མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཆུ་ཚོད་བཅུ་གཉིས་མ་ཟིན་བར་དུ་ཉལ་ནས་ཡར་བླངས་པ་དང་ཀུ་ཤུ་གཅིག ར་ཤེལ་ཆུང་ཆུང་ནང་གི་ཞོ་མངར་མོ་གཅིག སྟར་ཁའི་ནང་ཉུང་བཅས་དཀྲུགས་དཀྲུགས་བཏང་དེ་ཞོགས་ཇ་ཟོས་དེ་གངས་མཚོའི་ཁ་པར་སླེབས་པ་དེ་ལ་ཁ་བརྡ་ཉུང་ཉུང་ཞིག་བྱས། མཐར་རང་གི་གློག་ཀླད་ནང་དུ་ཨ་རབ་ཀྱི་རོལ་དབྱངས་ཚོགས་པ་ཞིག་ཨེས་སི་རལ་དུ་ཡོང་ནས་མགོ་འཁོར་ནས་མི་ཁ་ཤས་ཀྱི་རོགས་རམ་འོག་འཚོ་བཞིན་པའི་གློག་བརྙན་དེ་ལ་ལྟ་འཕྲོ་བྱས་དེ་ལས་ཀ་ལ་སོང་། ཆུ་ཚོད་གཉིས་པ་མ་ཟིན་ཙམ་ནས་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་དུ་ཐབ་ཚང་ནང་དུ་མ་བྱན་དང་ངེད་གཉིས་ཀྱིས་བྱ་ཤ་མང་བོ་ཞིག་སྔོ་བསྲེག་དང་གཙང་བཟོ། ཚལ་རིགས་མང་བོ་ཞིག་གཏུབ་པ་བཅས་ཉིན་གང་བོ་ཐབ་ཚང་ནང་དུ་བསྐྱལ། ང་རང་གི་སེམས་ནང་དུ་བསམ་བློ་སྣ་ཚོགས་ཤིག་འཁོར་དེ་འོང་བ་ནི། རང་ཉིད་ཤ་མི་ཟ་བའི་མི་ཞིག་གིས་ལས་ཀ་ཤ་ལས་རྐྱང་རྐྱང་བྱས་དེ་འོང་དུས་དངོས་ནས་ཅུང་ཙམ་མ་བདེ་བ་ཞིག་འདུག་ན་ཡང་། གཞན་ཡུལ་ནས་རང་གི་ཤེས་པའི་ལས་ཀ་རེ་འཚོལ་དགོས་དུས་སྟབས་བདེ་དང་ལས་ཀ་རེག་པར་ཡང་དཀའ་ལས་མེད་པ་བཅས་ལ་བརྟེན་ནས་འདི་ལྟར་བྱེད་དགོས་པ་ནི། སྒོར་མོའི་ཆེད་དུ་ལས་གང་ཡང་མིན་པ་དང་དེ་ལས་གཞན་ཞིག་ཡོད་པ་ནི་ང་རང་གི་མིའི་སྤྱི་ཚོགས་ཁྲོད་དུ་ཉམ་མྱོང་ཞིག་བསགས་འདོད་ཀྱིས་ཀྱང་ལོས་ཡིན།

སང་ཉིན་ཆུ་ཚོད་གསུམ་པར་ཤོག་ཟེར་ནས་མ་བྱན་ལ་ལག་འཇུ་ཞིག་བྱས་དེ་རང་གི་བསྡོད་གནས་སུ་ལོག་ཡོང་བའི་ལམ་ཁར་གངས་མཚོ་ལ་ཁ་པར་ཞིག་བཏང་ཀྱང་ཁ་པར་སྒོ་བརྒྱབ་འདུག་སྟབས། ཁ་པར་ནང་ནས་གློག་འཕྲིན་ཞིག་བཏང་བ་ཡིན། ད་གློག་བརྙན་དེའི་འཕྲོ་མ་ལ་བལྟས་དེ་དེ་ནས་ཉལ་ན་མ་རེད་དམ་བསམ་ཞོར་དུ་རང་གི་གློག་ཀླད་ཀྱི་ཁ་མ་ཕྱེ་བའི་ཡར་སྔོན་དུ་ཐར་མདོ་ཐིགས་ཕྲེང་གཉིས་གསུམ་ཞིག་ཀློག་པ་ཡིན། དེ་ནི་ང་རང་གི་བྱེད་བཞིན་པའི་ལས་ཀ་དེ་དག་གི་སྡུག་གཤེགས་ཆེད་དུ་ཡིན་པར་སྙམ་གྱི་ཡོད། ༢༦།༡།༠༩   

ཞོགས་པ་སྔ་བོ་གངས་མཚོའི་གྲོགས་མོ་ཝན་གྱིས་ང་རང་ལ་ཁ་པར་སླེབས་ནས་ཁོ་མོ་ང་རང་ལ་ལྟ་རུ་ཡོང་གི་ཡོད་ཟེར་བ་དང་དེ་ནས་ངེད་གཉིས་འཚིག་ཇ་འཐུང་ས་ཞིག་དུ་འགྲོ་ཟེར་བ་ལྟར། ང་རང་ཆུ་ཚོད་བཅུ་བའི་རྗེས་སུ་ཡར་བླངས་པ་ཡིན། ཁོ་མོས་ང་རང་ངོ་ཆུང་ཞིག་ཡིན་པས་གང་ཡང་བཤད་ཐུབ་ཀྱི་མ་རེད་ཟེར་ནས་ང་རང་ལ་ཟ་རྒྱུ་དང་ཤིང་ཏོག་ཚལ་རིགས་བཅས་མང་བོ་ཞིག་ཉོས་དེ་སྤྲད། ངེད་གཉིས་འཚིག་ཇ་འཐུང་སར་སོང་དེ་གང་ཟས་གང་འཐུང་གི་རིན་ཡོད་ཚད་ཁོ་མོས་སྤྲད། ང་རང་ལ་བཤད་དོན་ང་རང་གལ་སྲིད་ཕྱི་རྒྱལ་གང་རུང་ཞིག་དུ་ཡོད་པ་ཡིན་ན་ནི་རང་ཉིད་ལ་ངོ་ཤེས་དང་ཡང་ན་རོགས་པ་བྱེད་མཁན་རེ་ཡོད་ན་སྐྱིད་པོ་ཡོད་ས་རེད། ངས་དེ་ལྟར་བསམ་ནས་ཁྱེད་རང་ལ་རོགས་པ་ཆུང་ཆུང་ཞིག་བྱས་པ་ལས་གང་ཡང་མ་རེད་ཟེར། དངོས་ནས་ཁོ་མོ་ནི་ང་རང་ལ་ཧ་ཅང་བཟང་གི་འགྲོ་ཁར་སང་ཉིན་ཡང་ཁ་པར་གཏོང་ཆོག་ཟེར། ང་རང་འཚིག་ཇ་འཐུང་ས་དེ་ནས་ཆུ་ཚོད་གཉིས་ལྷག་གི་རིང་དུ་གློག་ཀླད་ནང་ནས་དྲ་རྒྱ་འདྲ་མིན་ནང་དུ་བསྐོར་ཉུལ་བྱས་པ་ཡིན།

གངས་མཚོས་ཁ་པར་འབྱོར་ནས་ཁ་བརྡ་བྱས་པ་ལྟར་ང་རང་གིས་བོད་ནང་གི་ནང་མི་ལ་ཁ་པར་བཏང་བ་དང་དེ་རིང་ཨ་མདོའི་ལོ་སར་ལ་འཁེལ་ཡོད་ན་ཡང་། ངས་ཁོང་ཚོ་ལ་ལོ་གསར་བཟང་སོགས་གང་ཡང་མ་བཤད་པར་ཁོང་ཚོ་ལ་འཚམ་འདྲི་བྱས་དུས། ཕ་རྒན་དྲིན་ཆེན་གྱིས་དེ་རིང་ནི་ཉིན་མ་ག་རེ་ཡིན་པ་ཁྱེད་རང་གི་ཤེས་ཀྱི་ཨེ་ཡོད་ཟེར། ངས་ཤེས་ཀྱི་ཡོད། ཡིན་ན་ཡང་། ཁྱེད་རང་ཚོ་ལ་ལོ་གསར་བཟང་ངམ་ཞེས་མི་འདྲི་དོན་ཁྱེད་རང་གི་ཤེས་རྒྱུ་རེད་ཅེས་བཤད་དུས། རེད་རེད་ལོས་ཤེས། ང་ཚོས་ཀྱང་ལོ་གསར་བྱེད་ཀྱི་མེད་པ་མ་ཟད། ད་ལོ་བོད་ནང་གི་དོན་རྐྱེན་དེའི་སྟབས་ཀྱི་བླ་བྲང་ས་ཆ་ན་ལོ་གསར་བྱེད་ཀྱི་ཡོད་པ་མ་རེད་སོགས་མང་བོ་ཞིག་ཁ་བརྡ་བྱས་པ་ཡིན། དམིགས་གསལ་གྱིས་ཨ་མྱེའི་ལགས་ཀྱིས་ང་རང་ལ་འཇིག་རྟེན་མི་ལ་དགོས་པའི་བསླབ་བྱ་ཁ་ཤས་ཤིག་གནང་བ་དང་ང་རང་ལ་ཁྱེད་རང་གིས་ས་མཐའ་ནས་ཤུ་རེ་བྱོས། རྗེས་ཕྱོགས་ངོ་ཐུག་རྒྱུ་ཡིན་མིན་མི་ཤེས་ཀི  ང་རང་ནི་ལོ་གཅིག་གམ་གཉིས་ཀྱི་མི་རེད། དེ་ནས་ལས་རྒྱུ་འབྲས་བརྩི་བ་དང་རང་གི་དཀའ་ལས་བརྒྱབ་པའི་དངུལ་དེ་དག་འཕྲོ་བརླག་དུ་མ་གཏོང་བར་རང་ཚུགས་ཐུབ་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་རེད་སོགས་མང་བོ་མང་བོ་ཞིག་གསུངས་སོང་།

སྐར་ཆ་ཁ་ཤས་ལས་མི་འདུག་ཆུ་ཚོད་གསུམ་པ་ཟིན་གྲབས་འདུག ང་རང་རྒྱུགས་ཤར་བྱས་དེ་ལས་ཀ་ལས་སའི་ཕྱོགས་སུ་རྒྱུགས་པ་ཡིན། ཁ་སང་ལྟར་དུ་ལས་ཀ་ཐབ་ཚང་ནང་དུ་ལས་ཀ་དམར་ལས་དང་དཀར་ལས་སོགས་མང་བོ་ཞིག་བྱེད་ཞོར་དུ་བསམ་བློ་ཕ་རྒན་དང་ཨ་མྱེ། ཨ་མའི་ང་རང་ཡིན་གཅིག་མིན་གཅིག་རྒྱ་གར་དུ་ད་ལོ་ཡོང་རྒྱུ་ཡིན། ཨ་མྱེ་མ་ཡོང་ན་ཨ་རྒྱ་ཡང་ཡོང་ཐུབ་རྒྱུ་མ་རེད་མོད། ཡིན་ཡང་། ང་རང་ནི་་ཡོང་རྒྱུ་ཡིན་ཟེར་ནས་ལྷ་མོ་སྐྱིད་ལ་མནའ་ཞིག་བསྐྱལ་བཞག་ཡོད། ལྷ་སྤེ་ངེད་གཉིས་ཁྱོས་ལྟོགས་སྐོམ་མྱོང་དུ་འཇུག་རྒྱུ་མ་རེད་ལ་ཟེར་བ་སོགས་ལ་འདང་རྒྱགས་ཞོར་དུ་ལས་ཀ་བྱས། ༢༧།༡།༠༩    

དུས་ཚོད་གསུམ་པ་ལ་མ་ཟིན་ཙམ་དུ་ཉིན་ལྟར་གྱི་ལས་ཀ་བྱེད་དུ་མཚོ་འགྲམ་བརྒྱུད་དེ་སོང་། ཐབ་ཚང་ནང་གི་སྔོ་ཚལ་གཏུབ་སྟངས་ཚང་མ་དང་ཤའི་རིགས་གཏུབ་སྟངས་དང་བརྔོ་བསྲེག་བྱེད་སྟངས་སོགས་ཉིན་མ་འདི་དག་གི་རིང་དུ་ཤེས་སོང་ཡང་། ཕྱི་དྲོ་སྐུ་མགྲོན་ཚོ་སླེབས་ནས་འོང་དུས་སུ་འགན་འཛིན་ཨེས་རྒོལ་ཟེར་བ་དེ་ཐབ་ཚང་ནང་དུ་ཡོང་དེ་ང་རང་ལ་ཁྱེད་ཀྱིས་ཨང་གྲངས་ཉེར་ལྔའི་སྟེང་གི་ཁུ་བ་དེའི་ནང་དུ་གང་གང་བླུགས་ཀྱི་ཡོད་མེད་ཤེས་ཀྱི་ཡོད་དམ་ཟེར་ནས་སྐད་ཚ་བོའི་སྒོ་ནས་དྲིས་དེ་འོང་དུས་ང་རང་གི་སེམས་པ་འཚབ་འཚུབ་དུ་གྱུར་ནས་གང་ཡང་དྲན་གྱི་མི་འདུག ལྷག་པར་དུ་ཐབ་ཚང་ནང་གི་ལས་རོགས་བུད་མེད་རྒྱགས་པ་ཆུང་ཆུང་དེའི་ང་རང་ལ་འདི་ཨང་གྲངས་འདི་རེད། འདི་གན་རེད་སོགས་བཤད་མ་སོང་ལ། འགན་འཛིན་ཁོས་ཀྱང་ང་རང་ལ་ཟས་ཐོའི་སྟེང་གི་ཨང་གྲངས་ཚོ་འདི་ལྟར་རེད་ཅེས་འགྲེལ་བཤད་ཙམ་ཡང་བྱས་མ་སོང་། སྐབས་དེར་ངས་གང་ཞིག་གྲ་སྒྲིག་བྱེད་དགོས་མིན་མ་ཤེས་པར་ཡོད་པའི་སྐབས་དེ་ལ་ཁོ་རང་གིས་ང་ལ་འདི་རེད་ཟེར་ནས་གང་མགྱོགས་མགྱོགས་ཀྱིས་ཟས་སྣ་ཁ་ཤས་ཤིག་གྲ་སྒྲིག་བྱས་དེ་སྐད་ཆ་ཡག་པོའི་སྒོ་ནས་འགྲེལ་བཤད་གང་ཡང་མི་བྱེད་པར་རྣམ་འགྱུར་གྱང་ཡག་པོ་གང་ཡང་མི་སྟོན་པར་ཁོ་རང་ལ་ཕར་དྲིས་དུས་འཐད་མི་འཐད་ཀྱི་རྣམ་འགྱུར་དང་བཅས་དེ་འདི་རེད་ཅེས་མཛུབ་མོ་ཙམ་བཙུགས་དེ་སྟོན་ཁུལ་བྱེད། མི་ཞིག་གི་སྐད་རིགས་རྒྱུས་མེད་ཅིག་གི་སྟེང་ནས་ཉིན་མ་བཞིའི་ནང་དུ་ཟས་ཐོའི་སྟེང་གི་ཟས་སྣ་བཞི་བཅུ་མ་ཟིན་ཙམ་ཞིག་ཡོད་པ་དེ་དག་གང་གང་ཡིན་མིན་ཤེས་འགྲོ་བ་ཞིག་ཡིན་ན་ནི། མི་ལ་མི་འདྲ་བའི་ཆ་དང་མ་བྱན་དང་མ་གཡོག་ཞེས་ཁག་ཁག་ཞིག་ཡོང་དགོས་དོན་ཞིག་ལྷག་མེད་པ་རེད། གང་ལྟར། ང་རང་གིས་ཉིན་མ་འདི་དག་གི་རིང་དུ་ཟ་མ་བཟོ་ལུགས་མ་འདྲ་བ་ཁ་ཤས་ཤིག་ཐེས་ལན་གྲིའི་མ་བྱན་རྒན་པ་དེའི་དྲུང་ནས་ཤེས་སོང་། དེ་ནི་ཟ་མ་བཟོ་མཁན་ཞིག་ལ་མཚོན་ན་ཉམ་མྱོང་ཆེ་ཤོས་ཤིག་བསགས་པ་རེད་ལ་གལ་ཆེན་པོ་ཡང་རེད། གང་ལྟར། ཨེས་རྒོལ་ཟེར་བ་དེ་ནི་ང་རང་ཐབ་ཚང་ནང་དུ་ངོ་སྤྲོད་བྱེད་མཁན་ཡིན་པས་ཁོ་རང་ལ་ཡང་འགན་ཞིག་ལོས་ཡོད། ཁག་མེད་པ་རེད། ཡིན་ཡང་སྐད་ཆ་བཤད་ཕྱོགས་ཐད་ནས་ཁོ་རང་ལོ་མང་རིང་ཟ་ཁང་གི་ཉམ་མྱོང་བསགས་ན་ཡང་མི་ལ་སྐད་ཆ་བཤད་སྟངས་ཐད་ནས་ཉམ་མྱོང་གང་ཡང་མ་བསགས་པ་ཞིག་རེད་འདུག་པ་ལྟ་བའི་ཚོར་སྣང་ཞིག་སྤྲད་སོང་། གང་ཡིན་ཡང་། ང་རང་ཉིན་བདུན་ཚང་ན་ད་གཟོད་གང་ཆགས་ཀྱི་ཡོད་མེད་ཤེས་ངེས་རེད།

ཆུ་ཚོད་བཅུ་གཅིག་ཟིན་མ་ཐག་ལས་མཚམས་བཞག་ནས་ཕྱིར་ཡོང་བའི་ལམ་ཁ་ནས་གངས་མཚོས་ཁ་པར་འབྱོར་བ་ལྟར་ཉིན་བཀང་གི་བྱ་བ་དག་ལ་གླེང་མོལ་བྱས་པ་དང་སང་ཉིན་མོ་རང་གི་གྲོགས་མོ་སྒྲ་ཝས་བཟའ་མི་དང་འགྲོག་ནས་ང་རང་ཡོད་སར་ཡོང་ཉིན་རེད། དངོས་ནས་མགྲོན་ཁང་འདི་ནི་བཟོ་བཀོད་ཆེས་ལེགས་ཤོས་ཀྱི་ཤིང་རྐྱང་རྐྱང་གི་གྲུབ་པའི་མགྲོན་ཁང་ཆེན་མོ་ཞིག་ཡིན་པ་མ་ཟད། མགྲོན་ཁང་འདི་འདྲ་ཕལ་ཆེར་རྒྱལ་ཁབ་འདི་ན་གཞན་མེད་ཚོད་དུ་ཡང་བཤད་ཀྱི་འདུག བཟོ་བཀོད་ཀྱི་གྲུབ་སྟངས་དང་བཟོ་མཁན་ཚང་མ་ཐེ་ལན་གྲི་རང་གི་མི་འཁྲིད་ནས་འོང་དེ་བཟོས་པར་བཤད། གལ་སྲིད། མགྲོན་པོ་སུ་ཞིག་མགྲོན་ཁང་འདིར་སླེབས་པ་ཡིན་ན། ད་གཟོད་རྒྱལ་ཁབ་གཞན་ཞིག་གི་སྣང་བ་དབང་མེད་དུ་སྟེར་ངེས་རེད་འདུག ༢༨།༡།༠༩    

མུ་འགོད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese