མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་མ་འདི་ཚོར་སེམས་ཁྲལ་ཆེ་ཆེར་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ང་རང་བོད་མི་ཞིག་ཡིན་དུས། བོད་དོན་ཟེར་ན་རེད། བོད་མི་རིགས་ཀྱི་འཆི་གསོན་ཟེར་ན་རེད། སྐད་ཡིག་གི་རང་དབང་ཟེར་ན་རེད། མི་རིགས་ཤིག་གི་བླ་སྲོག་ཟེར་ན་འགྲིག དེ་ཉིད་མེད་པར་བཟོ་འདོད་ཀྱི་སྲིད་གཞུང་ངན་པ་དེ་ཡི་ཁ་གཏད་དུ་བླངས་བཞིན་པའི་ལང་ཚོའི་འདབས་ལག་རྒྱས་བཞིན་པའི་གཞོན་ནུ་ཕོ་མོ་དེ་དག་ཆེད་དུ་སེམས་ཁྲལ་ཆེ་ཆེར་སོང་།

སྤྱིར་ན་འགྲོ་བ་མི་ཟེར་བ་འདི་ལ་བཤད་ཤེས་པ་དང་། ཉན་ཤེས་པ་གཉིས་ཀྱི་ཁྱད་ཆོས་ཡོད་པ་ཡིན་དུས། ཉན་ཤེས་མཁན་གྱི་སྲིད་གཞུང་ཞིག་ལ། བཤད་འཕོད་མཁན་གྱི་མི་མང་ཞིག་གིས་རང་གི་སྐྱིད་སྡུག་གང་ཡིན་ཡང་ཞུས་ཀྱང་ཆོག་ལ། ཞུ་བའི་ཐོབ་ཐང་དང་བདག་དབང་ཡང་མི་རིགས་གཞན་དག་དང་འདྲ་མཚུངས་ཀྱི་ཡོད་པ་རེད། འོན་ཀྱང་། ད་སྐབས་བོད་ཡུལ་མདོ་སྨད་ཀྱི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། བཤད་འཕོད་པའི་སྙིང་སྟོབས། མི་རིགས་འདྲ་མཉམ་གྱི་བདག་དབང་སྐད་ཡིག་གི་རང་དབང་སློང་བཞིན་པའི་སློབ་མ་དེ་དག་གི་ཁ་གཏད་སའི་སྲིད་གཞུང་དེ་ནི། མི་མང་གིས་བསམ་སྐུལ་ཉན་ཤེས་མཁན་གྱི་སྲིད་གཞུང་དེ་ཆགས་མེད་པ་ཡིན་དུས། ང་ལ་སེམས་ཁྲལ་ཆེ་ཆེར་སོང་།

སེམས་ཁྲལ་དེ་ཡང་སློབ་ཕྲུག་རེ་རེ། བོད་ཁུལ་ནས་འཚར་བའི་བོད་མི་ཡིན་ལ། བོད་མི་རིགས་ཀྱི་མ་འོངས་འཆི་གསོན་གྱི་ལག་རྟེན་ལྟ་བུ་ཡིན་དུས། སྲིད་གཞུང་ངན་པ་དེ་ཡིས་ལག་རྟེན་དེ་དག་ལ་གས་ཁ་རེ་གཏོང་བར་སེམས་ཁྲལ་འདུག་ལ། དེ་དག་གི་བླ་སྲོག་ལ་ནུས་པ་མེད་པ་ནས། བེད་སྤྱོད་མེད་པར་གཏོང་མི་ཡོང་ངམ་བསམ་ནས་སེམས་ཁྲལ་འདུག ཁོང་ཚོས་སྲིད་གཞུང་དེར་ཞུས་པ་ནི། སྐད་ཆ་ཞིག་ཡིན་ལ། བདེན་པ་ཞིག་ཀྱང་ཡིན་མོད། འོན་ཀྱང་། སྲིད་གཞུང་དེས་ཕྱིར་ལན་ཞིག་སྤྲོད་པ་དེ་ནི་སྐད་ཆ་ཞིག་ཡིན་མིན་དེ་ལ་སེམས་ཁྲལ་འདུག་ལ། བདེན་པ་ཞིག་ཆགས་མིན་ལ་དེ་བས་ཀྱང་སེམས་ཁྲལ་འདུག

མཐར་ཐུག་ན། ཁོང་ཚོས་རང་དབང་གི་འབོད་སྒྲ་དེ་ཡིས། ཁོང་ཚོ་དང་འདྲ་བའི་བོད་ཁུལ་གྱི་སློབ་མ་ཡོངས་ཀྱི་བོད་ཀྱི་སྐད་ཡིག་གི་བདག་དབང་ཉམས་ནས། ནམ་ཞིག་རང་ཉིད་བོད་པ་ཡིན་ཟེར་དུས། ང་བོད་པ་ཡིན་ཟེར་ནས་རྒྱའི་སྐད་ནས་བཤད་དེ་འོང་མི་ཡོང་ངམ་སྙམ་ན་ལྷག་དུ་སེམས་ཁྲལ་འདུག ད་ལྟ་མཆེད་བཞིན་པ་དེ་ནི་མི་ལྕེ་ཞིག་ཡིན་སྲིད་ཀྱང་། རྗེས་སུ་ང་ཚོས་མཐོང་སྲིད་པ་དེ་ནི་གང་ཞིག་ལ་འགྱུར་འགྲོ་བསམ་ན། ང་ཉི་མ་འདི་ཚོ་སེམས་ཁྲལ་ཆེ་ཆེར་སོང་། རང་ཉིད་བོད་མི་ཡིན་པས་བོད་ཀྱི་སོན་རྩ་དེ་དག་གི་ཆེད་དུ་བསམ་བློ་བཏང་། གང་ལྟར། ང་ཚོ་ཕྱི་བསྡོད་པ་དག་གིས་སྐད་ཆ་བཤད་ཤེས་ན་ཡག་གི ལས་འགུལ་སྤེལ་ཤེས་ན་བཟང་གི གདུང་སེམས་མཉམ་བསྐྱེད་བྱེད་སྟངས་ནོར་མི་ཉན་གི

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    ང་ཚོས་བོད་ནང་གི་ད་ལྟའི་སློབ་ཕྲུག་དེ་དག་གིས་སྐད་འབོད་ཀྱི་དབྱངས་རྟ་དེ་ཡིས། སླར་ཡང་བཙན་བྱོལ་དུ་གྲགས་འགུལ་ཞིག་སློང་བ་བདེན་ན་ཡང་། གྲགས་འགུལ་དེ་ཡིས་ཁོང་ཚོའི་ལས་དབང་ལ་འགྱུར་བ་བཟང་ངན་གང་ཞིག་འགྲོ་མིན་དེ་ཡི་ཐད་དུ་དངོས་ནས་སེམས་ཁྲལ་འདུག

    གཟའ་མཇུག་དུ་བོད་པའི་སོ་ནམ་སློབ་ཕྲུག་ཚོར་ལྟ་རུ་སོང་བ་ཡིན། དེ་ནས་རིག་རྒྱུ་མེད་སོང་བ་རེད། འདི་ཁུལ་དུ་ཡོད་པའི་བོད་པའི་ཕོ་གསར་མོ་གསར་བདུན་མཉམ་དུ་སོང་བ་ཡིན། ལོ་རྟག་པར་ཐེངས་གསུམ་རེ་ཁོང་ཚོར་ལྟ་རུ་འགྲོ་ཡི་ཡོད།

    གནམ་ལྕགས་ལགས། ཕེབས་པ་དགའ་ཡོད། རྗེས་སུ་ཡང་ཡང་ཡོང་གི་བསྡོད། ཨ་ཁུ་ཚང་གི་སྐོར་ངའི་གདོང་དེབ་ནས་ཉིད་ཀྱི་གློག་འཕྲིན་དེ་ལས་གོ་བ་དེ་ཡི་མཚན་མོར་ཁོང་ལ་ཁ་པར་ཞིག་བཏང་བ་ཡིན།

    ཉི་ཟླའི་མགྲོན་བདག་ལགས། འུ་ཅག་གིས་ཉལ་ས་དྲོ་ས་ཞིག་ནས་དངོས་ནས་ཁོང་ཚོའི་སྐྱིད་སྡུག་ལ་བསམ་བློ་རེ་བཏང་དུས། དངོས་ནས་སྐྱིད་པོ་ཞིག་མི་འདུག་ཡ། ཁོང་ཚོས་རྩོད་ཀྱིན་པ་དེ་ནི་ང་ཚོ་ཁ་བ་གངས་ཅན་པ་ཚང་གི་འཆི་གསོན་གྱི་ལས་དབང་ཡིན་དུས། དངོས་ནས་ཉན་བཞིན་ཉན་བཞིན་སེམས་པ་ན་ཡི་འདུག

    ལས་རླུང་ལགས། ང་ཚོ་གང་དུ་ཡོད་ཀྱང་། སེམས་སྡུག་གཅིག་པ་ལོས་ཡིན། བོད་དུ་སྐྱེ་བའི་བོད་མིའི་སྐྱིད་སྡུག་ལ་བསམ་བློ་འཁོར་བ་དང་སེམས་ཁྲལ་ལོས་ཡོད།

    Reply
  2. chophellobsang says:
    ལོ་ 16 སྔོན།

    དངོས་གནས་རེད། ང་ལའང་ཁྱེད་དང་མཚུངས་པར་སེམས་ཁྲལ་ཆེ།

    Reply
  3. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས་ཁྱེད་ཀྱིས་སེམས་ཁྲལ་དེ་བོད་མི་རྩམ་ཟན་ཚང་མའི་སེམས་ཁྲལ་རེད།བདེན་པ་རེད།རང་ཉིད་སེམས་གཏིང་ནས་མི་རིགས་གཉོམ་པོ་འདི་ལ་ཤ་ཞེན་དང་དུངས་སེམས་དཀར་པོ་ཡོད་པ་ངས་ཤེས་ཡོད།
    དེས་ཆ་ནས་ང་རྟག་པར་ཁྱེད་ཀྱི་ཟིན་བྲིས་ནང་དུ་ཡོང་གི་ཡོད།
    མུ་མཐུད་དུ་ཤུགས་རྒྱོབ་དང་བོད་ཕྲུག་ལེགས་རེ་བ་ཆེ།

    Reply
  4. kkalsang says:
    ལོ་ 16 སྔོན།

    ཨ་རོགས། ཉིན་འགར་ཡོང་ཁོམ་མ་བྱུང་ཐལ། དེ་རིང་ཡོང་ནས་སྐོར་བ་ཞིག་བརྒྱབ་པ་དེ་ཡིན། བདེ་མོ་དང་སྔར་བཞིན་ཡིན་པ་ཤེས་ནས་སེམས་བདེ་སོང་། ད་ཐ་ཧར་ཚང་ལ་འགྲོ་གི་ཡིན།

    Reply
  5. karmadentse says:
    ལོ་ 16 སྔོན།

    བསམ་ཚུལ་བཀླགས་པ་ཡིན། ཉིན་ཁ་ཤས་མཐོང་རྒྱུ་མེད་ནོ་ཅི་ཡིན།

    Reply
  6. Kangpu says:
    ལོ་ 16 སྔོན།

    རེད་ཡ། དྲ་གྲོགས་ལགས་གནས་སྟངས་འདིར་བསམ་བློ་རེ་གཏོང་ཐེངས་རེར་གཉིད་ཡང་ཁུག་ཐུབ་ཀྱིན་མི་འདུག་ལ། ལུས་སེམས་གཉིས་ཀའང་ན་ཟུག་གིས་སྦྲིད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese