ངའི་ལོ་ཟླ་འདི་ནི་འདི་ལྟར་བཞུར་གྱིན་ཡོད། ཞོགས་སྔ་བོ་ནས་ས་རུབ་རེག་བར་དུ། བསམ་བློ་མང་བོ་མང་བོ་ཞིག རང་ཉིད་བོད་ལ་སྐྱེ་བའི་སྐོར་རྐྱང་རྐྱང་རེད། བོད་ནས་སྐྱེ། བོད་ནས་འཚར་ལོངས་བྱུང་། བོད་ནས་བོད་ཡིག་གི་ངོ་ཤེས། བོད་མི་རིགས་ཀྱི་གོམ་གཤིས་ཀྱང་དེ་ནས་རྒྱུད་ལ་འཇག
སྐབས་དེ་འདྲ་ཞིག་ལ་བསམ་བློ་ནང་དུ་བོད་ཅེས་པའི་ཡིག་འབྲུའི་ཁྲོད་ཀྱི་གསང་བ་རེ་རེ་བཞིན་སེམས་ཁོང་དུ་སྤུངས། ལོ་ན་ཕྲ་ཡང་སེམས་ཤུགས་རི་རབ་ལས་ཀྱང་ལྗིད། འོན་ཀྱང་། སེམས་ཤུགས་དེ་ཡང་ཁུ་བཙུར་དང་ང་རྒྱལ་ཞིག་ལ་བཅོལ་ནས་མི་ལོ་དུ་མ་ཞིག་ལ་ཉེ་ཁོར་གྱི་རྒྱ་ཁ་ཆེ་དག་དང་དགྲ་ཁ་གཏད་ཀྱི་འདུ་ཤེས་སེམས་སུ་ཤར།
ངའི་ལོ་ཟླ་དེ་ལྟར་བཞུར། བཞུར་གྱིན་བཞུར་གྱིན། ངའི་བསམ་བློ་ཡང་བཞུར། བོད་ཁུལ་ཉུལ་བའི་འགོ་བཙུགས། ལོ་ན་ཧ་ཅང་ཕྲ་ཡང་ཕྱི་ལ་འཁྱམ་ཉུལ་གྱི་གོམ་གཤིས་ཤིག་བྱིས་པ་གཞན་དག་ལས་ཐོལ་བརྒལ་དུ་སོང་། ཁོར་ཡུག་གི་མི་དག་གིས་ཀྱང་ང་ནི་བྲོས་བྱོལ་ལ་དགའ་བའི་མི་ཞིག་དུ་ངེས་འཛིན་བྱས་པ་རེད།
རིམ་གྱིས་གོམ་ཁ་རྒྱང་རིང་གི་རི་བོ་ཞིག་གི་ཕར་ཕྱོགས་སུ་གཟས། དེ་ཡང་ལམ་འགྲོ་བྱུང་། རི་བོའི་ཕར་ཕྱོགས་སུ་རང་ཉིད་ཀྱི་དམིགས་ཡུལ་དང་མདུན་པ་གསར་བ་ཞིག་གི་བསུ་བ་བྱེད་ཀྱིན་ཡོད་པར་རེ་བ་འཁུར་ནས་བཞུར། བཞུར་སྟངས་དེ་ཡང་སྟོབས་ཤུགས་རྒྱས་པའི་ན་གཞོན་ཞིག་གི་སེམས་པ་བཞུར་བའི་གོམ་བགྲོས་རེད།
ཚང་མས་མི་ཡུལ་དུ་འབོད་པའི་གནས་ཡུལ་དེ་ནས་མི་ལོ་བཅུ་ཕྲག་གཅིག་ལྷག་གར་སོང་ཆ་མེད་དུ་བཏང་། ཡིན་ཡང་། ང་རང་བཞུར་བཞིན་ཡོད། ལས་དོན་གང་ཡང་མ་འགྲུབ་པར་བཞུར་གྱིན་ཡོད། དགའ་ས་དང་ཉེ་ས་ཡོད་ཚད་ཀྱང་རྒྱང་ནས་རྒྱང་དུ་བཞག མི་ལོ་ཆེས་མང་བོ་ཞིག་ལྡེབས་བརྩེགས་བརྒྱབས། ང་རང་ད་དུང་ཡང་བཞུར་བའི་གཞུག་ན་འདུར་གྱིན་ཡོད།
བཞུར་བའི་ཁྲོད་ཀྱི་མི་ནི་ང་རང་དུ་གྱུར་སོང་བ་དང་། ང་དང་འདྲ་བའི་བཞུར་བའི་གཞུག་གི་མི་ནི་ད་ལྟ་ངས་ཆེས་མང་བོ་མང་བོ་ཞིག་མཐོང་དེ་འོང་དུས་ང་ལ་ཆེས་བློ་འཚབ་དང་ངང་སྐྲག་སྐྱེ་སུ་བཅུགས་སོང་། གང་ལྟར། ངའི་བསམ་བློ་ཞིག་གཏོང་ཞོར་དུ་སྒོ་རུ་འབུད་དེ་ཐ་མག་ཞིག་ལ་མེ་སྒྲོན་ཡ་་་་
བོད། ལགས་བྲིས་བ་ཧ་ཅང་བདེན། མཆན་འདེབས་ཁོམ་བྱུང་བ་སོང་།
རྒྱལ་ཁབ་དེ་གསུམ་ལ་བོད་ཀྱི་རྒྱལ་དར་བཙུགས་ན་ཆོག་པའི་རྒྱུ་མཚན་གང་ཡིན་ནམ། དང་ཐོག་དེ་ལ་ལན་ཞིག་སྤྲོད་དང་། དེ་ནས་རྒྱལ་ཁབ་དེ་གསུམ་ནང་གི་གང་བཟང་མིན་དང་། ས་ཆ་གཡར་མིན་གཡར་མཁན་ལ་སུ་གཏོང་དགོས་མིན། དེ་ནས་རྒྱལ་དར་བཟོ་སྟངས། ཆེ་ཆུང་སོགས་ཀྱི་སྐོར་ལ་གླེང་ཡ་
རྒྱལ་དར་བཙུགས་སར་རྒྱལ་ཁབ་གསུམ་ཡོད་རེད། ཧྥི་རིན་སི། ཁ་ན་དྲ། འཇའ་པན། གསུམ་ནས་གང་རུང་གི་ས་ཆ་སྤྲོད་ཀྱི་རེད་འདོད། གོམ་བགྲོད་འདྲ་བྱེད་ན་ག་འདུག་གམ། ས་ཆ་འདྲ་སློང། ག་འདྲ་འདུག་གམ།
དེ་དངོས་ནས་བཟང་གི ཨ་ཡ་མཚན། ངས་ཀྱང་ཡུན་རིང་བོ་ཞིག་བོད་ཀྱི་རྒྱལ་དར་ཆེ་ཤོས་ཤིག་བཟོ་ཐུབ་ན་བསམ་པ་ཡིན་ཡང་། དེ་ནི་ཇི་ལྟར་འཛམ་གླིང་སྟེང་ནས་སྒྲོན་ཐུབ་མིན་སྐོར་ལ་ཡང་བསམ་བློ་བཏང་བ་ཡིན། འོན་ཀྱང་། ངས་བསམ་པ་ནི་རྒྱལ་དར་ཆེ་ཤོས་དེ། འཛམ་གླིང་གི་ཟིན་ཐོ་གཏོར་བའི་རྒྱལ་དར་ཞིག་བཟོ་ཐུབ་ན་ཉམ་མོད། དེ་ནི་འགྲོ་སོང་གིས་ཀྱང་ཡོང་ཐུབ་ས་མ་རེད་ལ། འགྲོ་སོང་གང་ས་ནས་ཐབས་ཤེས་འཐེན་ཐུབ་སྲིད་ཀྱང་། རྒྱལ་དར་སྒྲོན་སའི་ས་གང་བྱེད། དུས་ཚིགས་གང་ལ་བསྟུན། རྒྱལ་དར་གྱི་ཉིན་མོ་ཞེས་དུས་ཚིགས་ཤིག་ཀྱང་གཏན་འཁེལ་བྱེད་ཐུབ་ན་སྙམ་མྱོང་། གང་ལྟར། ཉིད་ནས་རྒྱལ་དར་ཆེ་ཆུང་གང་འདྲ་ཞིག་བཟོ་འཆར་ཡིན། དེ་ཡི་སྐོར་ནས་ཞིབ་དུ་གསུང་དང་། ད་གཟོད་བསམ་ཚུལ་དྲ་ཐོག་གི་སྤུན་ཟླ་དག་ལ་སྤུངས་ན་ག་འདྲ་འདུག་ལགས། ཡུན་རིང་གི་རྗེས་སུ་དེ་རིང་འདི་ནས་ཁ་བརྡ་བྱེད་ཐུབ་པ་དགའ་ནས་ཡོད། དེ་རིང་ང་གུང་གསེང་ཡིན། དུས་ཐོག་ལན་ཡོད་ན་གསུང་རོགས་ཞུ། སྒུག་ནས་འདུག
རང་བཙན་གོམ་བགྲོད་ཤིག་ད་ལོའི་དབྱར་ཁ་དུས་ཚུགས་སུ་འགྲོ་ཐུབ་ན་ཡག་པོ་འདུག བསམ་ཚུལ་ག་རེ་ཡོད་དམ།
ཐ་མ་འཐེན་གྱི་འཐེན་གྱི། རྒྱུགས་མ་བསྡད། ལྷོད་ལྷོད་བྱོས། བྱ་བ་གང་ཡིན་ནའང་ལྷོད་ལྷོད་བྱས་ན་སྐྱིད་པོ་རེད། མགྱོགས་པོ་བྱས་ན་ཧཧཧཧཧ
དེང་སང་གནམ་བཤིས་སྐྱིད་པོ་འདུག་ད། ཡར་འཁྱོམ་མར་འཁྱོམ་འདྲ་བྱས་ན་སྐྱོད་པོ་ཡོད་ས་རེད། བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་བཟོ་བརྩི་ཡོད་པ་དེའི་སྐོར་དུ་སྐད་ཆ་འདྲ་ཡོད་དམ། ང་རང་གཉིས་རང་བ