མི་ཤེས་ཤིང་ ཆུང་འདྲིས་ཀྱང་མིན
གློ་བུར་གློ་བུར་ཞིག་ལ
དེ་ཡང་མི་འགྲིག་པར་སྣང་
ངོ་སྤྲོད་ཅིག་གི་འབྲེལ་ཐག་ནས
ཉིན་མོ་དེར་ཁྱེད་རང་ངའི་དགེ་རྒན་དུ་བརྟེན
ཟླ་ངོ་གཅིག རིམ་གྱིས་བཞུད་སོང་
དེ་དུས་ ད་དུང་ང་རང་ཁྱེད་ཀྱི་སློབ་ཕྲུག་ཡིན
རང་གི་སྐད་ཡིག་ལས་བརྒལ་བའི་ཁྱེད་ཀྱི་སློབ་མ་ཡིན
ཡར་རྒྱས་ཀྱང་གང་ཙམ་སོང་
ཁྱོད་ཀྱི་སྐད་ཆ་ང་ཡི་གོ
ང་ཡི་བཤད་པ་ཁྱེད་ཀྱི་ཤེས
དེ་ནི་འུ་གཉིས་བར་གྱི་བརྡ་རྟགས་དུ་གྱུར
ག་ལེར་ཁྱེད་རང་ང་དང་ཐག་ཉེ་ས་ནས་འདུག་མ་ཕོད
སློབ་ཕྲུག་ཁྱུ་གཅིག་གི་འབོད་སྐུལ་ཁྲོད
རི་སྒང་དེ་ནས ཁྱེད་རང་རི་ཞབས་དུ་བྱིན
རེ་སྐུལ་དང་ངའི་འདོད་སྲེད་ཀྱིས
ང་རང་ཡང་རི་ཞབས་དུ་འཁྲིད
གཙང་འགྲམ་དེ་ནས ཁྱེད་ཀྱི་སློབ་མ་ཚོར
གང་ཞིག་བཤད་ཡོད་མེད་ཀྱང་
གཏན་ནས་སྙམ་མ་བཞག
ཁོང་ཚོས་ཀྱང་ ང་རང་སུ་ཡིན་སྐད་ཆ་མ་དྲིས
དོན་དག་དེ་ནས་འགོ་བཙུགས
དྲ་གྲོགས་ལགས་བྲོ་བ་ཞིག་སྤྲད་སོང་། ཀློག་ཟིན་ཡིན།