ང་རང་གཉིད་དུ་ཤོར་འདུག གངས་དཀར་ལྷ་མཚོ་སྔ་མོ་ནས་ཡར་བླངས་དེ་མེག་ལོར་སྲང་དུ་སོང་ནས་ཞོགས་ཇ་ཉོས་དེ་ཕྱིར་སླེབས་བྱུང་། མོ་རང་གི་སྲང་བར་དུ་བག་ལེབ་བཙོང་མཁན་གྱི་བོད་རིགས་གསར་འབྱོར་བ་དེ་དག་གི་ལག་ནས་ཉོས་པའི་ཨ་མདོ་བག་ལེབ་དང་ཕྱུ་ར། ཤིང་ཏོག་མངར་མོ་དཀྲུགས་མ། ཞིམ་རིགས་གཤེར་ཁུ་ཁ་ཤས་ཤིག ཤིང་ཏོག་རིགས་འགའ། གྲང་ཚལ་བཅས་ངེད་གཉིས་ཀྱིས་ཟོས་རྗེས་སུ། མགྲོན་ཁང་ནང་ནས་ཕྱི་དྲོ་བར་དུ་ཤོག་རྩེད་རྩེད་པ་དང་བདེ་བའི་འདོད་པའི་ཀློང་དུ་ཞུགས། ཕྱི་དྲོ་ཆུ་ཚོད་ལྔ་བ་ཙམ་ལ་བོད་པ་གཞིས་ཆགས་ཤིག་གི་བཟུང་བའི་མེག་ལོར་སྲང་བར་གྱི་བོད་དྲན་ཟ་ཁང་དུ་སོང་།
གངས་དཀར་ལྷ་མཚོ་མོ་རང་ཡང་བོད་ཟས་ལ་དགའ་བོ་ཡོད་པ་ཡིན་ནམ་ང་རང་ལ་བསྟུན་པ་ཡིན་མིན་གང་ཡིན་མི་ཤེས་ཀྱང་། ངེད་གཉིས་ཀྱིས་དེ་ནས་བོད་ཟས་ཁ་ཤས་ཤིག་ཟས། གངས་དཀར་ལྷ་མཚོ་དྲ་ཁང་ཞིག་ནས་དྲ་བ་རྒྱུད་དེ་རྒྱང་རིང་གི་གྲོགས་པོ་ཞིག་ལ་ཁ་བརྡའི་ཁྲོད་དུ་འཐིམ་སོང་། ང་རང་གིས་{ངའི་བུ་ཆུང་ཏྰ་ལའི་བླ་མ་}ཞེས་པའི་དབྱིན་ཡིག་དངོས་སྒྲུང་དེ་བཀླགས་པ་ཡིན།
དངོས་ནས་བཤད་ན་ང་རང་གི་དབྱིན་ཡིག་གི་ཆུ་ཚད་ཧ་ལས་པའི་ཞན་པོ་ཡིན། དྲ་ཁང་ནས་ཕྱི་ལ་བུད་ནས་ང་རང་གི་སྤུན་མཆེད་དམ་ནུ་བོ་དོན་འགྲུབ་བཀྲིས་དོན་འགྲུབ་ཡོད་སར་སོང་ནས། གཅིག་བྱས་ན་ང་རང་ཕྱི་རྒྱལ་ལ་བུད་མེད་དེ་དང་འགྲོག་ནས་བུད་འགྲོ་ན་ཐང་། ཕྱི་བསྐྱོད་ལག་ཁྱེར་རེག་སོང་ན། གལ་སྲིད། ང་རང་བུད་རེ་སོང་རྗེས། ནུ་མོ་ལྷ་མོ་སྐྱིད་ལ་ཁྱེད་རང་གང་ཞིག་ལ་འགྲོ་རེག་བར་དུ་བལྟ་སྐྱོང་རེ་བྱེད་རྒྱུ་མ་བརྗེད། གང་ཡིན་ཟེར་ན། རྒྱ་གར་དུ་ང་ཚོ་གསུམ་མ་གཏོགས་ཉེ་འབྲེལ་མེད་སྟབས། ཤ་གསེང་དུ་རུས་ཤིག་ཡོད་ན། ཁྱོད་ཀྱིས་ལྷ་མོ་སྐྱིད་ལ་བལྟ་སྐྱོང་བྱེད་རྒྱུ་ངའི་རེ་བ་ཡིན་ལ། ཁྱེད་རང་གིས་རང་ཚུགས་ཡོད་པའི་ལས་ཀ་མུ་མཐུད་དུ་བྱེད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་པའི་ལན་དུ། ཡིན་དང་ཡིན། ངས་བལྟ་སྐྱོང་བྱེད་ཁོ་ཐག་ཡིན།
དེ་དུས་ངའི་ནུ་བོ་བཀྲ་ཤིས་དོན་འགྲུབ་ཀྱིས་ང་རང་ལ་དངུལ་གྱི་ཡོང་འབབ་མེད་པ་ཤེས་ཀྱི་ཡོད། ཁོ་རང་གིས་རང་གི་ཨམ་ཕྲག་ནང་དུ་ལག་གཉོབ་ཞིག་བྱེད་ཀྱིན། ཁྱེད་རང་ལ་སྒོར་མོ་འདྲ་དགོས་ཀྱི་འདུག་གམ། ངས་འདི་ན་ཧིན་སྒོར་ལྔ་སྟོང་ཡོད་ཀི འདི་ཁྱེད་རང་གི་ལམ་ཁ་ནས་ཇ་རེ་འཐུང་བྱེད་བྱོས་ཟེར། ངས་ཀྱང་དེ་དུས་མིན་ཟེར་འདོད་གཏན་ནས་མ་བྱུང་། ང་རང་ལ་དངུལ་མེད་པའི་སྒང་ལ་ཁོ་རང་ལ་དེ་འདྲ་ཞིག་གི་གྱོང་མི་རེག་པ་ངས་ཤེས་ཀྱི་ཡོད་སྟབས། ངས་བླངས་པ་ཡིན། ནུ་བོ་ཁོ་རང་ལ་ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་བོད་ཀྱི་བུད་མེད་བཟའ་ཐོར་མ་ཞིག་གི་མཉམ་དུ་དགའ་རོགས་ཀྱི་མིང་སྟེང་ནས་ཁོ་གཉིས་ཀྱིས་འཚིག་ཇ་ཁང་ཕོར་བ་དང་བོ་ཞེས་པ་ཞིག་གཉེར་ཡོད་ལ། མེག་ལོར་ནས་ཅུང་ཚོང་ཡག་ཤོས་ཀྱི་གྲངས་ཤིག་དུ་བརྩིས་ཆོག་པ་ཡིན།
གངས་དཀར་ལྷ་མཚོ་དང་དགེ་གྲོགས་གཉིས། གཞན་པའི་གྲོགས་མོ་གཅིག ང་དང་བཅས་མི་ལྔ་རྒྱ་གར་སྤྱིན་བདག་ཡིན་པའི་ཟ་ཁང་ཅུང་སྐད་གྲགས་ཡོད་པ་ཞིག་གི་ནང་དུ་དགོང་ཟས་ལ་མཉམ་དུ་རོལ། གངས་དཀར་ལྷ་མཚོ་དང་གྲོགས་མོ་ཁོ་གཉིས་ཀྱི་སྤི་རག་ཤེལ་དམ་གསུམ་ཙམ་འཐུང་བ་དང་ང་དང་གངས་དཀར་ལྷ་མཚོའི་དགེ་གྲོགས་བཟའ་མི་གཉིས་ནས་འཚིག་ཇ་དང་ཆུ་རྐྱང་བ་དང་ཤ་མེད་ཀྱི་ཟས་སྣ་ལ་རོལ་བ་ཡིན། ཁོ་མོ་དང་གྲོགས་མོ་གཉིས་ཀྱིས་བྱ་ཤ་དང་བག་ལེབ། ཕྱུར་བག་བཅས་ལ་རོལ། ང་ཚོ་མི་ལྔ་ཡི་དགོང་ཟས་ལྷན་དུ་ཟོས་རྗེས་སུ་རང་རང་གི་ནང་དུ་ལོག་ཁར། ཕྱི་རྒྱལ་བའི་ལུགས་སྲོལ་ལྟར། དགོང་མོ་བདེ་ལེགས་བཞག་རྗེས་ངེད་གཉིས་ཕྱིར་མགྲོན་ཁང་དུ་ལོག
ངེད་གཉིས་ནང་དུ་སླེབས་མ་ཐག ཉལ་སའི་ནང་དུ་འཛུལ་ནས་གཉིད་རྒྱུའི་གྲྭ་སྒྲིག་བྱས་ཀྱང་། ངའི་ཤ་ཡི་བུ་ཆུང་གིས་ཁོ་མོའི་ཤ་ཡི་བུ་མོ་ལ་འཐམ་ནས་འཇིག་རྟེན་གཞན་གྱི་བདེ་སྣང་བསྐྲུན་སོང་། གངས་དཀར་ལྷ་མཚོ་ནི་སྣང་བ་དེ་ཡི་རྗེས་སུ་འདོད་བློ་འཚིམ་པ་དང་འདྲ་བར་ངུར་བ་ཡང་མོ་ཞིག་དང་བཅས་གཉིད་སོང་། ངས་དེ་རིང་གི་བཏང་བའི་འགྲོ་སོང་ལ་ཕྱིར་འདང་ཞིག་བརྒྱབས་དུས། ཧིན་སྒོར་གཅིག་སྟོང་དྲུག་བརྒྱ་ལྷག་ཞིག་མགྲོན་ཁང་གི་རིན་མ་རྩིས་པར་ཚར་འདུག ངས་སྔོན་ཆད་ཟེར་ན་རེད། ཉིན་ཁ་ཤས་ཀྱི་སྔོན་དུ་ཟ་ཁང་ནང་ལས་ཀ་བྱེད་དུས་ཀྱི་ཟླ་ངོ་གཅིག་གི་ཟླ་གླ་ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་རེད།
མོ་རང་ནི་ཅི་མི་སྙམ་པར་གཉིད་སྐྱིད་པོ་ཞིག་ཁུགས་ནས་བསྡད་ཡོད་ཀྱང་། ངས་དེ་རིང་གི་འདི་ལྟར་ཅི་ཙམ་རིང་ངས་ཁྱེད་རང་གི་དངུལ་ལ་བརྟེན་ནས་འཚོ་དགོས་སམ་སྙན་ཞོར། རེ་སྨོན་ཞིག་འདི་ལྟར་བྱས། ནམ་ཞིག ངས་ཁྱེད་རང་གི་འདི་དག་ཁ་གསབ་བྱེད་ལོས་དགོས། ང་ཡང་མི་ཞིག་རེད། ངས་ཁྱེད་ལ་འདི་དག་ཏན་ཏག་ཁ་གསབ་ཞིག་བྱེད་ངེས་ཡིན། ༨།༨༠༨ཉིན།
མུ་འགོད།
དྲ་གྲོགས་ལགས།
ཁྱེད་ཀྱི་རྩོམ་འདིའི་ནང་དུ་འཁོད་ཡོད་པའི་ ༼ ངའི་བུ་ཆུང་ཏཱ་ལའི་བླ་མ་ ༽ཡི་དེབ་འདི་ངས་ཐེངས་གསུམ་བཀླགས་མྱོང་ཡོད། ཤིན་ཏུ་སྙན་པོ་བྱུང། ད་དུང་ཀློག་པར་འདོད།
དང་པོ་ནས་སུམ་བཅུ་བར་དུ་ཞིབ་བཀླགས་ཟིན། རིན་ཐང་ངེས་ཅན་ཞིག་ཡོད་འདུག་བསམ་པ་བྱུང་། ད་ནི་ཆུ་ཚོད་བཅུ་གཉིས་རེད། ཡོངས་སུ་རྫོགས་ན་སྐད་ཆ་རེ་བཤད་འདོད་འདུག ཨེ་བྱུང་མི་ཤེས།