ལོ་ངོ་དེ་འདྲའི་མང་བོ་ཞིག
ངས་ཁྱེད་རང་ཁོ་ན་བཙལ་བ་ཡིན
ངས་ཁྱེད་ལ་རེ་བ་བརྒྱབས
ཡིད་ཆེས་བྱས
ཡོད་ཚད་ཁྱེད་ཀྱི་ཆེད་དུ་བཏང་
མཐར་ཐུག་ན ང་ལ་ཐོབ་སྲིད་པའི་དངོས་པ་དེ་གང་ཡིན་སྲིད
མི་ཡུལ་ནས་འདི་ལྟར་རྒས་ཀྱིན་ཡོད
འདི་ལྟར་འཆི་བར་ཕྱོགས
འདི་ལྟར་ཉིན་མཚན་མེད་པར་འདུར
གང་དང་སུའི་ཆེད་དུ
མ་གཞི་ནས་ཁྱེད་རང་ཁོ་ན་ཐོབ་པའི་ལས་ཤིག
ངས་རང་བློ་འདི་རྙེད་པ་ནས་མགོ་བཙུགས་ཀྱང་
ད་ལྟ ངའི་སྐྲ་ལོར་ཁ་བ་བབས་སོང་
བཙག་དང་རླུང་བའི་བརྡུང་ན་ཡང་
ཆུ་དང་ཆར་བས་དེད་ན་ཡང་
ངས་ཁྱེད་རང་འཚོལ་བའི་ལམ་ཁ་ནས་ཕྱི་ནུར་བརྒྱབས་མྱོང་མེད་ཀྱང་
ཁྱེད་རང་དོན་དངོས་སུ་གང་དུ་ཡོད་པ་རེད
རྒྱང་ཐག་ཅི་ཙམ་ཞིག་གི་ས་ན
ཡང་ན འཇིག་རྟེན་འདིའི་ཕྱི་རོལ་ཞིག་གམ
ཤ་མིག་ཆུང་ཆུང་འདི་གཉིས་ཀྱི་མི་མཐོང་བའི་ཕ་རོལ་ཞིག་ན
ངས་ཁྱེད་རང་ལས་ལྷག་པའི་དངོས་པོ་གཞན་ཞིག་ཡོད་པ་མ་མཐོང་མོད
འོན་ཀྱང་ མི་དག་གིས་ཁྱེད་ཉིད་ཀྱི་མིང་ལས་དོན་དངོས་མ་བཙལ
འདི་ལྟར ངའི་ཤ་མིག་གི་མཐོང་ཡུལ་ནས་འགྲན་བསྡུར་བྱེད་པའི་ངའི་རིགས
ཁྱེད་ཉིད་ལས་གཞན་ཞིག་ལ་ཕྱོགས་དུས་སུ
ང་ནི་སྙིང་ཆུང་དམར་པོ་མེ་ཡི་ཁ་ཟས་སུ་གྱུར་བ་ནི་ཉུང་ཉུང་མིན་ཡང་
ངའི་རིགས་འདི གཉིད་དེ་ལས་ད་དུང་སད་འདོད་མེད་དོན་གང་རེད
གྲོགས་པོ་མུ་མཐུད་དུ་སྤེལ་རོགས་གནང་།