མི་ཡི་གཟུགས་ལ་འདྲེ་ཡི་སེམས་ཞུགས་པ།།
ཕྱི་ནང་ཁ་ཁར་གྱུར་བ་ང་ཡི་སྤྱོད།།
དུས་གསུམ་གང་དུ་མི་གཏོགས་རླུང་གི་སྤུན།།
གྱང་ཁའི་རྩྭ་ཡི་གྲོགས་པོ་ཡ་མེད་ཅིག།
ཏིང་སྙོམས་རི་ལ་ཆས་པའི་ཕྱིར་ཉིན་ནས།།
ངལ་གསོ་ནང་ལ་བསྡུས་པའི་དེ་ནུབ་དུ།།
རང་ཉིད་མེ་ལ་བསྲེག་པའི་བྱེད་ལུགས་ཤིག།
དཀར་ནག་དབྱེ་འབྱེད་མེད་པའི་ཐོ་ཞིག་བསྐྲུན།།
ཕར་ལ་བལྟས་ཙམ་ཆགས་པའི་རབ་བཟི་ཡང་།།
འཁྲིས་ལ་བཅར་ན་སྙིང་ཆུང་གས་འགྲོ་བའི།།
སྡར་མའི་གོམ་འགྲོས་རུས་སྤལ་ནུར་འདྲ་ཁྱོད།།
མི་གྲལ་ཡོད་པ་ཙམ་ལས་བེམ་པོ་ཉིད།།
ཕྱི་རོལ་གྲོང་ཁྱེར་གློག་སྒྲོན་འོད་ཆེམ་ཆེམ།།
ནང་དུ་བུ་མོའི་ངུར་སྒྲ་ལྷོད་ཀྱིས་བཞུར།།
མཛའ་མོ་སེམས་ཁམས་རིགས་པའི་གམ་དུ་བྱིན།།
རང་ཉིད་དྲ་བའི་སྟེང་གི་ལྡོམ་པར་གྱུར།།
གྲོགས་པོ་ལགས།
བཀླགས་ཟིན་