མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། བཅུ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

                                                                   བཅུ་གཅིག

ཕྱི་རྒྱལ་བས་འགྲོ་སྲོལ་ཡིན་ན། ཉལ་ཁར་ཚང་མ་ལ་གཟིམ་ཞག་གནོང་ཞེས་སྨོན་སྐུལ་བྱེད་སྲོལ་ཡོད་ན་ཡང་། དོ་ནུབ་ང་ཚོར་ཉལ་ཁར་སྐད་ཆ་དེ་ནི་མེད་པར་གྱུར་ཡོད། སྤྱིར་བཏང་གིས་ང་རང་གིས་བུ་མོ་ཉལ་སའི་ནང་དུ་འཇོག་གི་ཡོད་ཀྱང་། དོ་ནུབ་ཁོང་ཁྲོ་དེ་ཡིས་དབང་གིས་མཛའ་མོས་བུ་མོ་པང་དུ་བླངས་དེ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར། ཐོག་ཁར་ཉལ་དུ་བུད་སོང་བའི་ཤུལ་དུ། འོག་ཤོད་དུ་ང་རང་གློག་ཀླད་སྟེང་དུ་གསར་འགྱུར་དང་ཟིན་བྲིས་དག་ཀློག་ནས་བསྡད་ཡོད་ལ། མོ་རང་གི་མ་རྒན་གྱིས་བརྙན་འཕྲིན་གསར་འགྱུར་དང་ཆ་འཕྲིན་སྐོར། དངོས་བྱུང་གཏམ་རྒྱུད་ཐུང་ཐུང་དག་ལ་བལྟ་བཞིན་ཡོད།

ཆུ་ཚོད་བཅུ་བ་ནི་མོ་རང་ཉལ་དུ་འགྲོ་བའི་དུས་ཡིན། མ་རྒན་མ་ཁ་རོག་གེར་ཉལ་དུ་བུད་ཐལ། ནམ་རྒྱུན་གྱི་གཟིམ་ཞག་གནོངས་རོགས་ཤེས་པའི་སྐད་ཆ་དེ་མེད་པར་བུད་ཐལ། ད་གཟོད་ང་ཡིས་གཞན་ཁྱིམ་གྱི་བྲོ་བ་དེ་མྱོང་འགོ་བཙུགས་པ་ཡིན་པ་ཤེས་ཀྱི་འདུག ངས་དགོང་ཟས་ཟས་ཤུལ་གྱི་སྣོད་ཆས་རིགས། དཀྲུས་གཤོང་ནང་གི་དེ་དག་ཡོངས་རྫོགས་གཙང་མ་བཟོས་རྗེས། གཞི་ནས་ཉལ་དུ་སོང་བ་ཡིན། སང་ཉིན་གང་འདྲ་ཡོད་དམ་སྙམ་ཞོར་ཉལ་དུ་སོང་།

དུས་ཚོད་ལྟར། ང་རང་ལས་ཀ་འགྲོ་བའི་དུས་ཚོད་ལ་འགྱུར་བ་མེད། སྔར་བཞིན་ཡིན། མཛའ་མོས་ང་རང་ལ་དེ་རིང་ང་ཁྱེད་རང་གི་འགྲམ་དེར་ལས་ཀ་འགྲོ་བཞིན་ཡོད། ཅུང་ཙམ་སྒུག་ནས་ང་རང་གི་རླངས་འཁོར་དུ་སོང་ན་ཞེས་པའི་སྐད་ཆ་དེ་བཤད་སོང་། ངས་མིན། ཁྱེད་རང་གིས་ངལ་ཅུང་ཙམ་གསོས་ཤིག བུ་མོ་ཡང་གཉིད་འདུག་ཞེས་བཤད་པ་ཡིན་ལ། མོ་རང་དང་མཉམ་དུ་མཚམས་རེར་འགྲོ་ཡི་ཡོད་ན་ཡང་། མོ་དང་མཉམ་དུ་སོང་དུས། ང་རང་ལས་ཀར་རྗེས་ལུས་ཐེབས་ཀྱི་ཡོད།

ཕྱི་དྲོ་ང་རང་ལ་ལས་ཀ་ཡོད་དུས་ཁ་པར་སླེབས་བྱུང་། དེ་ནི་གྲོགས་པོ་བློ་བཟང་རེད། ཁོས་ང་རང་ལ་ཁྱེད་རང་ལ་གུར་ཞིག་ཡོད་པ་དེ་གཡར་ན་འགྲིག་གི་རེད་དམ་ཟེར། ངས་དེ་འགྲིག་གི་རེད། ངེད་གཉིས་ཀྱིས་དེ་ནི་མི་གཉིས་ནང་དུ་གཤོང་བ་དེ་ཡིན་ཞེས་བཤད་དུས། ཁོས་ཁྱེད་རང་ལ་སྔོན་ཆད་ཆེན་པོ་ཞིག་ཡོད་པ་དེ་ག་རེ་རེད་ཅེས་དྲིས་པ་དེར། ངས་དེ་ནི་ངེད་གཉིས་ཀྱི་མིན་པ་དང་། མོ་རང་གི་ཨ་ཅེ་ཡི་ཡིན་པ་བཤད་པ་ཡིན། དེ་དུས་ཁོ་རང་གིས་ང་རང་ཡང་ཁོང་ཚོ་དང་མཉམ་དུ་ཨེས་ལ་ཀྲི་ལ་འགྲོ་ཐུབ་མིན་སྐོར་དྲིས་སོང་།

ངས་ང་རང་འགྲོ་ཐུབ་མིན་སྐོར་ལ་སང་ཉིན་ནངས་ཉིན་ཁ་པར་གཏོང་ཆོག་ཞེས་ཁ་པར་གྱི་ཁ་བརྒྱབས་པ་ཡིན། ཅུང་མ་འགོར་བར་མཛའ་མོས་ཁ་པར་སླེབས་སོང་། མཛའ་མོས་ཁྱེད་རང་གི་ལས་ཀ་གྲོལ་ན། དངུལ་ཁང་འགྲམ་གྱི་སྡེབ་ཚོང་ཁྲོམ་རྭ་དེར་ཤོག་དང་། བུ་མོ་ངེད་གཉིས་ཀྱིས་དེ་ནས་སྒུག་འདུག་ཟེར། ངས་འགྲིག་གི་རེད། ང་རང་ལས་ཀ་གྲོལ་མ་ཐག དེ་རུ་ཡོང་ངེས་ཡིན་ཞེས་བཤད་པ་ཡིན། ང་རང་དུས་ཚོད་དེ་རུ་སླེབས་ཐུབ་མིན་གྱི་སེམས་འཚབ་བྱེད་ཀྱིན། ཐབ་ཚང་ནང་གང་མགྱོགས་ཅི་མགྱོགས་ཀྱིས་དཀྲུས་ན་ཡང་། རོགས་པ་ཁ་ཆེ་དེ་གཉིས་ཀྱིས་གཙང་མ་ཐེངས་གསུམ་པ་དེ་བཟོ་རྩིས་བྱས་སོང་། ད་གཟོད་ང་རང་དུས་ཚོད་ཀྱི་རྗེས་སུ་མི་ཟིན་པ་ཤེས་ནས་དགོངས་པ་ཞུས་དེ་སྔོན་དུ་སྒོ་ལ་བུད་པ་ཡིན།

བུ་མོ་དང་ངེད་གསུམ་ནང་དུ་འབྱོར་དུས། བུ་མོ་ལམ་བར་དུ་རླངས་འཁོར་ནས་གཉིད་སོང་སྟབས། མཛའ་མོས་ཐོག་ཁང་དུ་འཁུར་ནས་བུད་སོང་། ང་རང་གཟུགས་པོ་ཞིག་དཀྲུ་རུ་སོང་ནས་ཕྱིར་སླེབས་དུས། མོ་རང་གི་མ་རྒན་མ་སླེབས་འདུག་ལ། མོ་རང་གི་ཉལ་ཁང་ནང་དུ་འཛུལ་ནས་སྒོ་ཕྱི་ལ་ཐོན་གྱི་མི་འདུག མཛའ་མོ་མོ་རང་ནི་མཚམས་རེར་སེམས་ཁམས་རིག་པ་ཞིག་གི་སར་སློབ་ཚན་ཉན་དུ་འགྲོ་ཡི་ཡོད་པ་ཡིན། མོ་རང་དེ་རིང་དེར་འགྲོ་ངེས་ཡིན་ཞེས་དུས་ཚོད་ལྔ་བ་མ་ཟིན་ཙམ་ནས་ཕྱིན་སོང་། སྤྱིར་ཡིན་ན་དུས་ཚོད་དྲུག་དང་ཕྱེད་ནས་བརྒྱད་པ་བར་དུ་ཡིན་མོད། དོ་ནུབ་དེ་འདྲའི་སྔ་བོ་འགྲོ་དོན་ང་ལ་བཤད་མ་སོང་ལ། ངས་ཀྱང་དྲིས་མེད།

བུ་མོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྒང་ནས་གཉིད་ལས་སད་པ་དང་། ང་རང་གིས་ཐེངས་ཁ་ཤས་ལ་ལག་པར་ལེན་རྩིས་བྱོས་ཀྱང་། ཨ་མ་ཟེར་ནས་འབོད་པ་ལས། ང་རང་མི་དགོས་ཞེས་མ་རྒན་གྱི་སྐད་ཀྱི་སྟེང་ནས་ལན་ཡང་ཡང་བཏབས་དུས། ངའི་སེམས་པ་ཅུང་སྐྱོ་ན་ཡང་། ཅུང་ཙམ་བཞག་རྗེས་མོ་རང་གི་འགྲམ་དུ་སོང་ནས། པ་ཁོ། མ་ངུ་། ཁ་རོག་གེར་བསྡོད། ཤོག འུ་གཉིས་འོག་ཁང་དུ་སོང་ནས། ཁྱེད་རང་ལ་ཟ་མ་ཞིག་སྟེར། ཨ་ཕའི་ཁ་ལ་་ཉོན་ཞིག་ཞེས་བཤད་དུས། མོ་རང་གིས་གང་ཞིག་གོ་བ་ལྟར། ངུ་མཚམས་བཞག་ནས་ང་རང་གི་བང་དུ་སླེབས།

ཟ་མ་ཟ་ཞོར་དུ་མོ་རང་གི་རེ་འདོད་ལྟར། བྱིས་པའི་བརྙན་འཕྲིན་ཞིག་སྟོན་བཞིན་དུས་ཚོད་བདུན་དང་ཕྱེད་ཀར་སླེབས་དུས། གཞི་ནས་མོ་རང་གིས་ཨ་མ་རྒན་མོ་ཡང་ངེད་གཉིས་ཀྱི་འགྲམ་དུ་སླེབས་སོང་། རྒྱུ་མཚན་ནི་མོ་རང་གི་གསར་འགྱུར་བལྟ་བའི་དུས་ཚོད་ལ་ཉེ་བས་ཡིན། ངས་དེ་ནས་བུ་མོའི་སོ་ཞིག་དཀྲུས། ཉལ་ལྭ་གོན་ནས་ཐོག་ཁར་ཉལ་དུ་འགྲོ་ཞེས་བཤད་དུས། མོ་རང་གིས་མ་རྒན་གྱིས་སྐད་ཀྱི་སྟེང་ནས་མི་དགོས། མི་དགོས་ཞེས་ལན་བཏབས་སོང་། གང་ལྟར། ངས་མོ་ལ་སྐད་ཆ་སྙན་མོ་ཞིག་བཤད་ཀྱིན་ཐོག་ཁང་དུ་ཁྲིད་ཐབས་སོང་།

ཐོག་ཁང་ནས་ཉལ་སའི་ནང་དུ་བཞག་ནས། ང་རང་གིས་ཁྱི་སྐད་བརྒྱབས་པ་དང་། བྱི་བའི་སྐད་བརྒྱབས། ལུག་གི་སྐད་བརྒྱབས་དེ་བུ་མོ་དགོད་དུ་བཅུགས། མོ་རང་གིས་ཀྱང་ཡང་བསྐྱར། ཡང་བསྐྱར་ཞེས་པའི་མ་རྒན་གྱི་སྐད་དེ་བཤད། ངས་ཀྱང་ཡང་དང་བསྐྱར་དུ་མོ་རང་ལྷན་དུ་རྩེས། བར་སྐབས་ཤིག་ལ་མོ་རང་ཐང་ཆད་པ་དང་། ཉལ་ཐུལ་ལག་པར་བཟུང་ནས་ཉལ་འགོ་བཙུགས། ཆུ་ཚོད་དགུ་བ་ཟིན་པར་ཉེ་བ་དང་མོ་རང་གི་ཨ་མ་ཕྱིར་འབྱོར་ནས། འོག་ཁང་དུ་མོ་རང་གི་ཨ་མ་རྒན་མོ་གཉིས་ཀྱིས་སྐད་ཤུགས་ཆེན་པོས་མོ་རང་གཉིད་ལས་དཀྲོགས་སོང་བ་བསྟུན། མོ་རང་གིས་ཨ་མ་ཞེས་སྐད་ཤུགས་ཆེན་པོས་ངུ་འབོད་བྱས། མོ་རང་གིས་ཨ་མར་ཐོག་ཁང་དུ་སླེབས་ནས། གཉིད་མིན་སྐོར་ཙམ་མི་འདྲི་བར། ང་རང་ལ་ཁྱེད་རང་གིས་ད་ལྟ་ནས་ཉལ་དུ་བཅུགས་ནས་གཉིད་ནི་མ་རེད་ཅེས་མོ་རང་གིས་ནམ་རྒྱུན་གྱི་སྐད་ཆ་ལས་བརྒལ་བའི་སྐད་ཆ་ཞིག་བཤད་ཞོར་དུ། མོ་རང་གིས་ཨ་མས་བཤད་ན་ཆུ་ཚོད་དྲུག་དང་ཕྱེད་ཀའི་རྗེས་སུ་གཉིད་ལས་སད་སོང་ཟེར། མོ་རང་ག་དུས་གཉིད་ལས་སད་པ་རེད་ཟེར།

ངས་ཁྱེད་རང་གིས་ཨ་མས་བཤད་པ་བདེན་པ་རེད། ཁྱེད་རང་གི་ཨ་མ་ཁྱེད་རང་སོང་དུས་མོ་རང་གི་ཉལ་ཁང་དུ་འཛུལ་ནས་བསྡད་ཡོད་པ་དེ་ནས་ཕྱི་རུ་ཆུ་ཚོད་བདུན་པའི་རྒྱབ་དུ་མ་གཏོགས་ཐོན་མེད་དུས། མོ་རང་གིས་བུ་མོ་གཉིད་ལས་ཆུ་ཚོད་དྲུག་དང་ཕྱེད་ཀའི་རྗེས་སུ་སད་པ་ཇི་ལྟར་ཤེས་པ་རེད། ད་འགྲིག་གི་རེད། ཁྱེད་རང་གིས་ཨ་མས་བཤད་པ་བདེན་ནི་རེད་ཅེས་ལན་བཏབས་དུས། མོ་རང་གིས་དེས་ན་ག་དུས་གཉིད་ལས་སད་པ་རེད་ཅེས་དྲིས་པ་དེར། ཁྱེད་རང་གིས་ཨ་མས་བཤད་པ་བདེན་པ་ཡིན་ནི་རེད། ད་ནི་ཁྱེད་རང་གིས་བུ་མོ་ག་དུས་ཉལ་མིན་དང་། ག་རེ་བྱེད་མིན་སོགས་ཀྱི་ཐད་དུ་རང་གིས་འདོད་པ་ལྟར་བྱོས་ཤིག་ཞེས་བཤད་ཞོར་དུ། ང་རང་ཤིང་གི་སྐེས་འཛེགས་དེ་ལས་མར་བབས་དེ་གློག་ཀླད་ཀྱི་སྟེང་དུ་བསྡད་པ་ཡིན། མོ་རང་གིས་བུ་མོ་ལག་པར་བཟུང་ནས་འོག་ཁང་དུ་སླེབས་སོང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

སྐར་མ ༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 8

  1. homeless says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ངོ་མ་ང་རང་གིས་དང་ཁོ་རང་གིས་སོགས་ང་རང་དང་ཁོ་རང་བེད་སྤྱོད་བྱེད་རྒྱུ་མང་དྲགས་ནས་ཀློག་འདོད་ཀྱང་མི་འདུག

    Reply
  2. drikungpa says:
    ལོ་ 15 སྔོན།

    ཡ་ཡ་དེ་ནས།

    Reply
  3. phuntsok says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་འབྲི་སྟངས་ཧ་ཅང་ཡག་གི བརྩམས་ཆོས་འདི་ལ་བལྟས་རྗེས་སྔོན་ཆད་ཁྱོད་ཀྱིས་བྲིས་པའི་བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ་ཡིད་ལ་དྲན་དུ་བཅུག་ཡོང་གི

    ཁྱོད་ཀྱི་རྩོམ་དེབ་དང་པོ་དེ་ཕྲན་གྱིས་ཐེངས་དང་པོ་མཐོང་སྐབས། ང་རང་ཀན་སུའུ་ནང་བསྟན་སློབ་གྲྭར་ཡོད། དེབ་དེ་ལག་སོན་བྱུང་བར་དཀའ་ངལ་མང་པོ་བརྒྱུད་གཟའ་ཉི་མའི་ཉིན་ཞིག་ལ་གྲོགས་པོ་ཞིག་གི་ས་ནས་ལག་སོན་བྱུང་། ལག་སོན་བྱུང་སྐབས་དེ་མ་ཐག་བམ་ཀློག་ཐེངས་གཅིག་བྱས་ཀྱང་འདོད་བློ་མ་ཁེངས་སྟབས། ཕྱིར་ནང་དུ་སོང་ནས་ཞིབ་བཀླགས་ཐེངས་གཉིས་བྱས་པ་ཡིན། དེབ་དེ་བཀླག་ཚར་བ་ན་ཏག་ཏག་སྐྱ་རེངས་གསལ་ཞིང་ནམ་ལང་གིན་འདུག་པ་ཤེས།

    དེ་ནི་ང་ལ་མཚོན་ན་བཙན་བྱོལ་འཚོ་བའི་གནས་བབ་དང་། མི་ཡུལ་གྱི་བརྩེ་དུང་། དེ་བཞིན་འཚོ་བའི་སྲོག་སྙིང་ལ་ཟུག་པའི་འདོད་པའི་འདོད་པ་དེ་ཉིད་ལ་ངེས་ཤེས་དང་། ཤེས་རྟོགས། རྒྱུས་ལོན་བཅས་བྱུང་བའི་དུས་སྐབས་ཐོག་མ་དེ་ཡིན་ལ། ཚེ་བརྟན་རྡོ་རྗེ་ཟེར་བའི་གསར་བུ་སྣང་དྭངས་ཤིག་གིས་བརྩེ་བའི་བདེན་པར་སྙེག་ཚུལ་གྱི་ལོ་རྒྱུས་མཐོང་བ་ཐེངས་དང་པོ་ཡིན།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    ཁ་བ་ནག་པོ་ལགས། ཉིད་ནས་ལྷག་བསམ་གྱི་ཁ་བརྡ་དག་སེམས་སུ་བཟུང་ཡོད། ང་རང་ཡང་ས་མཐའ་རང་གིས་འདོད་པ་ལྟར་ཡོང་བ་ཡིན་དུས། དེ་ལྟར་དུ་སེམས་སུ་བཞག་ནས་ཁོང་ཚོས་བཀའ་དྲིན་ལ་བསམ་ཤེས་ལོས་བྱེད། མི་སེམས་ཀྱི་ཚོར་བ་ཐན་ཐུན་རེ་ཡིས་མཚམས་རེར་མི་སྐྱིད་པ་ཡོང་ན་ཡང་། ནང་ཆོས་ཀྱི་བག་ཆགས་ཟེར་ན་རེད། བོད་ཀྱི་སྲོལ་རྒྱུན་གྱི་གོམ་གཤིས་ཟེར་ན་རེད། རང་སེམས་རང་གི་གསོ་བའི་ཐབས་ཤེས་ཁ་ཁེར་རེ་ད་དུང་བརྗེད་མེད་པར་སྙིང་དུ་ཉལ་འདུག དེ་ཡིན་དུས་མཚམས་རང་འདོད་ཆེ་བའི་སྤྱོད་པ་ཞིག་གིས་མ་བདེ་བ་ཡོང་བ་དེར་གདོང་ལེན་ལོས་བྱེད། བྱེད་ཐུབ་ངེས་ཡིན།

    Reply
  5. tajamt says:
    ལོ་ 15 སྔོན།

    མུ་མཐུད་དུ།

    Reply
  6. kawakarpo says:
    ལོ་ 15 སྔོན།

    ད་དུང་མ་རྒན་གྱིས་ཁྱེད་གཉིས་ལ་རོགས་པ་ཡག་པོ་བྱས་པའི་བཀའ་དྲིན་དང་ཁ་སང་དེ་རིང་གི་དོན་དག་ཆུང་ཆུང་འདི་གཉིས་མཉམ་དུ་བཞག་ནས་གང་ཞིག་ལྗིད་ཁོག་ཚ་བ་དང་གང་ཅིག་གལ་ཆེན་པོ་ཡིན་པ་དེ་ལ་བསམ་བློ་ཐོངས། བོད་གངས་ཅན་པའི་བུ་རྒོད་ཅིག་ཡིན་ན་བློ་ཁོག་ཕ་ཡུལ་གྱི་རྩྭ་ཐང་ཇི་བཞིན་ཡངས་ཤིང་། བཟོད་སྒོམ་རྒྱ་མཚོ་ལྟ་བུ་ཞིག་ཡོད་པའི་ཁྱད་ཆོས་དེ་ཡང་ཕྱིར་མངོན་པའི་དུས་ཚོད་ཡག་པོ་ཞིག་ནི་ཁ་སང་དེ་རིང་ཡིན་པས། དགའ་རོགས་དང་མོའི་མ་རྒན་ཞི་མོ་བཅས་ཀྱི་མཉམ་དུ་ཉི་མ་གཅིག་ལ་གནས་ཀྱང་ཧ་ཧ་ཧོ་ཧོའི་ངང་སྡོད་ཅི་ཐུབ་བྱོས་དང་རང་གི་མི་ཚེའི་མཛེས་སྡུག་རེད། དོན་དག་ཆུང་ཆུང་ཞིག་ལ་བཟོད་སྒོམ་བྱེད་མ་ཐུབ་ན་ང་ཚོའི་མི་རབས་ཤིག་གི་འཐབ་རྩོད་ཇི་ལྟར་བྱེད་དགོས་པ་འདི་ལ་ཡང་བསམ་བློ་རེ་ཐོངས། འདི་ནི་ལོ་ངོ་གཉིས་གསུམ་རིང་གི་དྲ་གྲོགས་འདང་ཅན་ཞིག་གི་སེམས་གཏམ་ཡིན་པས་ཐུགས་ལ་ཉར་རོགས།

    Reply
  7. kawakarpo says:
    ལོ་ 15 སྔོན།

    kawakarpo@yahoo.comའདིའི་སྟེང་དུ་ཁ་པར་ཨང་གྲངས་ཤིག་ཞོག་དང་དུས་ཚོད་ཡོད་དུས་ངས་ཁྱེད་ལ་ས་ཁེ་ཡེབ་སྟེང་ནས་ཁ་བརྡ་བྱེད་ན་འདོད་ཀི

    Reply
  8. kawakarpo says:
    ལོ་ 15 སྔོན།

    ཨ་རོགས་མྱི་ལྡང་། ཁོག་རྒྱ་ཆེན་པོས་ཁོ་མ་དང་བུ་མོ་གཉིས་ལ་གདོང་ལེན་བྱོས། ངས་འདི་ནས་བླ་མ་ཞིག་དང་ཁོང་གི་གསང་ཡུམ། བླ་མའི་བུ་ལྔ་དང་དེ་ལྔའི་མནའ་མ་ལྔ། བླ་མའི་སྲིང་མོ་གཉིས་དང་གཅིག་གི་ཁྱོ་ག བླ་མའི་དྲུང་ཡིག་རྒྱ་མོ་དང་ཆོས་ཚོགས་ཀྱི་འགན་འཛིན་རྒན་གཞོན་ཁྱོན་བསྡོམས་མི་ཉི་ཤུ་རྩ་གྲངས་ཤིག་གི་ཁ་ཡ་བྱས་ནས་མི་ལོ་དགུ་བསྐྱལ་ཚར་བ་ཡིན། ཁོག་རྒྱ་ཆེན་པོ་ཞིག་མེད་དུས་ཧ་ཅང་དཀའ་ངལ་ཆེ། ཡིན་ན་ཡང་ཁོག་རྒྱ་བསྐྱེད་དེ་མིའི་རྒྱུན་ལོན་ཡོད་མདོག་མདོག་གིས་བསྡད་ན་མི་སྐྱོན་གི ཉིད་ཀྱིས་ཞ་ཞིའི་གཉིས་ཀྱི་ཨ་མ་དང་མོའི་མ་རྒན་ལ་བསྟུན་ཐུབ་ས་ནས་བསྟུན། བསྟུན་མི་ཐུབ་ས་ནས་རླུང་མ་སྟོན་པར་འདི་ལ་འདི་མི་དགའ་བས་ངས་བཤད་ཀྱང་ཕན་ཐོགས་མེད་བསམ་པའི་སྒོ་ནས་སྡོད། འདི་ལ་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱེད་ཅི་དགོས། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་འདུག་པས། བུ་རྒོད་པོ། ས་མཐའ་ནས་ཁོག་རྒྱ་བསྐྱེད་པ་འདི་ལས་ཡག་ག་ཞིག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese