མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐད་ཀར་རང་ལ་སེམས་གསོའི་ཚུལ་དུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕ་མ་ཉེ་དུ་བཞག་ནས་རྒྱང་རིང་ལ་སླེབས་ནས།།
རིགས་ཀྱི་བུ་མོ་འདི་ཡི་ལས་དབང་ལ་བསམ་བཞིན།།
ཉིན་ལྟར་ལས་ཀྱི་བྲེལ་བའི་མགོ་རྐང་རང་གཟེར་ཡང་།།
སེམས་ལ་ངལ་བ་མེད་པར་ཧུར་བརྩོན་རང་བྱས་ཀྱང་།།
ལུས་ཀྱི་འབྲེལ་བའི་བར་གྱི་དགའ་རོགས་མའི་གམ་དུ།།
སྐྱིད་ལ་སྡུག་རོགས་མེད་པའི་འཚོ་བ་འདིས་གཞུག་ན།།
མ་འོངས་རེ་བ་ཡོད་སའི་ཁྱིམ་ཚང་ཞིག་མི་རིག།
འདི་ཉིད་དྲན་དུས་སེམས་ཀྱི་གཏིང་རིམ་གྱི་སྐྱུར་ཁ།།
འདོད་མེད་འཐུང་དགོས་ང་ཡི་ལས་དབང་གི་གནམ་འོག།
སོ་སོས་བཟོས་པའི་ནག་ཉེས་ལྕི་མོ་འདིས་ལན་ནམ།།
ཡང་ན་གཞན་དག་བསམ་པའི་འདུ་ཤེས་འདིས་ལན་ནམ།།
འཚོ་བ་ངན་ངན་ཞིག་གི་དགོས་མཁོ་ཞིག་རེད་དམ།།
རང་སྐད་རང་ཡུལ་མེད་པའི་གཞན་ཡུལ་གྱི་མི་ཚེ།།
ཅི་ཙམ་རོལ་ཡང་དེ་ཙམ་གོམ་ཐབས་ཤིག་དཀའ་བ།།
ང་ཉིད་གཅིག་བུའི་ལས་དབང་ཨེ་ཡིན་ནི་བསམ་གི།
ང་དང་འདྲ་བའི་རིགས་མཐུན་སྤུན་ཟླ་ཚོ་ཡོད་སའི།།
གླིང་ཕྲན་མི་གཅིག་འཛམ་གླིང་སོ་སོ་ན་གནས་པའི།།
སྤུན་ཟླ་ཀུན་ལ་ཚོར་བ་འདི་འདྲ་རང་ཡོད་སྲིད།།
ཡོད་ན་ཡོད་པའི་དགའ་སྐྱོ་ཡིག་གཟུགས་སུ་བྲིས་དེ།།
རང་རིགས་རྗེས་རབས་ནོར་བའི་ལམ་ཕྲན་འདིར་མི་ཞུགས།།
ཆེད་དུ་ང་ཚོས་ཉམ་མྱོང་དམར་པོ་དག་གླེང་ན།།
རིགས་ཀྱི་སྲུ་ཞུ་ཟེར་བ་དེ་འདྲ་ཞིག་ཡིན་འགྲོ།

 


དྲང་མོ་བཤད་ན་གཞན་ཡུལ་སྙེགས་མཁན་ཚོ་ནི་ཅི་འདྲའི་མི་གླེན་པ་ཤ་སྟག་ཞིག་རེད་ཨང་སྙམ་ཞོར་དུ། སེམས་པ་གསོ་བའི་སྙན་ངག་འདི་ཤར་མར་དྲ་ངོས་ནས་བྲིས་པ་ཡིན། ༡༦།༩།༡༠ ཨེས་སུ་རལ་གྱི་རྒྱལ་ས་རྗོ་སུ་ལམ་ར་མོ་ཀྲི་གྲོང་ཚོ་ནས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 12

  1. sha tak ri sim says:
    ལོ་ 16 སྔོན།

    ལྷ་མོ་ལགས། ཉིད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་བཀའ་དྲིན་ཆེ། རྗེས་སུ་ཡོང་གི་བསྡོད། སྒོ་ཕྱེ་ནས་བཞག་ཡོད།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    གནམ་ལྕགས་ལགས།
    དཀྲུས་ན་འདགས་ཐབས་མེད་པའི་རང་གཤིས་དང་།།
    སྐྱུར་ནས་ཐར་ཐབས་མེད་པའི་མི་ལུས་འདི།།
    རིགས་ཀྱི་དུངས་པ་ལྕི་མོའི་ན་ཟུག་ལ།།
    ནམ་ཡང་ལྷོད་དུ་མེད་པར་བསྡམས་པ་ཡིས།།
    ཚོར་བ་ཞིག་གི་དྲངས་པའི་ཚིག་འཕྲེང་འགའ།།
    དྲ་ངོས་ཐད་ཀར་འབྲི་བར་དགའ་ལུགས་ཤིག།
    ས་མཐའི་མི་ཚོས་ལས་དབང་ཁོ་ནར་གྱུར།།

    Reply
  3. lhamoo says:
    ལོ་ 16 སྔོན།

    ༄༅། །༢༠༠༩།༩།༡༦ ཉིན་གྱི་ཕྱི་དྲོ་ཚོུད་ ༡།༣༠ ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་གྲོས་ཚོགས་སུ་རྩ་འབོར་གྱི་སུམ་ཆ་གཉིས་ཏེ་སྤྱི་འཐུས་ ༢༨ དགོས་ངེས་ཀྱི་གྲུབ་ཆ་མ་ལོངས་ནས་ཚོུད་ ༣།༡༥ བར་ཚོགས་གསེང་གནང་དགོས་ཆགས་སྐབས་གྲོས་ཚོགས་སུ་ཕེབས་གནང་མེད་པའི་སྤྱི་འཐུས་རྣམས་ཀྱི་མིང་གཞུང་མཁྱེན་འདོད་ཡོད་མཁན་མང་པོ་ཞིག་ཡོད་ཚོད་འདུག་པ་ལྟར་སྐབས་དེར་གྲོས་ཚོགས་སུ་སྤྱི་འཐུས་ ༢༧ ཕེབས་ཡོད་པ་དང་། མ་ཕེབས་མཁན་ ༡༦ ནི་གཤམ་གསལ་ལྟར་རེད།

    ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༨ བསོད་ནམས་སྟོབས་རྒྱལ། ༩ བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༠ དབུ་དཀར་གཡུ་སྒྲོན། ༡༡ སྒྲོལ་མ་མཚོ་མོ། ༡༢ བསྟན་འཛིན་མཁས་གྲུབ། ༡༣ ཆབ་བྲག་ལྷ་མོ་སྐྱབས། ༡༤ ཡེ་ཤེས་སྒྲོལ་མ། ༡༥ བསོད་ནམས་ཚེ་རིང་ཕར་སི། ༡༦ བསྟན་འཛིན་ཆོས་ལྡན་བཅས་རེད། ཁག་ཅིག་སྔ་དྲོ་གྲོས་ཚོགས་སུ་ཡོད་ཀྱང་གུང་ཚིགས་བར་གསེང་སྐབས་དུས་ཐོག་མ་འབྱོར་བ་ལས་རྗེས་སུ་ཚོུད་ ༣།༡༥ ཐོག་འབྱོར་མཁན་ཡང་བྱུང་ཡོད་པ་རེད།

    གཞན་ ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ བསོད་ནམས་སྟོབས་རྒྱལ། ༨ བདེ་བ་ཚང་རྡོ་རྗེ་དབང་འདུས། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་སྤྱི་སྒེར་གྱི་ལས་དོན་གང་གི་རྐྱེན་པས་ཕེབས་ཐུབ་ཡོད་མེད་མི་ཤེས་ཀྱང་ཕྱི་ཚེས་ ༡༦ ཞོགས་པ་ནས་གྲོགས་ཚོགས་སུ་ཕེབས་མི་འདུག་པ་བཅས་མཁྱེན་འདོད་མཁན་རྣམས་ལ་ཕན་ཕྱིར་བཀོད་པའོ།།

    དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་བང་ཆེན་ཟིན་བྲིས་སུ་བཀོད་པ་ལས་དྲངས་པ་ཡིན།

