མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། སོ་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁོ་མོས་རེ་འདོད་ལྟར་ངེད་གཉིས་བཀྲིས་འཁྱིལ་མགྲོན་ཁང་ནས་ལམ་ལ་འབུད་དེ་རྡེ་ར་སྒྲོང་དུ་སོང་། ཐོག་མར་མེ་འཁོར་ས་ཚིགས་སུ་སོང་དེ་སང་ཉིན་ཉིན་གོང་ལྡི་ལུར་འགྲོ་བའི་མེ་འཁོར་འཛིན་བྱང་ཉོས། ཕྱི་ལོག་དུ་འབུད་དེ་གང་དུ་འགྲོ་མིན་ཐད་ཀྱི་ང་རང་ལ་སྐད་ཆ་འདྲི་བཞིན་འདུག ངས་ཁོ་མོ་ལ་ཁྱེད་རང་གི་བསམ་པ་བཞིན་ཐག་བཅད་ན་འགྲིག་ཞེས་བཤད་པ་ཡིན།

དེང་ཐོག་ཆུ་རྐྱལ་ར་བ་ཞིག་དུ་འགྲོ་ཟེར། མེ་འཁོར་ས་ཚིགས་རྐང་གསུམ་སྤག་སྤག་ཁ་ལོ་བ་ཞིག་ལ་སྐད་ཆ་དྲིས་དུས། ས་ཁུལ་དེ་འདྲ་གཉིས་ཡོད་ཟེར། གཅིག་སྤྱི་ལེ་བཅུ་ཙམ་དང་གཞན་ཞིག་ཡོད་པ་དེར་སྤྱི་ལེ་སུམ་བཅུ་ཡོད་རབས་ཟེར། ང་ཚོ་གོང་ཚད་ཀྱི་ཐད་ནས་གྲོས་མ་འགྲིག ཁོ་མོས་ཀྱང་དེས་ན་འགྲེན་སྟོན་ཁང་དུ་འགྲོ་ཟེར། དེ་རུ་འགྲོ་བའི་རླངས་འཁོར་ཡོད་པ་རེད་ཅེས་དེབ་ནང་དུ་བྲིས་འདུག་ལ་ས་ཚིགས་ཀྱང་བྲིས་འདུག གང་ནས་རླངས་འཁོར་ཡོད་མེད་འདི་རུ་གསལ་བོ་བྲིས་འདུག ཁྱེད་ཀྱིས་རྒྱ་གར་སྐད་ཤེས་ཀི་མོད། ཁོང་ཚོར་སྐད་ཆ་དྲིས་དང་ཟེར། ངེད་གཉིས་ཀྱིས་ས་ཆ་དེ་སྐད་ཆ་དྲིས་ནས་ཡར་མར་མང་བོ་ཞིག་ལ་སོང་། ཁོ་མོས་བཤད་པའི་དེབ་ནང་གི་བྲིས་པའི་བཞི་མདོ་རྙེད་ཀྱང་། བཞི་མདོ་དེ་ནས་མིང་ཚིགས་ཤིག་བཤད་དེ་དེའི་དོན་དག་རྒྱ་གར་ཚོར་དྲིས་དང་ཟེར། ངས་རྒྱ་གར་ཞིག་ལ་སྐད་ཆ་དྲིས་དུས། དེ་ནི་བཞི་མདོའི་མིང་རེད་ཟེར་གྱི་འདུག་ཞེས་བཤད་དུས། ཁོ་མོས་དེ་ནི་མོ་རང་གི་ཤེས་ཀྱི་ཡོད་ཟེར། དེས་ན་ཁྱེད་རང་གི་ཅི་ཞིག་བཤད་འདོད་པ་ཡིན། དོན་དངོས་ལམ་ཁ་གང་རེད་ཅེས་བྲིས་འདུག་ཞེས་དྲིས་དུས། གཞུང་ལམ་ཞིག་གི་མིང་བཤད་སོང་། གཞུང་ལམ་དེའི་མིང་དྲིས་དེ་ཐང་ཆད་རེག་བར་དུ་སོང་།

རླངས་འཁོར་རྙེད་བྱུང་། ངེད་གཉིས་འགྲེམ་སྟོན་ཁང་གི་སྒོ་འགྲམ་བར་དུ་སླེབས། ཁོ་མོའི་རྣམ་འགྱུར་སྔ་ས་ནས་འགྱུར་བ་དེ་ད་དུང་ཡང་རང་ཅག་རེད་འདུག འགྲེམ་སྟོན་ཁང་དེ་ནས་ལྟད་མོ་བལྟས་ཚར་རྗེས་ཕྱིར་ལམ་དུ་འབུད་མ་ཐག་ཆར་བ་ཤུགས་ཆེན་པོ་འབབ་སོང་། ངེད་གཉིས་ཀྱི་ནང་ནས་ཁོ་མོ་རློན་པ་བཟོས། ཁོ་མོས་ཉི་གདུགས་ཆུང་ཆུང་གསར་བ་ཞིག་བཟུང་ཡོད་ཀྱང་། དེའི་སྲུང་སྐྱོབས་མ་ཐུབ། ང་རང་ལ་ཆུ་ཤོག་གི་ལྰ་བ་ཞིག་ཡོད་སྟབས་རློན་པ་མང་བོ་མ་བཟོས། ཁོ་མོའི་འཛུམ་མདངས་ད་དུང་སླར་ཡང་རྙེད་མི་འདུག ངས་ཐབས་ཤེས་ཅུང་ཙམ་ཞིག་འཐེན་ནས་ཁོ་མོའི་འཛུམ་མདངས་བསུ་ཐབས་བྱས་ཀྱང་། ང་རང་ལ་དེའི་ནུས་པ་མི་འདུག ཕྱོགས་གཞན་ནས་བཤད་ན་རང་གི་དབྱིན་སྐད་ཀྱི་ཆུ་ཚད་ཞན་པས་རེད།

རྐང་གསུམ་སྤག་སྤག་ཞིག་གི་ནང་ནས་རྡེ་ར་སྒྲོང་གི་གྲོང་ཁྱེར་ནང་དུ་ཡོང་། ཟ་ཁང་ཞིག་གི་ནང་ནས་ཟ་མ་ཟོས་རྗེས་ཁོ་མོས་ང་རང་ལ་ལྡི་ལུར་ཡོད་པའིཨ་མ་དབྱངས་ལྷ་ཁ་པར་བཏང་ནས་སོ་སྨན་པ་རེ་ངོ་ཤེས་ཀྱི་ཡོད་མེད་སྐད་ཆ་དྲིས་ཟེར་བ་ལྟར་དྲིས་ཚར་མ་ཐག ཁོ་མོས་ཁྱོད་ཀྱིས་ཅི་ཞིག་ལ་ཁ་པར་ཨང་གྲངས་མ་བླངས་པ་ཡིན་ནམ་ཟེར། སྐད་ཆ་དེ་ལས་འཕྲོས་པའི་ཁོ་མོ་ཁོང་ཁྲོ་བླངས་དེ། ཁྱེད་རང་གི་བསམ་པ་ལྟར་བྱོས། ངས་ཤེས་ཀྱི་མེད། གལ་ཏེ། ཨེས་སུ་རལ་དུ་སླེབས་ན་ཁྱེད་རང་གི་སོ་ན་བའི་ཚེ་ན་སོ་བརྗེ་བོ་རྒྱགས་དགོས་བྱུང་ན་ཨ་སྒོར་སྟོང་ཕྲག་ཁ་ཤས་ཤིག་གནས་ངེས་ཡིན་སྟབས། ང་རང་ལ་དེའི་འགྲོ་སོང་གཏོང་བསྐྱེད་མེད་ཟེར། ངས་མི་སྐྱོན། ང་རང་གི་སོ་ད་དུང་ན་མི་སྲིད། སེམས་འཁྲལ་མ་བྱེད་ཅེས་བཤད་པ་ཡིན།

ཀ་ལི་མིན་གྲོང་དུ་ཡོང་བའི་ལམ་ཁར་གྲོགས་སངས་རྒྱས་དང་ཐུག་ནས་ཁོས་ངེད་གཉིས་དགོང་མོའི་ཟ་མ་ཟ་རུ་ཡོང་བར་མགྲོན་དུ་བོས། ཁོ་མོ་དྲ་ཁང་ཞིག་གི་ནང་དུ་འཛུལ་སོང་། ང་རང་རྗེས་སུ་སོང་དེ་མོ་རང་ལ་སྐད་ཆ་ཞིག་དྲིས་དུས། ཁྱེད་རང་གི་འདོད་པ་བྱོས་ཟེར། ངས་མོ་རང་ལ་ཁྱེད་རང་ཆུ་ཚོད་ག་ཚོད་ཅིག་ལ་དྲ་ཁང་དུ་འདུག་རྒྱུ་ཡིན་ནམ་ཟེར་ནས་དྲིས་དུས། ངས་མི་ཤེས་ཟེར། དེས་ན་ངས་ཁྱེད་རང་ལ་མགྲོན་ཁང་ནས་སྒུག་འདུག་ཞེས་བཤད་དེ་ང་རང་མགྲོན་ཁང་དུ་ཡོང་ནས་དེབ་ཀློག་ནས་ཁོ་མོ་ཡོང་རྒྱུར་སྒུག་ནས་བསྡད་པ་ཡིན། ༢༤།༠༨།༠

རྡེ་ར་སྒྲོང་ནས་ཆུ་ཚོད་གཅིག་གི་རྗེས་སུ་ཆུ་རྩེད་ར་བ་ཆེན་པོ་ཞིག་གི་ནང་དུ་འབྱོར། ཕྱི་དྲོ་ཆུ་ཚོད་ལྔ་བ་མ་ཟིན་བར་དུ་ཆུ་རྩེད་ར་བ་དེ་ནས་དུས་ཚོད་བསྐྱལ། ཆུ་ཚོད་བདུན་པའི་སྟེང་དུ་བཀྲིས་འཁྱིལ་མགྲོན་ཁང་གི་ནང་དུ་བཅོལ་ཡོད་པའི་རྒྱབ་ཁུག་བླངས་དེ་ཕྱིར་རྡེ་ར་སྒྲོང་གྲོང་ཁྱེར་དུ་ཡོང་། རྒྱ་གར་ཇ་ཁང་ཞིག་གི་ནང་དུ་ཆར་བ་འབབ་མཚམས་འཇོག་རྒྱུར་སྒུག་ཞོར་དུ། ཇ་དང་ཆུ། སྟངས་བདེ་ཐུག་པ་བཅས་འཐུང་རྗེས། རྡེ་ར་སྒྲོང་ནས་ལྡི་ལུར་བསྐྱོད་པའི་མེ་འཁོར་ནང་དུ་འཛུལ། མེ་འཁོར་ཆུ་ཚོད་དགུ་བའི་སྟེང་གི་མེ་འཁོར་ཡིན་ཡང་། འགྲོ་འགོ་འཛུགས་དུས་ཆུ་ཚོད་དགུ་དང་སྐར་མ་བཞི་བཅུ་ཞེ་ལྔ་ཟིན་འདུག སང་ཞོགས་ལྡི་ལུར་འབྱོར་ན་ཡང་ལས་ཀ་ཞིག་ཡོད་པ་ནི། གཉེན་རྟོག་པའི་ལས་ཁུངས་ཞིག་གི་ནང་ནས་རྒྱབ་གཉེར་ཡི་གེ་ཞིག་ལེན་ཐུབ་བྱེད་དགོས་པ་དེར་བསམ་བློ་གཏོང་ཞོར་ཉལ་ས་བཟོས་པ་ཡིན། ངའི་ཉལ་སའི་ཨང་གྲངས་བཞི་བཅུ་ཞེ་བདུན་རེད། ང་རང་ཉལ་རྩིས་བྱེད་པའི་སྐབས་སུ་རྒྱ་གར་ཕོ་གསར་ཞིག་གིས་ང་རང་ལ་སྐད་ཆ་འདྲ་མིན་ཞིག་དྲིས་དེ་ང་རང་ལ་སུན་སྣང་ཅུང་ཙམ་བཟོས་སོང་། བར་སྐབས་ཤིག་ལ་ངས་ལན་ཅི་ཡང་མ་ལོག་པར་ཡི་གེ་ཞིག་བྲིས་དེ་བསྡད་དུས། རྒྱ་གར་ཕོ་གསར་དེ་བྱིན་སོང་། ཨ་རོགས་ཞི་མོ། དགོང་མོ་བདེ་ལགས། ༢༦།༠༨།༠༨

ལྡི་ལུར་འབྱོར་ནས་ཉིན་མ་འདི་དག་གི་རིང་དུ་ལས་ཀ་དམིགས་བསལ་གང་ཡང་བྱེད་མ་ཐུབ་པར་ལུས། ཡིན་ཡང་། ཁ་སང་ཞོགས་པ་སོ་སྨན་པ་ཞིག་གི་སར་སོང་ནས་ངའི་སོ་གཙང་མ་ཐེངས་ཤིག་བཟོས་པ་དེར་ཧིན་སྒོར་ཉིས་སྟོང་སྤྲད་པ་ཡིན། ད་དུང་སོ་ཚབ་གཉིས་འཛུག་རྒྱུའི་སྐད་ཆ་བཤད་དུས། ཧིན་སྒོར་སྟོང་ཕྲག་ཉེར་བཞི་དགོས་རབས་ཟེར། ཁོ་མོའི་སེམས་ཐག་གཙང་བཅད་ཀྱིས་ང་རང་གི་སོ་ཚབ་གཉིས་འཛུགས་ཆེད་དུ་ཧིན་སྒོར་སྟོང་ཕྲག་ཉེར་བཞི་སྤྲོད་རྩིས་ཀྱི་འཆར་གཞི་འདུག དེ་ནས་ངེད་གཉིས་ཀྱིས་ཡར་མར་གྱི་སོ་སྨན་པ་ཁ་ཤས་ལ་འབྲེལ་བ་བྱས་རྗེས་སུ། ད་གཟོད་ལྡི་ལི་ནས་སོ་ཚབ་བརྗེ་བ་ལས་རྡ་རམ་ས་ལ་ཤོད་དུ་གོང་ཁེ་བ་ཡོད་པ་ཤེས་སོང་།

ཕྱི་དྲོ་ངེད་གཉིས་ལྡི་ལུར་ཡོད་པའི་ཕོ་བྲང་དམར་པོའི་འགྲམ་གྱི་ཁ་ཆེ་ལྷ་ཁང་རྙིང་བ་དེའི་ནང་དུ་ལྟ་སྐོར་ལ་བྱིན། ཁ་ཆེ་ལྷ་ཁང་དེར་འགྲོ་བ་ལ་བུད་མེད་དག་གིས་ཁ་ཆེ་བའི་ལུགས་སྲོལ་བརྩི་བཀུར་བྱེད་པའི་ཆེད་དུ་དོར་མ་རིང་བོ་དང་མགོ་རས་སོགས་གྱོན་དགོས་ཀྱི་འདུག མོ་རང་གིས་སྒོ་འགྲམ་གྱི་གླ་གཏོང་བར་སྒུག་བཞིན་པའི་དོར་མ་རིང་བོ་ཞིག་དང་མགོ་རས་ཤིག་གླས་སོང་།

དེ་རིང་ཆུ་ཚོད་བཅུ་གཉིས་བར་དུ་ཉལ། ཡར་བླངས་པ་དང་ལྡི་ལུ་ན་སྙན་གྲགས་ཆེ་བའི་ལོ་གྲེས་སྐྱེད་ཚལ་དུ་ཡོང་། ལོ་གྲེས་སྐྱེད་ཚལ་གྱི་ཟ་ཁང་ནི་ཧ་ཅང་སྤུས་གཙང་རེད་འདུག་མོད། ནང་གི་ཟས་རིན་དང་ཆང་རིན་ནི་ཧ་ཅང་གི་གོང་ཆེན་ཤ་སྟག་རེད། ངེད་གཉིས་ཀྱིས་ཟ་མ་གཅིག་བསྔགས་དེ་ཁོ་མོའི་དེབ་བཀླགས་པ་དང་ང་རང་གིས་ཡར་བལྟ་མར་བལྟ་རེ་བྱེད་ཞོར་དུ་ལོ་གྲེས་སྐྱེད་ཚལ་ནང་གི་ཁ་ཆེའི་མི་རིགས་ཀྱི་ཤུལ་བཞག་དང་ཁང་རྙིང་དེ་དག་བསྐོར་ལ་བསམ་གཞིག་བྱས་པ་ཡིན།

ང་རང་གི་དྲན་ཚུལ་ཡིན་ན། ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ། ལྡི་ལི་གྲོང་ཁྱེར་གྱི་ཁོར་ཡུག་འདི་ནི། ཁ་ཆེའི་ཡུལ་གྲུ་ཆེན་མོ་ཞིག་ཡིན་པ་འདྲ་སྙམ་པའི་ཚོར་སྣང་སྤྲད་སོང་། སྐབས་དེར་ངེད་གཉིས་ཀྱི་བསྔགས་པའི་ཤ་མོག་གི་ཁ་ཟས་དེ་སླེབས་སོང་། ཡིད་མི་ཆེས་པ་ཞིག་ལ་ཤ་མོག་རྐང་གཅིག་གི་རིན་དུ་ཧིན་སྒོར་ལྔ་བཅུ་གནས་འདུག འདི་ནི་ང་ཡི་རྡ་ས་མེག་ལོར་གྱི་ཉིན་གཅིག་གི་ལས་གླ་རེད། གནམ་ས་ལྟ་བུའི་བར་ཁྱད་ཆེ་བའི་མིའི་རིགས་ཀྱི་འཚོ་བ་བསྐྱེལ་ལུགས་འདིས། མི་དབུལ་བོ་མང་བོ་ཞིག་མི་རབས་ནས་མི་རབས་ལ་དབུལ་བོར་གནས་སུ་འཇུག་བཞིན་ཡོད།

ད་དུང་། རྩིས་རྒྱགས་པའི་སྐབས་སུ་ཟ་ཁང་དེའི་ཟས་རིན་ལས་བརྒལ་བའི་ཁྲལ་ཞིག་ཟས་ཐོའི་བྱུང་འཛིན་སྟེང་དུ་བྲིས་འདུག གངས་དཀར་ལྷ་མཚོས་དེའི་སྐོར་གྱི་སྐད་ཆ་ཞིག་ལས་ཀ་བ་ཞིག་ལ་དྲིས། ངས་ཕྱི་ལོག་དུ་སླེབས་མ་ཐག ཁོ་མོ་ཁྱེད་ཀྱིས་དེའི་རྒྱུ་མཚན་འདྲི་འདོད་ན་ནི་འདྲི་ས་སྤྱིན་བདག་ཡིན་པ་ལས་ལས་ཀ་བ་མ་རེད་ཅེས་བཤད་པ་ཡིན། ༢༩།༠༨།༠༨

མི་རིང་བར་ང་རང་ཕྱི་ལ་ཐོན་ནས་འགྲོ་མཁན་ཞིག་ཡིན་དུས། མོ་རང་གིས་ང་རང་གི་ནུ་མོ་གུང་གསེང་དུ་ཉིན་ཁ་ཤས་ཤིག་ལ་བླངས་དེ་ཚུར་བསུས་ན་འགྲིག་གི་ཡོད་རབས་བཤད་པ་མོས་མཐུན་བྱུང་བ་ལྟར། ང་རང་སྔ་བོ་ནས་ཡར་བླངས་དེ། མ་ཅང་ཀྲེ་ལའི་རླངས་འཁོར་འབབ་ཚིགས་ཤིག་ཡོད་པ་དེ་ནས་ནུ་མོ་ཡོང་བར་ཆུ་ཚོད་གཉིས་ལྷག་གི་རིང་དུ་སྒུག

རྡ་ས་ན་ཡོད་པའི་གྲོགས་པོ་དག་གི་རོགས་རམ་འོག ཁོ་མོ་སློབ་གྲྭ་ནས་གུང་གསེང་དུ་བླངས། དེ་ནས་ལྡི་ལུར་ཡོང་བའི་རླངས་འཁོར་དུ་བཞག་ཡོད་པ་རེད། ནུ་མོ་ཁྲིད་ནས་མགྲོན་ཁང་དུ་སོང་ང་ཚོ་ཕན་ཚུན་སླར་ཡང་མཇལ་མཛོམས་བྱུང་བ་དེར་དགའ་བོ་བྱུང་ཟེར་ནས་མོས་ཀྱང་བཤད། ང་རང་དངོས་ནས་རང་གི་ནུ་མོ་དང་ཐུག་པ་དེར་དགའ་ནས་ཡོད། ངེད་གསུམ་གྱིས་ཞོགས་ཟས་ཟོས་རྗེས་སུ། ཆུ་རྩེད་ར་བར་སོང་། མེ་ཏོག་པདྨའི་ལྷ་ཁང་གསར་བ་དང་། ཧིན་རྡིའི་ལྷ་ཁང་། ད་དུང་ཚོང་ཁང་ཞིག་གི་ནང་དུ་ཆུ་ཚོད་གསུམ་ལྷག་རིང་བསྡད། འདི་ལྟར་ཉིན་མ་འདི་ཚོ་ནི་གར་སོང་ཆ་མེད་དུ་གྱུར། སང་ཞོགས་སྔ་བོ་ནས་བླངས་དེ་འགྲོ་དགོས། ༠༡།༠༩།༠༨

ལྡི་ལུ་ནས་ང་རང་གི་ནུ་མོ་གུང་གསེང་དུ་བླངས་ནས། ཉིན་གཉིས་ཀྱི་རིང་འདི་ལ་ཆུ་རྩེད་རྭ་བ། སྙན་གྲགས་ཅན་གྱི་རྒྱ་གར་གྱི་ཁ་ཆེ་བ་དག་གི་བརྩིགས་པའི་ཕོ་བྲང་རྙིང་བའམ་རོ་ཁང་ཏ་ཇའི་མལ་སོགས་ལ་ལྟ་སྐོར་ལ་སོང་བ་ཡིན། ཁ་སང་ཕྱི་དྲོ་བྲེལ་འཚབ་དང་བཅས་ཕྱིར་རྡ་སར་ཡོང་དགོས་བྱུང་། རླངས་འཁོར་འགྲོ་བཞིན་འདུག གངས་དཀར་ལྷ་མཚོས་ང་ལ་རྙོག་དྲ་བཤད་འགོ་བཙུགས། ང་རང་ལ་གཅིན་གཏོང་རྒྱུ་ཡོད་ཟེར་བ་དང་། ངས་ཆུ་ཚོད་མང་བོ་རིང་དུ་བསྲན་ཐུབ་དཀའ་རྒྱུ་རེད་སོགས་བཤད་དེ་ང་རང་ལ་སུན་པོ་བཟོས་ཀྱང་། ངས་བཟོད་བསྲན་བྱས་དེ་བསྡད་པ་ཡིན། དགོང་མོ་ཟ་མ་ཟ་ས་ནས་འགོ་བཙུགས་དེ་རྣམ་འགྱུར་ཡག་པོ་ཞིག་སྟོན་གྱི་མི་འདུག་གྱང་། ང་རང་ཁ་རོག་གེར་ཡོང་བ་ཡིན།

ཞོགས་པ་རྡ་ས་མེག་ལོར་དུ་འབྱོར་ནས་མགྲོན་ཁང་སྔོན་ཆད་བསྡད་མྱོང་ས་ཞིག་དུ་འདུག་རྒྱུའི་ཐད་བཅད་སོང་མོད། འོན་ཀྱང་། སྐར་མ་ཁ་ཤས་ཀྱི་རྗེས་སུ་ཁོ་མོ་དེ་ནས་འདུག་འདོད་མེད་རབས་བཤད་སོང་། རྒྱུ་མཚན་ནི་ཁང་བ་འདི་ལ་སྨུག་དྲི་ཁ་བོ་འདུག་ཟེར། དེ་དུས་ངས་ངེད་གཉིས་སྔོན་ཆད་ཟླ་གཉིས་ལྷག་གི་རིང་དུ་བསྡད་དུས་ཀྱི་སྨུག་དྲི་ཁ་བ་དེ་དག་བརྗེད་ཆེ་ཡོད་ཅེས་དྲིས་དུས། བརྗེད་སོང་བ་རེད། དེས་ན་ཞོགས་པ་འདིར་སླེབས་དུས་སུ་ཉལ་ཁྲི་གཞན་ཞིག་འཁུར་ཤོག་ཞེས་བཤད་དུས་ཀྱང་མ་དྲན་པ་ཆེ་ཡིན་ཞེས་བཤད་ཀྱང་མོ་རང་གིས་རང་སྐྱོན་ཏུལ་འབྲུ་ཙམ་ཡང་ངོས་ལེན་མི་བྱེད་པར། ང་རང་ལ་ཁྱེད་ཀྱིས་བྱེད་སྟངས་འགྲིག་གི་མི་འདུག་ཟེར། ང་རང་ལ་མི་འགྲིག་ས་ཡོད་དང་ཡོད། ཡོད་ཁོ་ཐག་ཡིན་ནི་རེད། འོན་ཀྱང་། ཁོ་མོའི་དབྱར་ཁའི་གནམ་གཤིས་ལྟ་བུའི་འགྱུར་ལྡོག་རྒོད་པའི་གཤིས་ཀ་དེ་ཡི་ང་རང་ལ་ཅུང་ཙམ་དཀའ་ལས་སྤྲོད་ཀྱི་འདུག་མོད། ཡིན་ཡང་། ཁོ་མོའི་ད་ལྟའི་བར་དུ་ང་རང་གི་ཆེད་དུ་བཏང་བའི་འགྲོ་སོང་བསམ་ན། དོན་དག་ཅི་ཞིག་བྱུང་ཡང་། ངོས་ཁོ་མོར་ཁ་གསབ་བྱེད་དགོས། འདི་ནི་ང་རང་གི་དྲིན་ལན་མཇལ་འདོད་ཀྱི་བསམ་བློ་གཏོང་ཕྱོགས་ཤིག་ཡིན།

ཁོ་མོས་ངས་ཁྱེད་རང་ཡག་པོ་ཞིག་མཐོང་གི་མི་འདུག་ཟེར། དེ་ལ་ལན་ཞིག་འདེབས་རྒྱུ་འདུག་ན་ཡང་། ཚིག་ཇེ་མང་དང་རྙོག་དྲ་ཇེ་མང་ལ་བཏང་བ་ལས་མི་འདུག་བསམ་ནས་ང་རང་ཁ་རོག་གེར་བསྡད་པ་ཡིན། ང་དང་ནུ་མོ་ངེད་གསུམ་ཞོགས་ཇ་ཟ་རུ་སོང་། སྤྲག་ཁང་ནས་ང་རང་ལ་དགོས་པའི་ཡི་གེ་ཞིག་འབྱོར་དགོས་པ་དེ་འབྱོར་མེད་པ་ཤེས་རྗེས་སུ། ངེད་གཉིས་སོ་སྨན་པའི་གམ་དུ་བཅར་བ་ཡིན། ང་རང་གི་སོ་ཚབ་བཟོ་བར་ཧིན་སྒོར་ཁྲི་གཅིག་ལྔ་སྟོང་སྤྲོད་རྒྱུ་བྱས་པ་ཡིན། ཆུ་ཚོད་གཉིས་ལྷག་གི་རིང་དུ་ང་རང་གི་ཁ་ནང་དུ་འཕྲུལ་ཆས་ཀྱི་ལམ་ནས་སོ་ལས་བྱས་སོང་། སོ་ཚབ་སང་ཉིན་ཕྱི་དྲོ་འཛུགས་རྒྱུའི་ཁ་ཆད་གནང་སོང་།

ཕྱི་དྲོ་དག་ཞིང་ཟ་ཁང་གི་ལས་རོགས་ཚོ་དང་ཐུག་ནས་སྐད་ཆ་ཕྲན་པུ་ཞིག་བཤད་དེ་ང་ཚོའི་ལྷན་གཅིག་དུ་ཟ་མ་ཞིག་ཟ་རྒྱུའི་སྐོར་གླེང་བ་ཡིན། དགོང་མོ་དེར་དཀོན་མཆོག་བསྟན་འཛིན་དང་ངའི་ནུ་མོ་ལྷ་མོ་སྐྱིད་ང་ཚོ་བཞིའི་དགོང་ཟས་ཤིག་མཉམ་དུ་ཟས་པ་ཡིན། སྒོར་མོ་དེ་དག་ནི་མོ་རང་གི་བསགས་པའི་སྒོར་མོ་ཡིན་ན་ཡང་། སྐབས་དེར་མོ་རང་གི་སྒོར་ཁུག་ངའི་ལག་པར་བཞག་ཡོད། དངུལ་ཁུག་ནས་སྒོར་ག་དུས་རྫོགས་ན་དེ་དུས་མོ་རང་གིས་དངུལ་འདྲེན་སྒམ་ཆུང་ནས་ཕྱི་ལ་ལེན་བཞིན་ཡོད་པ་རེད།

མཚམས་མཚམས་སུ། ང་རང་དངོས་ནས་གངས་དཀར་ལྷ་མཚོས་བྱེད་སྟངས་ལ་སྙིང་རྗེ་ཡི་འདུག ངོ་མ་བྱིས་པ་ཞིག་དང་འདྲ། དགའ་དགོད་གཉིས་ཀ་ལས་སླ་བོ་འདུག གང་ལྟར། ཁོ་མོས་ང་རང་གི་ཆེད་དུ་བཏང་བས་འགྲོ་གྲོན་ནི་ཉུང་ཉུང་ཞིག་གཏན་ནས་མིན། ངས་དེ་ལ་བསམ་ཤེས་དང་བརྩི་བཀུར་ལོས་བྱེད། ༢།༩།༠༨

ང་ཚོ་གསུམ་སྤག་སོས་གཙང་འགྲམ་དང་སྤག་སོས་ནང་གི་ཚོང་ཁང་དང་ཟ་ཁང་མང་བོ་ལ་སོང་། ངས་ད་གཟོད་གངས་དཀར་ལྷ་མཚོ་ལ་དམིགས་བསལ་གྱི་རང་ཤེད་ཚ་བོ་ཞིག་ཡོད་པ་ཤེས་སོང་། རྒྱུ་མཚན་ནི་མོ་རང་གི་སྣང་བར་འགྲོ་བ་དེ་ནི་བདེན་པར་བརྩི་བ་དང་མོ་རང་གི་སྣང་བར་མ་འགྲོ་བ་དེ་ནི་བདེན་པ་མེད་མཁན་དུ་བསམ་གྱིན་འདུག བྱེད་སྟངས་འདིས་ང་རང་ལ་དམིགས་བསལ་གྱིས་ཚོར་བ་ཁ་ཤས་ཤིག་བསྐྲུན་གྱིན་འདུག

འདང་དགོང་ང་རང་ལ་ཁྱད་དུ་འཕགས་པའི་རྨི་ལམ་ཁ་ཤས་ཤིག་བྱུང་། རྨི་ལམ་དང་བོ་ནི་༧རང་གི་རྩ་བའི་བླ་མ་དང་མཇལ་ནས་གངས་དཀར་ལྷ་མཚོ་བོད་དུ་ང་རང་གི་ཕ་མ་གཉིས་དང་ལྷན་དུ་འདུག་པ་དང་། གངས་དཀར་ལྷ་མཚོ་ཡིན་ཟེར་བའི་བུད་མེད་གཞན་གཉིས་ཀྱིས་ང་རང་ལ་བར་ཆད་བྱེད་ཀྱི་འདུག སྐར་ཆ་ཁ་ཤས་ཀྱི་རྗེས་སུ་ངས་གངས་དཀར་ལྷ་མཚོ་བརླག་སོང་ལ། ང་རང་ཕ་མ་གཉིས་ཀྱི་ལྷན་དུ་འདུག་པ་དང་། ངས་གྲོགས་པོ་ཁ་ཤས་ལ་གངས་དཀར་ལྷ་མཚོ་འཚོལ་རོགས་བྱེད་རྒྱུར་འབོད་སྐུལ་བྱེད་ཀྱི་འདུག རྨི་ལམ་གསུམ་པ་ངས་ནམ་ཡང་རྨིས་མ་མྱོང་བ་དང་གློག་བརྙན་དང་ཡང་ན་གཏན་དུ་མཐོང་མ་མྱོང་བ་ཞིག་རེད། དུག་ས

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. sha tak ri sim says:
    ལོ་ 15 སྔོན།

    སྤྲུལ་ཚོན་ཁྲ་དང་ལྡན་པ་ཞིག་རི་རྩེ་ནས་རི་ཤོད་དུ་བྱིན་ནས། ཕྱིར་རི་སྟེང་དུ་ཡོང་བའི་ལམ་ཁར་འཇིགས་སུ་རུང་བའི་སེམས་ཅན་མགོ་གཉིས་ཅན་ཞིག་ཐེངས་གཉིས་ཀྱི་བར་དུ་ཁྱུར་མིད་བཏང་སོང་། ད་དུང་། གནས་མཆོག་ཡིད་དུ་འོང་བའི་ཆུ་འགྲམ་ཆེན་པོ་དེ་ནས་ངོ་ཤེས་པའི་གྲོགས་གྲྭ་གཉིས་གསུམ་དང་ལྷན་དུ་ཆུ་འཁྲིད་གྱིན་འདུག སྐབས་དེར་རླུང་བུ་ཆེན་པོ་ཞིག་གིས་བར་ཆད་ཀྱིས་ཆུ་འདྲེན་བྱེད་ཀྱི་བུ་གུ་ཆེན་པོ་དེ་འཁུར་སོང་། ང་དང་གྲྭ་བ་ཞིག་གིས་དེ་ནས་རྩལ་དང་བཅས་ཚུར་འཁུར་ཡོང་བའི་ལམ་ཁར་རི་རྩེ་ནས་ངའི་རོགས་པ་གྲྭ་བ་དེ་མར་ཟེགས་སོང་། དེ་དུས་ངའི་བསམ་པར་ད་ནི་ང་རང་ཡང་ཟེགས་ངེས་རེད་འདུག མི་ཚེ་འདི་ལ་ཅི་ཡང་བྱེད་ཐུབ་མ་སོང་། ཚེ་རྗེས་མ་འགྲོ་བ་སེམས་ཅན་གྱི་ལས་དོན་བྱེད་མཁན་གྱི་སྐྱེ་བུ་ཞིག་དུ་སྐྱེ་བར་སྨོན་ཞེས་སྨོན་ལག་རྒྱག་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese