ཞོགས་པ་སྔ་བོ་ནམ་གསལ་མ་གསལ་གྱི་སྐབས་སུ། འཚོ་བ་ཆུང་ཆུང་ཞིག་དང་མི་ཚང་ཆུང་ཆུང་འདི་ཡི་ཆེད་དུ་ཟེར་ན་རེད། ཡང་ན། རྒྱང་རིང་གི་ཕ་མ་དང་ཉེ་དུ་གཞན་དག་གི་དགོས་འཁོའི་ཆེད་དུ་ཟེར་ན་རེད། རང་དོན་ཟེར་ན་འགྲིག ལྟོ་དོན་ཟེར་ན་ཆོག ལམ་ལ་བུད་ཀྱི་ཡོད་པ་རེད། ཉིན་ལྟར། དུས་ཚོད་སྔ་བོ་སྔ་བོ་ཞིག་ནས་རླངས་འཁོར་འབབ་ཚིགས་ཤིག་ལ་འབྱོར་གྱི་ཡོད་པ་རེད། དེ་ཡང་སྐར་མ་གཅིག་གི་རྗེས་སུ་ཡང་ལུས་མི་རུང་། ལུས་སོང་བ་ཡིན་ན། རླངས་འཁོར་གྱི་རྗེས་མི་ཟིན། དེ་དུས་སླར་ཡང་སྐར་མ་སུམ་བཅུ་ལ་སྒུག་དགོས། དེ་ནས་ལས་ཀར་རྗེས་ལུས་ཐེབས་འགྲོ
རླངས་འཁོར་ནང་དུ་འཛུལ་དུས་སུ། མཚམས་རེར་བུད་མེད་རེ་དང་འཕྲད་འགྲོ བུད་མེད་རེ་ཟུང་གི་གཟུགས་པོའི་ཆ་ཤས་སུ། རྒྱང་རིང་གི་ཁྱེད་རང་གི་གཤིས་ཀ་ཞིག་ཡོད། དེ་ཡང་ངས་ལས་ཀར་འགྲོ་བའི་ལམ་རོགས་སུ་འགྱུར་འགྲོ ལས་ཀ་བྱེད་དུས་སུ། བསམ་བློ་གཏོང་དུས་སུ། ཕྱིར་དྲན་བྱེད་དུས་སུ། གང་ས་ན། ཁྱེད་རང་སླེབས་ནས་ཡོང་གི་ཡོད། དེ་ཡང་དོན་དངོས་ཐོག ངའི་ཁོར་ཡུག་གི་ཕྱི་ནང་གསང་གསུམ་ན་ཁྱེད་རང་ཡོད་དོན་ཅི་རེད།
རླངས་འཁོར་གྱི་ནང་དང་ཕྱི། ལས་ཀ་བྱེད་སའི་ཁོར་ཡུག མི་ཚོགས་ཀྱི་གསེང་། ཡོད་ཚད་དུ། ཁྱེད་རང་འཛུལ་ནས་འདུག་དོན་ཅི་རེད། དེ་ནི་ཚོར་ང་རང་གི་ཚོར་བ་ལན་པ་ཡིན་ནམ། ཚོར་རྙོག་ཞིག་ཡིན་ནམ། རྒྱུད་རིམ་ཞིག་ཡིན་ནམ། སྙིང་བོ་ཞིག་ཡོད་དམ། མི་ལུས་ཐོབ་ཚད་ལ་འདི་འདྲའི་ཚོར་བ་ཞིག་ཡོང་གི་ཡོད་པ་ཡིན་ནམ་ཅི། ང་རང་ད་ལྟ་དངོས་ནས་བཤད་ན། ཁྱེད་རང་དང་དཔག་ཚད་མང་བོ་ཞིག་གིས་ཆོད་ཡོད་ལ། ཁྱེད་རང་གི་སྐོར་ནས་གླེང་མོལ་བྱེད་མཁན་ཡང་ཆེས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཆེས་ཉུང་བའི་ས་ཞིག་དུ་ཡོད་ཡ།
བུ་མོ་ཆུང་ཆུང་གི་འཛུམ་ལ་ལྟ་ཞོར། མཛའ་མོའི་རུམ་ལ་འཛུལ་ཞོར། ་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་་་་དོན་དངོས་སུ་ཁྱེད་རང་སུ་རེད་་་་་་
དྲ་གྲོགས་ལགས་སུ་ཞིག་ལ་དྲི་བ་འདི་བཏོན་གྱི་ཡོད།
ང་ལ་གསལ་ཁ་རེ་ཕུལ་རོགས་ཞུ།