྗེན་རྗེན་དེ་བཤད་པ་ཡིན་ལ། ལྷག་པར་དུ་ཁོ་རང་ལ་དངོས་ནས་ཁ་བརྡ་ལྷོད་ལྷོད་ཅིག་མི་བྱེད་ཐབས་མེད་རེད་སྙམ་ནས་སེམས་ཁྲལ་ཆེན་པོ་བླངས་བཞིན་པའི་སྐབས་དེར། ཁོས་ང་རང་ལ་ད་ང་རང་གི་རྒན་མོ་སླེབས་སོང་། ཁྱེད་རང་གིས་ཁ་བརྡ་བྱོས་ཟེར། དེ་དུས་ང་རང་ལ་དངོས་ནས་ཁ་བརྡ་བྱེད་འདོད་ཀྱི་ཡི་ཀ་ཡོད་ཚད་ཁོ་རང་གིས་འགགས་བཅུགས་ཚར་མ་ཐག་ཡིན་དུས། ངས་ཁོ་རང་གི་རྒན་མོས་དབྱིན་ཡིག་གི་སྟེང་ནས་ང་ལ་འཚམ་འདྲི་ཞིག་ཞུས་པ་དེར་ཡང་། ཐད་ཀར་ལན་མ་བཏབས་པར་ངས་རང་གི་གྲོགས་པོ་དེ་ལ་ད་བདེ་མོ་བྱོས། སང་ཉིན་སྐད་ཆ་བཤད་ཆོག་གི་རེད་ཅེས་གློག་འཕྲིན་སྒོ་བརྒྱབས་པ་ཡིན།

ང་ནི་དངོས་ནས་གྲོགས་པོའི་ཆེད་དུ་སེམས་སྡུག་དང་ཕྱི་ནང་ཧ་ཅང་ཆེ་བའི་ཁོ་རང་གི་འཚོ་བའི་སྐོར་ལ་བསམ་བློ་བཏང་ནས་སེམས་པ་མ་སྐྱིད་པར། ག་ལེར་རང་གི་ནམ་རྒྱུན་དུ་བྱེད་ཀྱིན་པའི་དྲ་རྒྱ་དག་ལ་ཉུལ་ནས་སྤུན་ཟླ་དག་གི་ཟིན་བྲིས་དང་བསམ་ཚུལ་ཀློག་འགོ་བཙུགས་མ་ཐག དོ་ནུབ་ག་རེ་བཤད་པ་ཚང་མ་ཀུ་རེ་ཡིན་ཟེར་ནས་གློག་འཕྲིན་ཞིག་སླེབས་སོང་། དེ་དུས་དངོས་ནས་ང་རང་གིས་ཡིད་ཆེས་བྱས་དེ་སྐད་ཆ་བཤད་པ་དེ་དག་ནི། ཁོ་རང་གི་ཀུ་རེ་རྩེད་མོ་རྩེད་བྱེད་ཁོ་ན་ཞིག་དུ་བཟུང་འདུག་པ་དེར་མཐོང་ནས་སེམས་པ་ཕམ་ནས་ལན་རྩ་བ་ནས་སྤྲོད་འདོད་མེད་པར་མུ་མཐུད་དུ་ཟིན་བྲིས་དག་ཀློག་ཁུལ་བྱས་པ་ཡིན། དེ་དུས་སླར་ཡང་། སེམས་སུ་མ་འཛིན་རོགས་ཞུ་ཟེར་ནས་གློག་འཕྲིན་ཞིག་འབྱོར་སོང་།

གྲོགས་པོ་དང་གྲོགས་པོའི་བར་དུ་དོན་དངོས་དང་ཀུ་རེ་གྱི་དབྱེ་བ་ཕྱེ་ནས་སྐད་ཆ་བཤད་དགོས་པ་དེ་ནི་ཧ་ཅང་གི་གལ་ཆེན་དོན་ཆེན་དུ་མཐོང་ནས་དོ་ནུབ་རང་ཉིད་ཀྱི་ཆེས་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་གིས་ས་ལ་བརྡབས་པའི་ཉམ་མྱོང་འདིས། ངས་འདི་ནས་སྤུན་ཟླ་ཕོ་མོ་སུ་ཞིག་ཡིན་ཡང་། ཁྱེད་རང་ལ་དངོས་ནས་རང་གི་གྲོགས་པོ་ཞིག་གི་ཡིད་ཆེས་ཀྱི་སྒོ་ནས་སྐད་ཆ་འདྲི་བཞིན་པའི་སྐབས་དེར་སྐད་ཆ་དེ་དག་དྲང་མོ་བྱས་དེ་ལན་འདེབས་རྒྱུ་དེ་ནི་གལ་ཆེན་པོ་ཡིན་པ་ཐུགས་སུ་འཇགས་རོགས་ཞུ་ཟེར་ནས་འབོད་སྐུལ་ཞུས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 3

  1. gekey says:
    ལོ་ 16 སྔོན།

    http://yushul414.blogspot.com/མ་ཎི་འུར་འདོན་ཞེས་པའི་དྲ་ཚིགས་འདི་ནི་བོད་མི་རྩོམ་འབྲི་བ་ཚོས་རྩོམ་ཡིག་གི་ལམ་ནས་ཡུལ་ཤུལ་ལམ་ཁམས་སྐྱེ་རྒུ་མདོའི་ས་འགུལ་གྱི་གོད་ཆག་ཐེབས་ཁུལ་ཡུལ་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་ཡང་ན་ཐུགས་གསོ་གནང་སའི་གཤིན་ས་ཞིག་ཡིན་པ་མ་ཟད།རྩོམ་ཡིག་རེ་རེའི་མཐར་མ་ཎི་གསོག་སྒྲུབ་བྱེད་ས་ཡོད་པ་དེ་ནས་ཀློག་པ་པོ་ཚོས་མ་ཎི་གང་མང་གསོག་ནའང་ཆོག་པས།གཞེས་བྱེས་རྩོམ་འབྲི་བ་དང་ཀློག་པ་པོ་རྣམས་དྲ་ཚིགས་འདིར་ཞུགས་པའི་སྨོན་ལམ་འདེབས། ཨྂ་མ་ཎི་པདྨེ་ཧཱྂྂ༔ གཡུ་ཞུན་དྲ་བ་ལས་བཤུས།
    http://yushul414.blogspot.com/

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། ཉིད་རང་ཕེབས་ནས་སེམས་གསོའི་གཏམ་ཞིག་གནང་བ་དེར་བཀའ་དྲིན་ཆེ། ངས་འདི་ནི་རྗེས་སུ་སྤུན་ཟླ་གཞན་དག་གིས་རང་རང་གི་གྲོགས་པོ་དག་ལ་སྐད་ཆ་གང་ཞིག་བཤད་དུས་སུ། དངོས་ནས་གཟབ་ནན་གྱིས་གསུང་དགོས་པ་ལས་ཀུ་རེ་རྩེད་པ་དེ་ཡང་རྩེད་མ་ཤེས་ན། མི་སེམས་ལ་རྨ་ཁ་བཟོ་སྲིད་པར་ཉེན་བརྡ་བཏང་བ་ཡིན་ལགས།

    Reply
  3. free sopu says:
    ལོ་ 16 སྔོན།

    སྤྱིར་མི་ཁྲ་ཁྲ་ཞིག་ཡིན་ན་དེས་གྲོགས་པོ་གྲོགས་མོ་སུ་ལ་ཐུག་ན་སྐྱག་རྫུན་བཤད་རྒྱུ་
    དང་ཁྲམ་པ་བཟོ་རྒྱུ་ཁོ་རང་གི་རང་བཞིན་འམ་འགན་ལྟ་བུ་ཞིག་ཆགས་ཡོད་པས་མི་ཚོ་དེ་འདྲ་ཞིག་ལ་རྩིས་ན་ད་བཟོད་ཁྱོད་བློ་ཕམ་དེ་འདྲ་སྐྱེ་རྒྱུ་མ་རེད་བསམ་གི་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese