ཆང་འཁྱེར་ཤོག
དུ་བ་རྐང་གཅིག་དེ་ལ་མེ་སྒྲོན་དང་
ངའི་ལྟག་རྒྱབ་དུ
སྔ་མོ་ནས་ཡོང་མཁན་ཞིག་ཡོད
ང་འདི་ནས་བཟུང་
ཁ་སང་གི་གཏམ་རྒྱུད་དང་འབྲལ་དགོས་ན་ཐང་
གཅིག་བྱས་ན དོ་ནུབ་ནི
ཆེས་མཐའ་མཇུག་གི་རོལ་མོ་དེ་ཉན་སྐབས་ཡིན་སྲིད
སྐྱི་མོ་དེ་ཡི་ནང་རོལ་ནས
སྙན་ངག་མེད་པའི་དགུན་གཞུང་འདི་ལ
ཤ་དྲོད་མེད་པའི་སྙིང་གཏམ་མེད་པར
ང་ལ་སྲེད་པ་ཡོད་ཚད་སྤྲོད་ཅིག
ཁྱེད་ཅག་ཕེབས་པ་དགའ་ནས་ཡོད། མུ་མཐུད་དུ་ཀློག་ཞིག ཁོམ་དུས་སུ་ཡོང་གི་བསྡོད། སྒོ་ན་བསུ་མ་བྱེད་མཁན་གྱི་བུད་མེད་འཛུམས་མདངས་ཅན་ཞིག་བླངས་དེ་སྒུག་ཡོད་་་
གྲོགས་པོ། དེ་རིང་ང་ཆེད་དུ་ཁྱེད་ལ་སྐོར་བ་རེ་བྱེད་དུ་ཡོང་བ་ཡིན།
འདི་ཚོར་བ་ཡོད་ནི་རེད་འདུག
མ་མཇལ་ཡུན་རིང་འགོར་སོང་། ང་ལས་བྲེལ་དང་འཁྱམ་མྱུལ་བྱས་དྲག་ནས་ཁྱེད་ཚང་དུ་རྒྱུན་པར་ཡོང་ཁོམ་ཡང་མི་འདུག ཁྱོད་ཀྱི་བརྩོན་པའི་རྒྱུན་འདི་ལྟར་འགྱུར་མེད་རྟག་བརྟེན་ཡིན་བར་སྨོན།
དུག་གི་མཚན་མོ་ཡིན་ནམ། ཆང་གི་མཚན་མོ་ཡིན་ནམ། དུ་བའི་མཚན་མོ་ཡིན་ནམ། གང་ལྟར་ཚོར་བས་བསླུས་པའི་བར་ནས་ཕྱིར་མིག་གི་མེ་ཏོག་རེ་གཏོར་རོགས།