མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། བཞི་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་ཧ་ཅང་གལ་ཆེ་བའི་ཉིན་ཞིག་ཡིན། ནུ་མོ་དང་ངེད་གསུམ་གྱིས་ཞོགས་ཇ་འཐུང་མ་ཐག མེག་ལོར་ནས་རྡ་ཤོད་དུ་ལམ་ལ་བུད། རྡ་ཤོད་ཀྱི་དྲ་ཁང་ཞིག་གི་ནང་དུ་ངས་ཕ་ཡུལ་ལ་ཁ་པར་བཏང་ནས་དྲིན་ཆེན་ཕ་ལོ་དང་མཉམ་དུ་ང་རང་ཕྱི་རྒྱལ་གྱི་བུད་མེད་ཅིག་དང་འགྲོགས་དེ་མི་རིང་བར་ཕྱི་ལ་འགྲོ་བཞིན་ཡོད་པའི་སྐོར་ཞིབ་དུ་ཞུས་པ་ཡིན། ཁོང་གིས་ང་རང་ལ་རིགས་རུས་སོགས་གཞན་ལ་ཤོར་མི་ཉན་ཚུལ་དང་། རང་གི་རིགས་ཀྱི་འདུ་ཤེས་ཟབ་མོ་བཅིངས་དགོས་པའི་སྐོར་ཞིག་གླེང་དགོས་ན་ཡང་། ང་ཡི་ཕ་རྒན་ནི་བོད་མི་མང་ཤོས་ལྟར། ཡིག་རྨོངས་པ་མ་ཡིན་ཙམ་ཡིན། ཀློག་ཤེས་ཙམ་ལས་འབྲི་སྤྱོད་ནུས་པ་མེད་པ་ཞིག་ཡིན་དུས། མི་རིགས་ཤིག་གི་འདུ་ཤེས་སྲ་མོ་ཞིག་གི་སྐོར་ནས་གང་ཡང་གསུངས་མ་སོང་། གང་ལྟར། སོང་ས་ཞིག་ནས་ཤུ་རེ་བྱོས་ཟེར་ནས་གསུངས།

གངས་དཀར་ལྷ་མཚོ་དང་ནུ་མོ་གཉིས་དྲ་ཁང་དུ་བཞག་ནས་ང་རང་ཤོད་ནས་ཤོད་ལ་སོ་སྨན་པའི་སྨན་ཁང་དུ་སོང་ནས་སྨན་པ་ལ་སྒུག་ནས་བསྡད་པ་ཡིན། སྤྱིར་བཏང་ཡིན་ན་ཁ་སང་སོ་ཚབ་བཟོ་རྒྱུ་བྱས་ཡོད་ཀྱང་། ཁ་སང་སོ་སྨན་པ་ལ་དུས་ཚོད་ཀྱི་མ་འདང་བར་ལུས་པ་རེད། དེ་རིང་ཁོས་སྤྲད་པའི་དུས་ཚོད་ཀྱི་སྔོན་དུ་ང་རང་འདིར་ཡོང་ནས་སྒུག་དགོས་བྱུང་། སོ་ཚབ་བཟོས་མ་ཐག་ང་རང་ལ་ཁོ་མོས་སྤྲད་པའི་ཧིན་སྒོར་ཁྲི་གཅིག་དང་ཕྱེད་དེ་སོ་སྨན་པ་ལ་སྤྲད་དུས། སོ་སྨན་པའི་འཛུམ་མདངས་དང་བཅས། རྗེས་སུ་དཀའ་ངལ་འདྲ་བྱུང་ན་ཕྱིར་འབྲེལ་ཐུག་བྱེད་རོགས། འདི་ང་རང་གི་ཁ་བྱང་ཡིན་ཟེར།

ང་རང་ཆུ་ཚོད་གསུམ་པའི་སྟེང་ཕྱིར་མེག་ལོར་དུ་འབྱོར་དགོས་ཀྱི་ཡོད། སྐུ་སྲུང་ཟུར་བ་ཟླ་བ་རིན་ཆེན་ལགས་ཀྱིས་ང་རང་ལ་རོགས་པ་བྱས་ནས་སྤྱི་བདེ་གཉེན་རྟོག་ལས་ཁུངས་དུ་འགྲོ་རྒྱུ་བྱས་ཡོད། ཟླ་བ་རིན་ཆེན་ལགས་ནི་ང་རང་གི་དྲིན་ཆེན་ཞིག་ཡིན། ཁོ་རང་གིས་ང་ཡི་དེབ་དང་བོའི་སྤྱིན་བདག་གནང་མྱོང་བ་མ་ཟད། ཁོ་རང་གིས་ད་དུང་བོད་མི་གསར་འབྱོར་བ་གཞན་དག་ཁ་ཤས་ཤིག་ལ་ཁོ་རང་གིས་གང་ནུས་ཅི་འཇོན་གྱི་རོགས་རམ་བྱས་མྱོང་མཁན་ཞིག་ཡིན། ཁོ་ནི་དངོས་ནས་བྱེས་ཀྱི་བོད་མི་དམིགས་དཔེ་བྱེད་ཆོག་པའི་མི་ཞིག་ཡིན། ཁོ་རང་ལ་སྒེར་གྱི་འགྲིམ་འགྲུལ་ལས་ཁུངས་ཤིག་ཡོད། ངེད་གཉིས་གཉེན་རྟོགས་ལས་ཁུངས་སུ་བཅར་དུས། གཉེན་རྟོག་པ་ཞིག་གིས་ཁོ་རང་ལ་འཚམ་འདྲི་བྱས་སོང་། ངེད་གཉིས་དེར་བཅར་དགོས་པའི་རྒྱུ་མཚན་ཞུས་དུས། དེ་ཡི་སྐོར་ཤོད་ཀྱི་ལས་ཁུངས་ཨ་མར་འགྲོ་དགོས་པར་བཤད།

ཟླ་བ་རིན་ཆེན་ལགས་ཀྱི་རླངས་འཁོར་ཆུང་ཆུང་དེ་ཡི་ནང་དུ་བསྡད་ནས། ངེད་གཉིས་ཕྱིར་མེག་ལོར་དུ་མི་ཡོང་ཐབས་མེད་བྱུང་། ཤོད་དུ་འགྲོ་བ་ལ་འཕྱི་བོ་ཆགས་ཡོད་ལ། ཁོ་རང་ཡང་ལས་བྲེལ་ཆེ་བའི་མི་ཞིག་ཡིན། ངས་ཁོང་ལ་རོགས་པ་བྱས་པ་དེར་བཀའ་དྲིན་ཆེ་ཞུས་པ་དང་ལྷན་དུ་ཁོ་རང་གི་རླངས་འཁོར་དེ་ལས་ཕྱི་ལ་བུད།

དགོང་མོ་གངས་དཀར་ལྷ་མཚོ་ངེད་གཉིས་ཀྱིས་དག་ཞིང་ཟ་ཁང་ནང་གི་ང་རང་གི་ལས་རོགས་ཚོར་བདེ་མོ་འཇོག་པའི་ཆེད་དུ་ཟ་མ་སྟབས་བདེ་ཞིག་གི་སྤྱིན་བདག་བྱེད་ཁུལ་བྱས། དེ་ཡང་མོ་རང་གི་སྒོར་མོ་ལས་ང་རང་ལ་སྒོར་མོ་ཞིག་གང་དུ་ཡོད། ཐུགས་སྤྲོ་ཆུང་ཆུང་དེ་ཡི་སྐབས་སུ་བོད་ལུགས་ཀྱི་ཤ་བཙོས་པ་དང་སྡུར་རུ་སྐོལ། ཆང་དང་སྤི་རག ཤིང་ཏོག་གི་ཁུ་བ་སོགས་ངེད་གཉིས་ཀྱི་འཛོམ་ཚད་ཅིག་ལ་ང་ཚོས་ལྷན་དུ་རོལ། ༤།༩།༠༨

སྔ་མོ་ནས་ངེད་གཉིས་རྡ་ཤོད་ཀྱི་ལས་ཁུངས་དུ་སོང་། ཁོ་མོ་སྔོན་ཆད་དགེ་རྒན་བྱེད་སའི་སློབ་གྲྭའི་ནང་དུ་ཡང་བལྟ་ཙམ་བྱས། ང་རང་གཉེན་རྟོག་ལས་ཁུངས་དུ་བཅར་དུས། གཉེན་རྟོག་ལས་ཁུངས་ཀྱི་བཤད་རྒྱུར། བོད་གཞུང་བདེ་སྲུང་ལས་ཁུངས་ནས་རྒྱབ་གཉེར་ཡི་གེ་ཞིག་དགོས་ཟེར། ཁ་ཕྱིར་འཁོར་ནས་བོད་གཞུང་བདེ་སྲུང་ལས་ཁུངས་དུ་བཅར། བདེ་དོན་ལས་ཁུངས་དུ་སོང་ཟེར། ཁོར་ཡུག་ལས་ཁུངས་ཀྱི་འགྲམ་དུ་རང་བཙན་ལག་དེབ་དགོས་རབས་གསུང་བྱུང་། ང་རང་གིས་རང་བཙན་་ལག་དེབ་ལྡི་ལུ་ན་ཅ་དངོས་གཞན་དག་དང་མཉམ་དུ་ལུས་སོང་། ང་རང་ལ་ཉིན་བཞི་མ་གཏོགས་མི་འདུག་སྟབས། སྐུ་མཁྱེན། ཐབས་གཞན་ཡོད་དམ་ཞེས་དྲིས་དུས། བདེ་དོན་ལས་ཁུངས་དུ་སོང་ནས་སྐད་ཆ་དྲིས་ཟེར། བདེ་དོན་ལས་ཁུངས་ཀྱིས་བཤད་རྒྱུར་རང་བཙན་ལག་དེབ་མེད་པར་རྒྱབ་གཉེར་ཡི་གེ་སྤྲོད་ཐབས་མེད་པ་རེད་ཅེས་གསུངས་སོང་། ངས་ང་རང་གི་དཀའ་ངལ་དག་བཤད་ཀྱང་། ཁོས་ཁྱེད་རང་གི་དཔལ་འབྱོར་ལས་ཁུངས་ལ་འབྲེལ་བ་གནང་ནས་དྲིས་ཟེར་ནས་ཁ་པར་ཨང་གྲངས་ཤིག་སྤྲད་སོང་། དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་མཐུད་པ་དེ་ཡིས་བཤད་རྒྱུར་ང་རང་གི་ལག་དེབ་རྙིང་བ་ཡིན་ན་ས་གནས་གང་ནས་བཟོས་པ་དེ་ནས་མ་གཏོགས། འདི་ནས་ཐབས་ཤེས་མེད་པ་རེད་གསུངས།

དེ་ནས་ཐབས་ཤེས་ཡོངས་རྫོགས་ཟད་སོང་། གངས་དཀར་ལྷ་མཚོ་ལ་ཁ་པར་བཏང་ནས་རྒྱུ་མཚན་ཚང་མ་བཤད་དུས། ཁོ་མོས་མགྲོན་ཁང་ཕྱིར་སྤྲད་དེ་དོ་ནུབ་ལྡི་ལུར་འགྲོ་བའི་རླངས་འཁོར་འཛིན་བྱང་ཉོས་ཟེར་གྱི་འདུག དེ་མ་ཐག ཟླ་བ་རིན་ཆེན་ལགས་ལ་ཁ་པར་བཏང་ནས་ང་རང་ལ་ལྡི་ལུར་འགྲོ་བའི་རླངས་འཁོར་འཛིན་བྱང་གཉིས་ཐོ་འགོད་བྱེད་རོགས་ཞུས་དུས། ཁོས་ཁྱེད་རང་གི་ལས་ཀ་ག་རེ་བྱུང་སོང་ཟེར། རྒྱུ་མཚན་ཚང་མ་བཤད་དུས། ཁྱེད་ཀྱིས་ང་རང་ལ་སྐར་མ་ལྔའི་རྗེས་སུ་ཁ་པར་གཏོང་ཤོག་གསུངས། སྐར་མ་ལྔ་མ་འགོར་བར་ཁོང་གིས་ཚུར་ཁ་པར་འབྱོར་ནས། ཁྱེད་རང་གི་ལག་དེབ་ཀྱི་ཨང་གྲངས་དྲན་གྱི་འདུག་གམ་ཟེར། དེ་དྲན་གྱི་མི་འདུག་ཞུས་དུས། ད་ནི་ཐབས་ཤེས་མི་འདུག ཁྱེད་ཀྱིས་གནམ་གྲུའི་འཛིན་བྱང་དང་ཕྱི་བསྐྱོད་ཐོངས་ཆེན་ཚང་མ་ཟླ་གཅིག་ལ་ཕྱིར་མགྱངས་བྱེད་རྒྱུ་ལས་གཞན་ཐབས་ཤེས་ལྷག་མི་འདུག་གསུངས་བྱུང་།

གངས་དཀར་ལྷ་མཚོ་ཕྱིར་སློབ་གྲྭ་ནས་འབྱོར་བ་དང་ངེད་གཉིས་ཀྱི་ཡིག་ཆ་དེ་ལེན་པར་ལག་དེབ་དངོས་སུ་ལེན་པར་ཐབས་མེད་པའི་སྐོར་ཞིབ་དུ་གླེང་རྗེས། མོ་རང་གི་མིག་ཆུ་ནི་རང་དབང་མེད་པར་བཞུར་ཏེ་འོང་སྐབས། ང་རང་ལ་ཡང་སྐྱོ་སྣང་གི་ཚོར་བ་ཞིག་གིས་རང་དབང་མེད་པར་ཕྱོགས་དེ་འོང་། གང་ལྟར། ངེད་གཉིས་ལ་ཐབས་ཤེས་གཞན་གང་ཡང་མེད་དུས། དོ་ནུབ་ལྡི་ལུར་ལམ་ལ་འབུད་དགོས་པ་དེ་རེད།

ང་རང་གི་སེམས་ནང་དུ་ཨ་ཙི། ཁོ་མོ་ལ་ཅི་ཁག འགྲོ་སོང་མང་བོ་ཞིག་བཏང་བཏང་ནས་ཉིན་མ་བཞིའི་རྗེས་སུ་འགྲོ་རྒྱུ་ལ་ཐུག་ཡོད་པའི་སྐབས་འདིར། ཡིག་ཆ་དེ་ཙམ་ལེན་པར་བོད་གཞུང་གི་ལས་ཁུངས་ནས་བསམ་ཤེས་ཙམ་ཡང་བྱེད་ཀྱི་མེད་པ་དེར་ཁོ་མོ་ཧང་སངས་འདུག ཡིན་ཡང་། ཁོ་མོའི་བསམ་བློ་ནི་གཙང་མ་ཡིན་པ་ལས་བོད་གཞུང་ལ་མ་དགའ་བ་དེ་འདྲ་གང་ཡང་ཡིན་མི་སྲིད། གཞུང་ཞིག་གི་དངོས་ནས་བཤད་ན་ཡིག་ཆའི་ཆ་རྐྱེན་མ་ཚང་བར་ངེས་ལེན་བྱེད་ཐུབ་མེད་པ་དེ་ཡང་རྒྱུ་མཚན་ལྡན་པ་ཞིག་ལོས་ཡིན་མོད། འོན་ཀྱང་། རང་གི་གཞུང་གིས་རང་གི་མི་དམངས་ལ་གོ་སྐབས་བཟང་བོ་རེ་ཡོད་པ་དེ་དག་ལ་བསམ་ཤེས་དང་བཀའ་འདྲི་གསལ་བོ་ཙམ་ཡང་མི་བྱེད་པ་དང་། རང་གི་མི་དམངས་ལ་ཡིད་ཆེས་ཀྱང་བྱེད་ཀྱི་མེད་པ་དེ་ཡང་ཞན་ཆ་ཞིག་དུ་མཐོང་དུ་བཅུགས་སོང་། ༥།༩།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    སྤྱིར་ཁྱེད་ཀྱི་ཟིན་བྲིས་འདི་ནི་ལོ་གསུམ་ཙམ་སྔོན་གྱི་ཟིན་བྲིས་རེད་འདུག་ཀྱང་ང་ལ་གསར་པ་ཡིན་པ་གང་ཞིག་ལ་ཉིན་གཅིག་ཀྱང་མ་ཆད་པར་ཀློག་གི་ཡོད། སྙན་པོ་འདུག

    Reply
  2. tsarongbu says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་གསུམ་གྱི་རྩོམ་ལ་ཧ་ཅང་དགའ། ཁྱེད་ཀྱིས་མུ་མཐུད་ནས་སྤེལ་རོགས། ཧ་ཅང་སྙན་མོ་འདུག འདིའི་བརྒྱུད་སློབ་སྦྱོང་མང་པོ་ཞིག་ཐོབ་ཀྱི་འདུག
    ཁོ་རེ་བསྟན་འཇམ་མིང་ཅན་ཁྱོད་ཁ་ཚུམས་ཨ། གཏམ་ཉོབ་ཀྱི་འདུག་ན་སུས་ཀློག་ལབ་སོང་། ཁྱེད་ལ་བཙན་དབང་གཏོང་མཁན་དང་རེ་སྐུལ་ཞུ་མཁན་ཡོད་པ་མ་རེད་ལོ། དེ་ལས་ཁ་ཁ་སྡོད།

    Reply
  3. rajashichen says:
    ལོ་ 15 སྔོན།

    གཞན་ཡུལ་ནས་ལས་ཀ་འཚོལ་སྟངས་རིང་གི ་རྫོགས་རྒྱུ་མེད་པའི་གཏམ་་ཉོབ་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese