ཉིན་མ་རེ་རེ
སུས་ཀྱང་འཛིན་དུ་མེད་པར
སྐར་མ་རེ་རེ འདར་སུག་རྒྱགས་དུས་སུ
ང་སུ་ཚང་གི་སྒོ་འགྲམ་དུ་ལུས་སྲིད
སྟབས་བདེ་བའི་ཆེད་དུ
གོམ་ཁ་གཞན་ཡུལ་དུ་སྒྱུར་བ་ནས
སུའི་ཆེད་དུ་འགྲེང་བའི་ང་རང་
སུ་ཚང་གི་སྒོ་འགྲམ་ནས་ག་ལེར་ཆས་སྲིད
རི་བོ་ཉུལ་བའི་ཤུལ་དུ
ཆུ་བོ་འཕྱོ་བའི་རླབས་རྗེས་སུ
རླུང་འཚུབ་ལྡིང་བའི་སྔ་གཞུག་དུ
སེར་དྲགས་འབབ་པའི་ཕྱིར་ཉིན་ནས
ང་སུ་ཚང་གི་མགྲོན་པོ་བྱེད་དགོས་པ་ཡིན་ནམ
ང་ལ་སྐད་ཆ་ཞིག་ཤོད་དང་
ང་ལ་སེམས་པ་ཞིག་སྟོན་དང་
ང་ལ་སྙིང་གཏམ་ཞིག་གསུང་དང་
ང་ལ་འཕྲིན་ཡིག་ཞིག་སྐུར་དང་
ང་ལ་གླུ་དབྱངས་ཤིག་ལོངས་དང་
ངས་སུ་ཚང་གི་སྒོ་ཁའི་ཕྱི་ནང་དུ
མི་ལོ་ག་ཚོད་ཅིག་ལ་ལྟོགས་སྐོམ་ཐོལ་བ་མྱོང་དགོས་སམ