མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་དམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp


དྲང་མོར་བཤད་ན། བོད་པ་ཚོ་དངོས་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་པ་རེད་དམ། ཡིད་ཆེས་བྱེད་ལུགས་དེ་ཇི་འདྲ་ཡིན་ནམ། ཇི་ལྟར་འགོ་བཙུགས་པ་ཡིན་ནམ། དེ་ལས་ཀྱང་རིང་ཙམ་བཤད་ན་ཡིད་ཆེས་རྙེད་སྟངས་དེ་ཇི་འདྲ་ཡིན་ནམ། དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མེད་མཁན་གྱི་བོད་མི་ཞིག་ཡོད་སྲིད་དམ། དེ་ཡང་ཡོད་རྒྱུ་རེད་ལ། ཡོད་པ་དེ་ཡང་དོན་དངོས་ཡིན་སྲིད་པ་རེད། ཡང་ན། ཡིད་ཆེས་ཟེར་བ་དེ་ནི་ཅ་དངོས་ལྟ་བུ་ཞིག་མི་ལག་བརྒྱུད་དེ་འོང་དགོས་པ་ཡིན་ནམ། རང་ངོས་ནས་ངེས་ཤེས་རྙེད་དགོས་པ་ཞིག་རེད། དེ་མིན་ན་ཕ་མ་དག་གི་བཤད་རྒྱུན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ཡིན། གང་ལྟར། བོད་མི་མང་ཤོས་ཤིག་གིས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་རབས་བཤད་ཀྱི་ཡོད་པ་དེ་བདེན་པ་ཡིན་པར་ཇི་ལྟར་ཁག་ཐག་བྱེད་ཐུབ།

དེས་ན་ཡིད་ཆེས་མེད་མཁན་དེ་དག་གིས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མི་བྱེད་དོན་གང་ལ་ཐུག་པ་རེད་དམ། རྒྱལ་བ་རིན་པོ་ཆེ་ནང་བ་ཞིག་ཡིན་པའི་སྟབས་ཀྱི་ཡིན་ནམ། མི་དེ་ནི་ནང་ཆོས་ལ་མི་དགའ་མཁན་ཞིག་རེད་དམ། ཁོ་རང་ནང་ཆོས་ལ་མི་དགའ་བའི་རྒྱུ་མཚན་ཏག་ཏག་གང་རེད་དམ། དོན་དངོས་ཐོག མི་དེ་ཡི་རིགས་ཀྱི་ནང་ཆོས་ལ་སློབ་སྤྱོང་བྱེད་མྱོང་ཡོད་དམ། ནས་ཆོས་ལ་བག་ཆགས་བཞག་མྱོང་ཡོད་དམ། གང་ལྟར། ཁོང་ཚོ་སྐྱེ་འགྲོ་མི་ཞིག་ཡིན་དུས་ཁོང་ཚོ་ལ་རང་རང་གི་དབང་ཚད་ལོས་ཡོད། དབང་ཚད་དེ་ཡང་ཁོང་ཚོས་ཇི་འདྲ་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་པ་རེད་དམ། མི་རིགས་ཤིག་གི་ངོ་བོའི་སྟེང་ནས་བྱེད་ཀྱི་ཡོད་དམ། ཡང་ན་འགྲོ་བ་མི་ཟེར་བའི་དབང་ཚད་ཅིག་ལ་བརྟེན་གྱི་ཡོད་དམ། དོན་དངོས་སུ་རྒྱལ་བ་རིན་པོ་ཆེ་ལ་ཁོང་ཚོ་དོན་དངོས་སུ་ཡིད་ཆེས་མེད་པ་དེ་ནོར་འཁྲུལ་དུ་བརྩི་དོན་ཡང་ཁོང་ཚོ་བོད་མི་ཡིན་པས་ལན་པ་ཆགས་ཡོད་པ་རེད་དམ།

བོད་མི་ག་གེ་མོ་ཞིག་ནས་རྒྱལ་བ་རིན་པོ་ཆེ་དད་པ་ཡོད་ལུགས་གང་དུ་སོང་ཡང་བཤད་ཀྱི་ཡོད་ལ། གང་ནས་ཡིན་ཡང་མནའ་བསྐྱལ་དུས་དང་དམ་བཅའ་འཇོག་དུས་སུ་རྒྱལ་བ་རིན་པོ་ཆེ་ཁོ་ན་གླེང་གི་ཡོད། དེ་ཁོ་རང་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ལུགས་ཡིན་ནམ། དེ་ནི་ཁོ་རང་གི་རྒྱལ་བ་རིན་པོ་ཆེ་རྙེད་པའི་རྒྱུད་རིམ་དང་ཡིད་ཆེས་ལ་བརྩིས་ན་འགྲིག་གི་ཡོད་དམ། ཚོང་ས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། གཏམ་བཤད་ས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མཆོད་གཤམ་ནང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ངོ་ཤེས་ཚད་ལ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཤོ་བརྒྱག་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཆང་འཐུང་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། རྐུ་བྱེད་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མགོ་སྐོར་བསླུ་བྲིད་བྱེད་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྤྱི་དོན་གླེང་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྙན་གྲགས་འཚོལ་ཆེད་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་རྐུབ་རྒྱུགས་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཉལ་ཁང་ནང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མཐའ་ན་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་མང་ཤོས་ཤིག་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། འདི་ནི་བོད་མི་ག་གེ་མོ་དག་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ལུགས་རེད་དམ། དོན་དངོས་སུ་བོད་མི་འདི་ཚོས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་པ་འདི་ལྟར་བདེན་དཔུང་བྱེད་ཀྱི་ཡོད་དམ། ཡང་ན། རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་འདི་ལྟར་བྱེད་དགོས་པ་རེད་དམ།

ང་ཚོས་དོན་དངོས་སུ་མི་ལོ་དོན་ལྔ་ལ་སོན་པའི་རྒྱལ་བ་རིན་པོ་ཆེ་ལ། ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་དམ། ཡིད་ཆེས་བྱེད་ཀྱི་ཡོད་པ་ཡིན་ན། ཡིད་ཆེས་བྱེད་ཀྱི་ཡོད་པའི་རྟགས་དང་མཚན་མ། སྒྲུབ་བྱེད་དང་ནུས་པ། བོད་མི་མི་རེ་ངོ་རེ་ནས་རང་རང་གི་སེམས་ཁོང་ལ་དྲི་བ་ཞིབ་མོ་ཞིག་བཏང་ནས་རང་ཉིད་ཀྱིས་བོད་ཡུལ་ནས་སྐྱེ་ཞིང་གཞན་ཡུལ་དུ་མི་ལོ་ལྔ་གཅིག་ལ་འཁྱམ་ནས་བསྡད་པའི་སྐྱེ་བོ་ཞིག་འཛམ་གླིང་གྲགས་པ་རྒྱས་པ་དང་ང་རང་བོད་མི་ཡོངས་ཀྱི་སྐྱིད་སྡུག་གླེང་བའི་མགྲིན་ཚབ་པ་ཞིག་ཡིན་པར་གླེང་བ་ལྟར། ང་ཚོས་ཀྱང་ཁོང་ལ་ཡིད་ཆེས་ཡོད་ལུགས་དང་དད་གུས་ཆེ་རབས་གླེང་ནས་མི་ལོ་དོན་ལྔར་བཞེས་པའི་བགྲེས་སོང་ཁོང་གཅིག་བུར་ལྟད་མོ་བལྟས་ཏེ། ཚང་མ་ཁྱེད་ཚང་གིས་སྒྲུབ་ངེས་རེད། ང་ཚོར་ཁྱེད་ལ་ཡིད་ཆེས་ཡོད་ཟེར་བ་དེ་ནི་ང་ཚོས་ཁོང་ལ་ཡིད་ཆེས་བྱེད་སྟངས་དང་དད་གུས་བྱེད་སྟངས། གུས་བཀུར་དང་མཐོང་ཆེན་བྱེད་སྟངས་དེ་ཆགས་ཡོད་པ་ཡིན་ནམ་ཅི། སྐྱེ་བ་བོད་ལ་བླངས་པའི་གངས་ཅན་བོད་མི་སྐྱ་སེར་རྣམ་པ་ལགས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. thangkargopo says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།
    ཡིད་ཆེས་ཞེས་པ་ཅི་ཞིག་ལ་ཟེར་རམ། འདིའི་གོ་དོན་ཏག་ཏག་ཅིག་ཕྲིས་་་་་་་་་་

    Reply
  2. duanzhi53 says:
    ལོ་ 16 སྔོན།

    ཆོས་ལུགས་ཀྱི་སྟེང་ནས་བཤད་ན་ཁོང་ལ་དད་པ་ཡོད།
    བོད་མིའི་འཐབ་རྩོད་ཀྱི་སྟེང་ནས་བཤད་ན་ཁོང་ལ་ཡིད་ཆེས་མེད།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    རྟུལ་ཕོད་ལགས། ཉིད་ནས་བདག་གི་ཤ་དང་རུས་པའི་གསེང་གི་སྐད་ཆ་དེ་དག་ལ་དེ་འདྲའི་གཉོབ་སྣང་ཞིག་སྐྱེ་བ་དེར་དགོངས་འགལ་མེད་པ་ཞུ། ངས་ཀྱང་རང་གིས་དུས་ཚོད་ཀྱི་བར་གསེང་ནས་བོད་ཀྱི་ལུས་སུ་སྐྱེ་བའི་བོད་མི་ཞིག་གི་སེམས་ངོགས་ཀྱི་སྐད་ཆ་རེ་ཟུང་ཡིག་ཐོག་ལ་འབྲི་བཞིན་ཡོད་ལ། རང་ཉིད་དང་བཅས་པའི་སྤུན་ཟླ་དག་ལ་ཉིན་རེའི་ནང་དྲ་ཐོག་ནས་བསམ་ཚུལ་རེ་ཞུ་བཞིན་ཡོད་ལགས། གང་ལྟར། སྐུ་ཉིད་ལྟ་བུའི་དྲ་ཐོག་གི་སྤུན་ཟླ་རེ་ཟུང་ལ་བདག་གིས་གཉོབ་སྣང་གི་ཚོར་བ་ཞིག་སྤྲོད་ཀྱི་ཡོད་ས་རེད། དེ་ནི་ང་རང་གི་ནོར་འཁྲུལ་ཡིན་ཤས་ཆེ། ནོར་འཁྲུལ་ངས་ཇི་ལྟར་ཡོལ་ཐབས་བྱེད་ཐུབ་ངེས་རེད་སྙམ་གྱི་ཡོད་ལགས། ཉིད་ཀྱིས་ལྟ་ཚུལ་ཞིག་བརྗོད་རོགས་ཞུ།

    Reply
  4. tsewang rigzin says:
    ལོ་ 16 སྔོན།

    ཡང་ཤ་ཁྲག་རུས་གསུམ་གྱིས་མང་པོ་བྲིས་ཡོད་པས་ངས་ཁྱེད་ལ་མང་པོ་འབྲི་མཁན་ལབ་རྒྱུ་ཡིན།ཡིན་ནའང་།ཉིད་ཀྱི་རྩོམ་ཉོབ་དེ་ཚོར་ངས་སྲོག་མེད་ཀི་འདོད་ཀི་ཁྱེད་ཀྱིས་ཅི་ཞིག་བཤད་ཁུར་བྱེད་ཀྱིན་ཡོད་དམ?

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    ཉི་ཟླའི་མགྲོན་བདག་ལགས། དངོས་ནས་འུ་ཅག་གིས་རང་རང་གི་སེམས་ཁོང་དུ་དོགས་པ་དེར་ཞིབ་གཤེར་བྱེད་མཁན་ནི་རང་ཉིད་ལས་མེད་པ་ཡིན་དུས། དངོས་ནས་ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་དེ་རང་ལས་གཞན་སུ་གང་གི་མི་ཤེས་པ་ཡིན་དུས། དེ་ཡི་སྐོར་ལ་སྐད་ཆ་འདི་ལྟར་ཞུ་དགོས་བྱུང་སོང་། ཉིད་ཀྱིས་ཀྱང་རང་གི་བསམ་ཚུལ་ལྷུག་པོར་གསུང་བ་དེར་དགའ་ཡོད།

    རྐང་གསུམ་ལགས། བདག་གིས་འདི་ན་གླེང་བཞིན་པ་དེ་ནི་དད་གུས་བྱེད་ལུགས་དང་གུས་བརྩི་ཡོད་མེད་ཀྱི་སྐོར་མིན་ལགས། ངས་འདི་ནས་གླེང་བཞིན་པ་དེ་ནི་ཡིད་ཆེས་ཀྱི་སྐོར་ཡིན། ཉིད་ལ་དེ་ཡི་སྐོར་ནས་བསམ་ཚུལ་གསུང་རྒྱུ་ཡོད་ན་དགའ་བསུ་ཞུ།

    ཅོ་རི་ཉི་མ་ལགས། ཉིད་ཀྱིས་ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེ་ལ་འཛམ་གླིང་སྐྱེ་འགྲོ་མི་ཉུང་བ་ཞིག་གིས་ཡིད་ཆེས་ཐོབ་ཡོད་པ་རེད་ཟེར། ཕྱོགས་གཞན་ནས་ཡིད་ཆེས་དང་རྨོངས་དད་གཉིས་གཅིག་པ་རེད་དམ་ཟེར། དེ་ལ་ཉིད་ཀྱིས་བསམ་བློ་བཏང་ནས་དྲིས་པ་ཡིན་མི་སྲིད། དེ་ལྟར་ཡིན་ན་ང་རང་གི་ཤེས་ཚོད་ཡིན་ན་ཡིད་ཆེས་དང་རྨོངས་དད་གཉིས་དུས་ནམ་གཅིག་དུ་མེད།
    དེ་ནས་གཉིས་པ་དེར་ཉིད་ནས་ཁྱེད་རང་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོང་སྟངས་ཕྱོགས་གཉིས་གསུང་འདུག དེ་ཡང་ནང་འགལ་དུ་གྱུར་འདུག གོང་དུ་རྒྱལ་བ་རིན་པོ་ཆེ་ཡི་འགྲོ་བ་སྤྱིའི་བདེ་སྡུག་ལ་འགན་འཁུར་བར་ཡིད་ཆེས་ཡོད། བོད་གནའ་བོའི་འཇིག་རྟེན་ཕ་ཆོས་སྐྱོང་གི་རེད་བསམ་ནས་ཡིད་ཆེས་མེད་གསུངས་འདུག དེ་གཉིས་ནང་འགལ་རེད། འགྲོ་བ་སེམས་ཅན་གྱི་ནང་དུ་བོད་འདུ་མེད་པ་འདྲ་མིན་འགྲོ ཧཧཧ ཉིད་ནས་བསམ་གཞིགས་ཞིབ་མོ་ཞིག་གནོངས། དེ་ནས་སྐུ་ཉིད་ཇི་ལྟར་ཡིད་ཆེས་ཡོད་ལུགས་ཡོང་སྟངས་སྐོར་ཞིག་གསུང་རོགས་ཞུ།

    ཤིས་རི་ལགས། ཉིད་ནས་ཏག་ཏག་བོད་ཡིག་གི་ཡིད་ཆེས་ཟེར་བའི་གོ་དོན་དེ་མཁྱེན་གྱི་མེད་ན། དེ་ཁུལ་ནས་བོད་ཀྱི་སྐད་ཡིག་ལ་རྒྱུས་མངའ་ཆེ་བའི་མི་ཞིག་ལ་ཡིད་ཆེས་ཟེར་ན་ཅི་ཞིག་གོ་དགོས་མིན་སྐད་ཆ་ཞིབ་དུ་དྲིས་ནས། ད་གཟོད་རང་ཉིད་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མཁན་རེད་དམ། མེད་མཁན་རེད་དེ་ཡི་སྐོར་ལ་གསུང་ན་འགྲིག་གི་རེད་ལགས།

    ཡར་ནང་ལགས། ངས་ཉིད་ལ་བཀྲ་ཤིས་བདེ་ལེགས་ཤིག་སློང་མེད་ཀྱང་། ཉིད་ནས་ཤིས་ཚིག་དེ་ལྟར་བརྗོད་པ་དེར་དགའ་ཡོད། འོན་ཀྱང་། ཉིད་ནས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་ཀྱི་སྐོར་གཏན་ནས་ཟུར་ཙམ་ཡང་གླེང་མི་འདུག

    Reply
  6. niyda says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  7. sang nam says:
    ལོ་ 16 སྔོན།

    ཡིད་ཆེས་ཞེས་པ་ཅི་ཞིག་ལ་ཟེར་རམ། འདིའི་གོ་དོན་ཏག་ཏག་ཅིག་ཕྲིས།

    Reply
  8. chokri nyima says:
    ལོ་ 16 སྔོན།

    དཔེར་ན་ང་ཅོ་རི་ལྟ་བུ་ལ་མཚོན་ན་༧གོང་ས་མཆོག་གིས་བདག་ལས་གཅེས་དམ་པའི་ལྷ་ཆོས་སྐྱོང་གི་རེད་བསམ་པའི་ཡིད་བརྒྱ་ཆ་བརྒྱ་ཡོད།

    དགྲ་འདུལ་གཉེན་སྐྱོང་གི་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་སྐྱོང་གི་རེད་བསམ་པའི་ཡིད་ཆེས་སྤུ་ཙམ་མེད།

    Reply
  9. chokri nyima says:
    ལོ་ 16 སྔོན།

    འཛམ་གླིང་ཐོག་ཏུ་མི་རྗེ་དཔོན་རིགས་གྲངས་ལས་འདས་པ་ཡོད་ཀྱང་༧གོང་ས་མཆོག་ནང་བཞིན་རང་མིས་ཡིད་ཆེས་ཐོབ་པ་དཀོན་པོ་རེད་སྙམ།

    ཡིད་ཆེས་དང་རྨོངས་དད།
    གཉིས་ལ་ཁྱད་པ་ཡོད་རེད་པས།

    Reply
  10. tenzin9 says:
    ལོ་ 16 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས་ཁྱོད་ཀྱིས་གོང་ན་བཤད་པའི་སྐད་ཆ་དེ་དག་ངས་མཐོང་ཚུལ་ལྟར་བཤད་ན་བོད་མི་ཚོར་ཁོང་ལ་དད་སྟོབས་ཆེན་པོ་ཡོད་པའི་ཉེར་འབྲས་རེད་ལབ་ན་མ་འགྲིག་པ་མེད། ཡིན་ནའང་ཁོང་ལ་དད་པ་དང་གུས་བཀུར། མཐོང་ཆེན་དང་རང་དབང་ཕུལ་སྟངས་སོགས་འདི་ལྟར་རེད་དམ་ལབ་ན། ངས་མ་རེད་ལམ་ས་རེད། གང་ཡིན་ཞུས་ན་ཁོང་ལ་ངོ་མ་དད་པ་དང་གུས་བཀུར་བྱེད་འདོད་ཡོད་ན་ཁོང་གི་གང་གསུང་བ་རྣམས་མི་བུ་སོ་སོའི་སེམས་སུ་ཡོད་པ་ཙམ་གྱིས་མི་འགྲིག ལག་ལེན་ཐོག་ཁོང་གི་བཀའ་གསུང་གང་གནང་བ་རྣམས་ཡོད་དགོས་པ་རེད་དྲན་གྱི་ཡོད། འདི་ནི་ཁོང་ལ་དད་པ་དམ་ཚིག་གཙང་མ་ཡོད་པའི་རྟགས་རེད་དྲན་ཡོད་ལགས།

    Reply
  11. chok zyl says:
    ལོ་ 16 སྔོན།

    ང་ཚོས་དོན་དངོས་སུ་མི་ལོ་དོན་ལྔ་ལ་སོན་པའི་རྒྱལ་བ་རིན་པོ་ཆེ་ལ། ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་དམ། ཁྱེད་ཀྱིས་ལབ་ན་ང་ཡང་ཧ་ཅང་ཧ་ཅང་དོགས་པ་དཔག་ཏུ་མེད་པ་ཞིག་སྐྱེ་གི་འདུག དྲ་གྲོགས་ངོ་མ་ཡག་པོ་སྤེལ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese