དེ་ནས་བཟུང་ རིགས་རུས་ཀྱི་ཆོ་ངེ་འདོན་ཞོར
མི་སྐད་ཀྱི་ང་རོ་ལ་ཉན་ཞོར
གྲུབ་མ་མང་བོ་ཞིག་ལ་དངངས་སྐྲག་སྐྱེ་ཞོར
ལམ་དུ་ཆས་པའི་རི་བོ་དེ་ཡི་ཕ་རོལ་ན
ང་ལ་འབྲེལ་བའི་གཏམ་རྒྱུད་ཆེས་མི་ཉུང་བ་ཞིག
ཁ་སང་གི་གླུ་སྐད་སྐྱ་བོ་ཞིག
དེ་རིང་གི་རྨི་ལམ་དུ་བསྐོངས་དེ
སང་ཉིན་གྱི་འདུན་པ་ཡོད་ཚད
ཚོང་རྫས་གཞན་ཞིག་གི་སྒམ་ཆུང་ནང་དུ
ངའི་བདག་པོ་མི་ཉུང་བ་ཞིག་གིས
བརྫངས་ཟིན་པའི་སྔ་ནུབ་དེར
ངའི་མེས་པོ་དག་གི་ཁ་ཆེམས་ཤིག
བསྡུས་གཟུགས་གཞན་ཞིག་གི་འཇིག་རྟེན་ན
དྲང་མོ་བཤད་དུས་སུ
ང་ལྐུགས་པར་གཏོང་མཁན་ནི
ང་ལས་སུ་ཞིག་འཚོལ་དགོས་སམ
ངའི་ཚེ་སྲོག་གི་ནང་དྲོད་མ་ཉམས་གོང་
ངའི་བདེ་སྡུག་གི་གསང་བ་ཁྲི་མ་འབུམ
ཡིག་རྡོག་ཁ་ཤས་ཀྱི་མཚོན་ནས་སྤྱད་པ་དེ་ནི
ངའི་ཉེས་པ་གང་ཞིག་ལ་འཁྱུད་པའི་གཙང་བོའི་ཕ་རོལ་ན
གང་ཡང་གནང་གི་མ་རེད། བརྩེ་དུང་ནི་སྡུག་བསྔལ་གྱི་རྒྱུ་མ་ཞིག་རེད་ལ་བདེ་སྐྱིད་ཀྱི་རྭ་བ་ཤིག་རེད།
དགད་མོ་བྲོ་བོ་རེད་ཧཧཧ།།
ཁྱེད་རང་ལྐུག་པར་བཏང་མཁན་དེ་ཡང་བརྩེ་དུངས་རེད།
ཧཧཧཧཧཧཧཧཧཧཧཧཧཧ