    Reply
  4. kkalsang says:
    ལོ་ 16 སྔོན།

    སྐྱིད་སྡུག་རེས་ཀྱིས་སླེབས་པའི་མྱི་ཚེ་འདིའི་མཐའ་ན།།
    ཐམས་ཅད་དངངས་སྐྲག་སྐྱེས་སའི་འཆི་བ་དེ་ཡོད་ཀྱང་།།
    ཕངས་མེད་ལུས་ཀྱི་ངལ་དུབ་རི་བོ་བཞིན་བརྩེགས་ནས།།
    རྩོལ་སྒྲུབ་འཚོ་བ་ཟབ་མོའི་གཏིང་མཐའ་རུ་བསྙེག་གོ།།
    མི་རྟག་སྒྱུ་མའི་བསླུ་བྲིད་འཇིགས་ཡེར་གྱི་རྣམ་པ།།
    གྲོགས་ཁྱེད་གང་དུ་བཞུད་ཀྱང་སྡུག་སྣང་གི་ཚོར་བ།།
    བདེ་མེད་འཁོར་བ་འདི་ཡི་སྙིང་བོ་ལ་བསམ་ན།།
    འཆི་བའི་ཐར་བ་དེ་ལ་བྲེལ་བ་ཡིས་མྱོས་འགྲོ།།

    གྲོགས་པོ་ལགས། དེ་ནི་མི་རྟག་པའི་རྩ་བ་སེམས་ལ་ཟུག་པའི་རྟགས་ཤིག་རེད་ཡ།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    བསྟན་འཛིན་ཚེ་འཚོ་ལགས།
    ཟང་ཟིང་སྒྱུ་མའི་གཡོག་དུ་ཚུད་ཉིན་ནས།།
    འདོད་དང་མི་འདོད་ས་མཚམས་གཏན་མེད་པར།།
    ཤི་རེག་བར་དུ་འདུར་རྒྱུགས་བྱེད་དགོས་པ།།
    སྔ་ནས་དྲན་ཡོད་ད་ལྟ་ཉིད་རང་གིས།།
    སླར་ཡང་དྲན་དུ་སྐུལ་བ་བཀའ་དྲིན་ཆེ།།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས།
    རང་སེམས་རང་གིས་གསོས་དེ།།
    མི་ལོ་མང་བོ་བུད་ཐལ།།
    ད་ནི་གོམ་གཤིས་ཆགས་ནས།།
    སེམས་གསོའི་སྙན་ངག་ཐར་ཐོར།།
    རིགས་ཀྱི་སྡེ་ལ་འགྲེམ་རྒྱུར།།
    སེམས་ནས་དགའ་སྣང་ཡོད་ཀི།

    Reply
  7. Tentsetso says:
    ལོ་ 16 སྔོན།

    བསམ་བྱུང་རི་མོ་ཐོད་ལ་ཕབ་པའི་དུས་ཀྱི་ཡོ་ལང་ཞིག།
    མི་རྟག་སྒྱུ་མའི་བློ་ལ་སྐྱེ་རྒ་ན་འཆིའི་གཟེར་ཞིག་ལངས།།
    མ་རུང་གཤེད་མའི་ཚོགས་ལ་མི་གྲུབ་བསམ་པའི་གཏོར་ཞིག་བཅོས།།
    ཟིང་ཟིང་འདུ་བའི་ཁྲོད་ན་མགོ་བོ་དུད་དེ་འགྲོ་ན་དགའ།།

    Reply
  8. tsekyis says:
    ལོ་ 16 སྔོན།

    རྒྱུ་འབྲས་མི་བསྣོགས་བཞུགས་ཀྱང་།།
    སེམས་པ་གྲང་མོ་ཆགས་འདུག།
    སེམས་པ་གྲང་མོར་ཆགས་དུས།།
    རང་སེམས་རང་གིས་གསོས་སོང་།།
    ཧཧཧཧཧཧཧཧཧ

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས།
    སང་འགྲོ་ནངས་འགྲོ་ཁྱད་མེད།།
    ལས་ཀྱི་རྒྱུ་འབྲས་མི་བསྣོག།
    དེ་ལྟར་བསམ་ནས་འདི་རུ།།
    འདོད་མེད་ལྷག་ནས་བསྡད་ཡོད།།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    ཁ་བ་ནག་པོ་ལགས། ཡུན་རིང་ཞིག་ལ་ངེད་ཚང་དུ་ཕེབས་མ་བྱུང་། དེ་རིང་ཕེབས་ནས་བསམ་ཚུལ་དོན་སྙིང་ཡོད་པ་ཞིག་གསུངས་པ་དེར་དགའ་ཡོད་ལགས། དངོས་ནས་ཨོ་སུ་ཀྲི་ལེ་ཡའི་གདོན་མའི་བཤད་རྒྱུན་དེ་ནི་ང་ལྟ་བུའི་མི་སྡུག་ཐུག་དག་ལ་དངོས་ནས་འཚམ་པོ་འདུག དེ་མིན་དངོས་ནས་གང་ཤེས།

    Reply
  11. tsekyis says:
    ལོ་ 16 སྔོན།

    རང་གིས་འདེམས་པའི་མི་ཚེའི་ལམ་བུ་དེར།།
    བཞུགས་ནས་ཁྱིམ་འཛིན་མ་དེར་སྙིང་ནས་བཀུར།།
    ལྐོག་དང་ངོས་ནས་གཡོ་རྒྱུའི་སེམས་སྤངས་ནས།།
    སྙིང་ནས་དགའ་བའི་བརྩེ་བས་བསྐྱངས་པར་མཛོད།།

    མི་ཁའི་གཏམ་ངན་རྣ་བའི་རྒྱབ་ཏུ་གཡུགས།།
    རིགས་ཀྱི་མཐར་ཚོར་བོད་པའི་སྐད་ཡིག་དང་།།
    གཤིད་རྒྱུད་འཇམ་པའི་རང་གི་ཕ་མེས་ཀྱི།།
    ལེགས་པའི་གོམ་སྲོལ་གང་ཤེས་བསླབ་ན་ལེགས།།

    མ་འོངས་རེ་བའི་ལམ་བུ་མངོན་གྱུར་ཚེ།།
    ཁྱེད་ཀྱི་ཁྱིམ་ཚང་ཁ་བའི་ཡུལ་དུ་སྤོས།།
    སྙིང་གི་མཛའ་མོ་བོད་ཀྱི་ཡུལ་དུ་བསུས།།
    མཐར་མ་ཚོ་ཡི་ཁྱེད་གཉིས་བསྐྱངས་པར་ངེས།།

    མ་སྐྱོ་མ་སྐྱོ་རང་གི་བསྐོས་ཐང་རེད།།
    སྐྱིད་སྡུག་འདྲེས་མ་འཁོར་བའི་ཆོས་ཉིད་རེད།།
    མ་དོར་མ་དོར་ཆུང་མར་བྱམས་སྐྱོངས་མཛོད།།
    འདི་ནི་མི་བུའི་ཡ་རབས་སྤྱོད་བཟང་རེད།།

    Reply
  12. kawakarpo says:
    ལོ་ 16 སྔོན།

    ས་རྡུལ་སྐྱ་བོ་འདི་སྟོན་ཁ་ཞིག་གི་སེར་ཐིག་དང་མཉམ་དུ་གང་སར་འཐིབས་ཡོད་ཡ། ཡིན་ན་ཡང་སེམས་མ་སྡུག མི་ཚེ་འདི་གང་ལྟར་སྐྱིད་ལ་སྡུག་པའི་རྨི་ལམ་ཞིག་གི་ནང་དུ་རྫོགས་དགོས་པ་རེད། འཆི་བ་ཟེར་བའི་བདེ་སྐྱིད་རྔམ་པོ་ཆེ་དེའི་ཀློང་དུ་མ་སད་བར་དུ་ང་ཚོ་འདི་ལྟར་འདུར་དགོས་པ་རེད། “མི་ཚེ་འདི་རྨི་ལམ་ཞིག་རེད་ལ། ཤི་རྗེས་རྨི་ལམ་དེ་ལས་སད་པ་རེད། ”
    ཚིག་རྗེས་མ་འདི་ནི་ཨ་སུ་ཁྲོ་ལིས་ཡའི་གདོད་མའི་མི་རིགས་ཤིག་གི་མི་ཚེའི་ལྟ་ཚུལ་ཡིན་པར་བཤད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese