མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་ནས་དྲན་བཞིན་པའི་བོད་མོ་ཁྱེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

འཛུམ་པའི་མེ་ཏོག་ཞིག་ལ་སྐད་ཞིག་འཇོག།
སྙིང་གི་སྐད་ཆ་བརྐུས་པ་ཁྱེད་རང་ཡིན།།
སེམས་ཀྱི་ན་ཟུག་ཁྱེད་ཀྱིས་མ་ཚོར་ཡང་།།
ཡང་ཡང་སྡུག་གི་མ་འཇུག་རེ་སྐུལ་ཡོད།།

མི་རེ་སེམས་རེ་ཡོད་པ་ཀུན་ལ་གསལ།།
ཀུན་གྱིས་སྨོན་པ་བརྩེ་དུང་དྲོན་མོ་ཡིན།།
དེ་ཉིད་ཐོབ་འདོད་རེ་བ་ཚང་མར་ཡོད།།
སློང་བ་སྤྲོད་འདོད་མེད་ཀྱང་ཁ་རོག་ཞོག།

གྱེས་ཁ་མ་དེར་སྙིང་གཏམ་མ་ཤོད་དང་།།
དུས་རྒྱུན་བཟང་ན་བདེ་སྐྱིད་དེ་ཉིད་ཡིན།།
རྒྱང་དུ་ཡོད་དུས་དྲན་ཚུལ་མ་གླེང་དང་།།
ས་མཐའི་སུན་སྣང་ཆེ་རུ་གཏོང་ངེས་ཡིན།།

མ་གསང་དྲང་བོའི་མི་ཞིག་ཡོད་དེ་ཆོག།
གསང་བ་ཀུན་ལ་སྒྲོག་སྲོལ་མེད་དུས་ན།།
ང་ཡི་གསང་བ་ཁྱེད་ལ་ཤོར་བ་དེ།།
ཁྱེད་ཉིད་ཁོ་ནའི་སེམས་ལ་གཉར་རོགས་ཞུ།།

སྡུག་དུས་མིག་ཆུ་གཏོང་ས་ང་ཡིན་ན།།
སྐྱིད་དུས་འགྲོ་རོགས་འདུག་རོགས་ང་བྱེད་རྒྱའི།།
སེམས་ཀྱི་དམ་བཅའ་མ་འགྱུར་མི་ཚེ་འདིར།།
མ་འོངས་ཁྱིམ་གཅིག་ཕྱོགས་ལ་བསམ་བློ་ཐོངས།།

དགའ་སྡུག་སྣ་ཚོགས་སྲང་གི་མི་ཚོགས་བཞིན།།
གར་འགྲོ་གར་འདུག་ངེས་མེད་རླུང་གི་སྤུན།།
ད་ལྟ་ང་ཉིད་ས་མཐར་ཡོད་ན་ཡང་།།
ནམ་ཞིག་རང་ཡུལ་ཕྱོགས་སུ་འབྱོར་ངེས་ཡིན།།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 8

  1. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱེད་ཀྱི་ལེགས་བཤད་གསར་བ་དེ་སེམས་སུ་བརྟན་པོར་བཟུང་ཡོད། འོན་ཀྱང་། དེབ་དེ་འདྲའི་མང་བོ་ཞིག་སྤུངས་བྱེད་ཀྱི་སྒོར་མོ་མེད་ལ། སྒོར་མོ་བཙལ་ནས་རྙེད་པའི་དབང་བུ་བཏང་ཡང་། ངས་ཉིན་ལྟར་འབྲི་བཞིན་པ་འདི་དག་གི་མི་ཞིག་གི་རང་གི་མྱོང་ཚོར་ཐར་ཐོར་ཞིག་ཡིག་ཐོག་དུ་བྲིས་པ་དེར་དེ་འདྲའི་རིན་ཐང་སོགས་གང་ཡང་མེད་ངེས་ཡིན། གང་ལྟར། ཉིད་ནས་རེ་སྐུལ་དེ་འདྲ་བྱས་པ་དེར་བཀའ་དྲིན་ཆེ་ཨ་་་

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་རང་གིས་བདག་ལ་བསྟོད་བསྔགས་བྱས་པ་དེ་ཡིས་དགའ་ནས་ས་ལྡིང་གནམ་ལྡིང་བྱས་དེ་བསྡད་ཡོད། ཧཧཧ

    Reply
  3. chentsasopa says:
    ལོ་ 15 སྔོན།

    ང་ཚོ་ཆུང་དུས་ལེགས་བཤད་འདི་འདྲ་རེ་བློར་བཟུང་མྱོང་བ་མ་ཡིན་ནམ།
    ༼ཉི་མ་རེ་ལ་ཚིག་རེ་བཟུང་།།
    གང་ཞིག་ཉིན་བརྒྱ་སོང་བ་ན།།
    ཚིག་བརྒྱ་མ་ལུས་ཁོང་དུ་ཆུད།།༽
    ད་ངས་འདི་ནས་ཁྱོད་ལ་ལེགས་བཤད་གསར་པ་ཞིག་འབྲི།
    ༼ཉི་མ་རེ་ལ་རྩོམ་རེ་ཕྲིས།།
    གང་ཞིག་ཉིན་བརྒྱ་སོང་བ་ན།།
    རྩོམ་བརྒྱ་ལོངས་པའི་དེབ་གཅིག་ཡོད།།
    དེ་ལྟར་ལོ་རེར་དེབ་གསུམ་ཕྲིས།།
    ལོ་བཅུའི་རིང་ལ་སུམ་ཅུ་ཡོད།།
    ཉི་ཤུ་འགོར་ཚེ་དྲུག་ཅུ་ཡོད།།
    ཚེ་མཇུག་དེབ་བརྒྱའི་གོང་ན་ཡོད།།
    ཉིས་བརྒྱ་སུམ་བརྒྱའང་ཕྲིས་ན་ཐང་།།
    དེ་བས་འབྲི་ཤུགས་མ་ཉམས་ལགས།།༽
    ཧ་ཧ་ཧ། རྩེད་མོ་ཡིན་ལ་དོན་དངོས་ཀྱང་ཡིན་ལགས།

    Reply
  4. karmadentse says:
    ལོ་ 15 སྔོན།

    ཁྱེད་ཀྱི་སྙན་ངག་བཀླགས་པ་ཡིན། བཟང་གི་བསམ་སོང་།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    ནཱ་གྷཱ་རཀྵ་ལགས། ཁྱེད་ཀྱི་སྐད་ཆ་དེ་ཚོ་དངོས་ནས་བདེན་པ་རེད། བསམ་ནས་མ་སོང་གསེགས་སར་ལྷུང་བ་ང་ལྟ་བུ་དག་གི་ཆེད་དུ་བྲིས་པ་ཡིན། ལེས་ཞོ་པང་གི་སྐོར་ལ་ཉིད་ནས་སྐད་ཆ་དྲང་མོ་གསུངས་པ་དེར་ལྷག་དུ་དགའ་ཡོད།

    Reply
  6. lingkalsang says:
    ལོ་ 15 སྔོན།

    བོད་ཤ་ཁྲག་ལགས། ང་ལ་དམིགས་གསལ་གྱི་ལོའུ་ཞོ་པོ་ཡི་སྒང་ལ་བསམ་ཚུལ་ཅི་ཡང་མེད། ཁོ་རང་ལ་བྱ་དགའ་ཐོབ་པ་དེ་ཁོ་རང་ལ་ཐོབ་དགོས་པ་ཡིན་རྒྱུ་རེད། ང་ཚོ་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ལ་དེ་འདྲ་ཐོབ་ན་རྣམ་རྒྱུན་བསམ་གྱི་ཡོད། ལོའུ་ཞོ་པོ་ལ་ཞི་བདེའི་བྱ་དགའ་ཐོབ་པ་དེས་རྒྱ་ནག་གི་ན་གཞོན་ཚོ་ལ་སྐུལ་ལྕག་ཞིག་ཐེབས་པའི་རེ་བ་ཡོད།
    དེ་མིན་ངས་ཁྱེད་རང་ལ་བཅད་རྩོམ་ཞིག་བྲིས་ཟེར་དུས་ཁྱེད་རང་གིས་དེ་མ་ཐག་དུ་བྲིས་ཚར་འདུག ངོ་སོ་བསྟོད་ཡ་རང་རེད། ཡིན་ན་ཡང་སྐྱེས་དམན་གྱི་རུམ་ནས་སྐྱེས་དམན་གཞན་ཞིག་དྲན་པ་ལ་ངོ་སོ་བསྟོད་ཟེར་ཡ་མི་འདུག

    Reply
  7. sha tak ri sim says:
    ལོ་ 15 སྔོན།

    ཨ་མཆོད་འཇམ་ཚུལ་ཚང་ཕེབས་ནས་སེམས་རྩ་ཁོལ་བོ་བྱུང་འདུག་པ་དེར་སྤྲོ་ནས་ཡིན། སེམས་རྩ་ཁོལ་ཚུལ་ཞིག་གསུང་ཡོད་ན་ཅི་མ་རུང་།

    Reply
  8. Jampel Tsultrim 2010 says:
    ལོ་ 15 སྔོན།

    སེམས་རྩ་ཁོལ་བོ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese