མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། སོ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཐག་རིང་གི་མཛའ་མོ་གངས་དཀར་ལྷ་མཚོ་དང་འཕྲད་དེ་ཟླ་ངོ་བཞི་ལྷག་འདས་པའི་དེ་རིང་གི་བར་དུ་དགའ་སྐྱོའི་ཚོར་བ་སྣ་ཚོགས་ཤིག་གི་སྤྱི་སྡོམ་ནི། ལན་རེ་སྐྱོ་བའི་ཚོར་བ་ཕྲན་པུ་རེ་དང་མང་ཤོས་སུ་དགའ་སྣང་གི་ཚོར་བ་སྤྱིན་པའི་རིང་གི་འཚོ་བ་བསྐྱེལ་སྟངས་འདི་ལ་ཞིབ་དུ་བསམ་གཞིགས་བྱེད་ཐེངས་རེར། ང་རང་ཁོ་མོ་ལ་དུངས་པའི་ཚོར་བ་ནི་ཟབ་དུ་འགྲོ་བཞིན་འདུག

གངས་དཀའ་ལྷ་མཚོས་ང་རང་གི་ཆེད་དུ་བཏང་བའི་འགྲོ་སོང་ནི་ཉུང་ཉུང་མ་ཡིན་པར་ཧིན་སྒོར་ཁྲི་དྲུག་བདུན་ཙམ་ཞིག་ད་ལྟའི་བར་དུ་བཏང་ཚར་སོང་། མང་ཤོས་ནི་ང་རང་གི་སོ་གསུམ་བརྗེ་བོ་བརྒྱབས་པ་དང་གནམ་གྲུའི་གླ་ཆར་སོང་ཡོད། འདི་ནི་མི་ཞིག་གི་དཀའ་སྤྱད་སྡུག་རུས་ལ་བསྟེན་ནས་བྱུང་བའི་དངུལ་ཞིག་ཡིན་སྟབས། ང་རང་གིས་ཀྱང་མི་ཞིག་གི་དྲིན་ལན་དང་བཀའ་དྲིན་ལ་བསམ་ཤེས་མི་བྱེད་ག་ལ་སྲིད། བྱེད་དགོས་པ་ཞིག་ཀྱང་ལོས་ཡིན།

ངེད་གཉིས་ཉི་མ་འདི་དག་གི་རིང་དུ་རྒྱ་གར་བའི་གནའ་ཤུལ་གྱི་འགྲེམ་སྟོན་ཁང་དང་སྐད་གྲགས་ཆེ་བའི་ཁང་བརྩེགས་གསར་བ། དྲ་ཁང་དང་ཚོང་ཁང་། ཆུ་རྐྱལ་ར་བ་སོགས་ཡུལ་སྐོར་བའི་ལྗོངས་རྒྱུ་བྱེད་ས་མང་བོ་ཞིག་ལ་འགྲིམ་འགྲུལ་བྱེད་རྒྱུ་བྱུང་ལ། འཇིག་རྟེན་འདིའི་སྟེང་གི་མིའི་ནུས་པ་དང་འཚོ་བ་བསྐྱེལ་ལུགས། འཇོན་ཐང་བཅས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ངོས་སུ་མིག་གི་དཔྱིད་དང་རྣ་བའི་ལམ། སེམས་ཀྱི་གཏིང་སར་བཅས་ལ་ཚོར་བ་མང་བོ་ཞིག་བཞག་པའི་ཁྲོད་ཀྱི་ཚོར་བ་ཁ་ཤས་ནི། སྙིང་རྗེ་ཟེར་བའི་མིང་ཚིག་ལ་ངེས་པ་རྙེད་དུ་བཅུགས་པའི་ཡུལ་གྱང་རེ་ཟུང་བྱུང་ས་ནི། ཆེས་དབུལ་བའི་མི་ཚོས་འཚོ་བ་བསྐྱེལ་ལུགས་མཐོང་བ་ལས་རྟོགས་སུ་བཅུགས་པ་དང་། བརྩོན་པ་དང་ནུས་ཤུགས་ཡོད་ན་ཅི་ཡང་འགྲུབ་ཟེར་བའི་འབྱུང་གནས་ཀྱང་། ཡར་རྒྱས་ཀྱི་རྣམ་པ་མང་བོ་ཞིག་མིག་གི་དཔྱིད་དུ་མངོན་ཐེངས་རེ་ཤེས་སུ་བཅུགས་སོང་།

ལྷག་པར་དུ་རང་ཉིད་ཅེས་པའི་ལ་རྒྱ་དང་དཔའ་མཛངས་བཅས་ལ་བརྟེན་ནས་མི་ཡུལ་འདིར་ཁྱད་དུ་འཕགས་པའི་གོམ་སྟབས་ཤིག་སྤོ་ཐུབ་པའི་གདེང་ཚོད་དེ་ཡང་རྙེད་དུ་བཅུགས། འཛམ་གླིང་གི་ཆེས་མཐོའི་མི་སྣ་མང་བོ་ཞིག་ལ་ཤོག་བུའི་སྟེང་དང་དེབ་ཀྱི་ནང་གི་གཟུགས་རིས་དེ་ཚོ་མ་གཏོགས། འཛམ་གླིང་གི་མི་དམངས་སྤྱི་ལ་འབྱུང་བཞིན་པའི་དཀའ་ངལ་དང་སྡུག་བསྔལ་དངོས་ཀྱི་ཚོར་བ་སེམས་རྒྱུད་དུ་མྱོང་ཐུབ་ཀྱི་མེད་པའི་གནས་ལུགས་དེ་ཡང་ཤེས་སུ་བཅུགས་སོང་།

ང་རང་གི་གོམ་པ་སྤོ་ཐེངས་རེ་དང་བསམ་བློ་གཏོང་ཐེངས་རེར། ཟ་མ་ཟ་ཐེངས་རེ། ཉལ་ཐེངས་རེ། བླངས་ཐེངས་རེ། མིག་ཕྱེ་བཙུམ་གྱི་བར་དུ། གནས་ལུགས་དང་རྒྱུ་མཚན་ལ་བརྟག་དཔྱད་བྱས་དེ་འགྲོ་དུས་ཀྱི་ང་རང་གི་སེམས་ནང་དུ་འགན་འཁུར་ལྕི་མོ་ཞིག་སླེབས་ཀྱི་འདུག དེ་ནི་མི་ཚེ་འདི་སུའི་ཆེད་དུ་རེད་ཅེས་པའི་དྲི་ལན་ངོ་མ་ཞིག་རྙེད་ཐུབ་མིན་གྱི་སེམས་འཁུར་གཅིག་བུ་རེད།

བོད་པ་ཆེས་མང་བོ་ཞིག་གི་གསལ་ལེ་རྒྱལ་ཟེར་བ་ནི། ཁྲེལ་གཞུང་དང་ཕྱི་ཐག་མེད་པ། ངོ་ཚ་དོར་བའི་མི་ཁྱུ་གཅིག་ལ་ངོས་འཛིན་བྱེད་པའམ་ཡང་ན་གཞན་བསྟེན་ཁོ་ནའི་འཚོ་བ་བསྐྱེལ་བ་ལས་ལས་ཀ་བྱེད་མི་འདོད་མཁན་ཤ་སྟག་དུ་འདོད་ཀྱིན་ཡོད་པ་རེད། ངས་བསམ་བློ་ཞིག་བཏང་ན། གསལ་ལེ་རྒྱལ་དུ་འབོད་པའི་ཕྱི་རྒྱལ་དང་འགྲོགས་པའི་བུ་དང་བུ་མོ་གཞན་དག་གི་བསམ་ཚུལ་ངས་ཤེས་ཀྱི་མེད་ཀྱང་། ང་རང་གངས་དཀར་ལྷ་མཚོ་དང་འགྲོགས་དོན་ངས་ཀྱང་གསལ་བོ་མ་ཤེས་གོང་དུ་མི་མང་བོ་ཞིག་གི་ཕལ་ཆེར་ཐག་བཅད་ཚར་ཡོད་ན་ཐང་། དེ་ལ་ཁྱད་པར་གང་ཡང་མི་འདུག

ངེད་གཉིས་འགྲོགས་འདྲིས་བྱུང་ས་ནི། རྡ་ས་མེག་ལོར་རྒན་རྗེའི་དག་ཞིང་གི་ཟ་ཁང་དུ་ཡིན། དེ་དུས་ང་རང་དག་ཞིང་ཟ་ཁང་གི་མ་བྱན་ཡིན། ང་ཚོས་ཟ་ཁང་དུ་ཟ་མ་ཟ་རུ་ཡོང་མཁན་མང་ཤོས་ནི་ཡུལ་སྐོར་སྤྲོ་འཁྱམས་དུ་ཡོང་མཁན་གྱི་ཕྱི་རྒྱལ་བ་ཡིན། ཟ་མ་ཡང་ཕྱི་རྒྱལ་བའི་ཟ་མ་རྐྱང་རྐྱང་བཟོ་ཡི་ཡོད། ཟ་ཁང་ནང་གི་འགན་འཛིན་གྱིས་ང་རང་ལ་དབྱིན་དགེ་རུ་ངོ་སྤྲོད་བྱས་ནས་ངེད་གཉིས་ཟླ་ངོ་གཅིག་ལྷག་གི་རིང་དུ་ཕན་ཚུན་བར་དུ་དགེ་སློབ་ཀྱི་བར་ནས་བསྡད། དེ་དུས་ང་རང་གཅིག་བུའི་དབྱིན་དགེ་ཡང་མིན། ང་རང་ལ་རོགས་པ་རྒྱ་མཚོ་ཡང་ཡོད། གང་ལྟར། ངེད་གཉིས་སྔ་གཞུག་བྱས་དེ་ཉིན་གཅིག་ལ་ཆུ་ཚོད་གསུམ་ཙམ་གྱི་རིང་དུ་དབྱིན་ཡིག་ཁྲིད་ཀྱི་ཡོད།

འདི་ལྟར་ཟླ་ངོ་གཅིག་ཙམ་གྱི་རྗེས་སུ་ཁོ་མོའི་ང་རང་ལ་བརྩེ་བ་ནི་ཆུ་དྭངས་མོ་ལྟ་བུ་རེད། ཧ་ཅང་དྲི་མ་མེད་པ་ཞིག་ཡིན་ཟེར་བའི་ཁ་པར་ནང་དུ་འཕྲིན་ཐུང་ཞིག་སྐུར་ནས་འགོ་བཙུགས་དེ་ངེད་གཉིས་ཀྱི་ཐོག་མའི་གླེང་གཞི་དེ་ནས་འགོ་བརྩམས་པ་ཡིན། ཉིན་མ་དེ་ནི་ང་རང་གི་གུང་གསེང་རེད། ངེད་གཉིས་རྒྱུགས་ཆུ་ཞིག་གི་འགྲམ་ནས་ཉིན་བཀང་བོར་ལུས་སོང་། ཕྱི་དྲོ་ངེད་གཉིས་ལྷན་དུ་ཁོ་མོ་བསྡོད་སའི་མགྲོན་ཁང་ནང་དུ་སོང་། སྤྱིར་ན་ང་རང་ལས་ཀ་བྱེད་སའི་ཟ་ཁང་དུ་ཉལ་གྱི་ཡོད་མོད། ངེད་གཉིས་ངོ་ཤེས་དེ་ཉིན་དེ་ཡི་བར་དུ་མཉམ་དུ་ཉལ་མྱོང་མེད་ལ། ཕོ་མོའི་བར་གྱི་སྐད་ཆ་གང་ཡང་མེད། དེ་ཉིན་སྐད་ཆ་འགོ་དང་ལུས་པོ་གཞུག་དུ་ཁྲིད་ནས། ཁོ་མོའི་མགྲོན་ཁང་ནང་དུ་ངེད་གཉིས་ལྷན་དུ་བསྡད། ༩།༥།༠༨དགོང་མོ་དེར་ཐོག་མའི་ལུས་འབྲེལ་བྱུང་། དེ་ཡང་ཕན་ཚུན་ལ་དྲི་བ་གང་ཡང་མེད་པར་རང་དབང་གི་ཚོར་བ་ཞིག་གིས་ངེད་གཉིས་ཀྱི་བར་ན་འགྱིག་ཤུབ་སོགས་གང་ཡང་མེད་པར་འདོད་པའི་བདེ་བ་ལ་ཞུགས་སྟངས་དེ་ཡང་ཕྱི་རྒྱལ་བའི་ལུགས་ངས་མི་ཤེས་ལ། ཕྱི་རྒྱལ་བ་དག་ལ་ལུགས་གཞན་དག་ཞིག་ཡོད་པ་ཁོ་མོས་ཀྱང་ང་ལ་གང་ཡང་བཤད་མ་སོང་ལ། ཁོ་མོ་ལ་ཡང་དེ་འདྲའི་ཁྱད་མཚར་གྱི་འཁྲིག་པ་སྤྱོད་སྟངས་ཤིག་ཡོད་མེད་ཀྱང་མི་ཤེས། ང་རང་འཚབ་འཚུབ་དང་བྲེལ་བྲེལ་ངང་ཁོ་མོའི་སྟེང་དུ་ཞོན། ༢༠།༨།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese