མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔ་བོ་ནས་ཡར་བླངས་དེ་གངས་དཀར་ལྷ་མཚོའི་ཨ་མ་ཡིས་ང་ཚོ་གསུམ་རླངས་འཁོར་ས་ཚིགས་དུ་མོ་རང་གི་སྒེར་འཁོར་ནང་དུ་བསྐྱལ། ཝན་དང་ང་ཚོ་གསུམ་རྗོ་སུ་ལམ་རླངས་འཁོར་ས་ཚིགས་ནས་ཀྲེ་ལས་བས་གྲོང་ཁྱེར་གྱི་རླངས་འཁོར་ས་ཚིགས་དུ་འབྱོར་མ་ཐག ངེད་གཉིས་ཀྱིས་གླ་བྱེད་རླངས་འཁོར་ཞིག་ཁྲིད་ནས་རྒྱ་གར་གཞུང་ཚབ་ཁང་དུ་ང་རང་གི་ཐོངས་ཆེན་ལག་ཁྱེར་ཕྱིར་འགྱངས་བྱེད་ཆེད་དུ་བཅར།

གྲོང་ཁྱེར་ཀྲེ་ལས་བས་ནི་མཚོ་འགྲམ་ཞིག་དུ་ཆགས་ཡོད་ལ། རྒྱ་གར་གཞུང་ཚབ་ཁང་ཡོད་ས་ནས་མཚོ་འགྲམ་དུ་གོམ་པ་བརྒྱབས་ཚེ། སྐར་མ་ལྔ་དྲུག་ཞིག་ལས་འགྲོ་དགོས་ཀྱི་མི་འདུག གཞུང་ཚབ་ཁང་དུ་འབྱོར་མ་ཐག ཐོ་འགོད་བྱས་དེ་སྣེ་སྟོན་མའི་ཅུང་ཙམ་སྒུག་རོགས་ཟེར་བ་ལྟར། ངེད་གཉིས་ཀྱིས་ཡུན་རིང་སྒུག་དགོས་བྱུང་།

ཨེས་སུ་རལ་གྱི་སྒོར་མོ་ལ་ཤིས་ཀར་ཟེར་བ་དང་ཨ་སྒོར་གཅིག་ལ་ཤིས་ཀར་གསུམ་དང་ཕྱེད་ཡིན། ཤིས་དཀར་ཉིས་བརྒྱ་ཡིག་ཆ་བཟོ་བའི་ཆེད་དུ་དགོས་རབས་བཤད་པ་ལྟར་སྤྲད། ཡིག་ཆ་གཉིས་དགོས་པའི་ནང་ནས་གཅིག་གཟའ་ཟླ་བ་ལ་རེག་པ་དང་། གཞན་པ་དེ་ནི་ཟླ་བ་གཅིག་ཏག་ཏག་འགོར་ངེས་རེད་ཟེར། རྒྱུ་མཚན་ནི་ང་རང་གི་ལག་ཁྱེར་གྱི་འདྲ་བཤུས་རྒྱ་གར་དུ་བཏང་ནས་ང་རང་ལ་ཁྲིམས་འགལ་གྱི་ནག་ཉེས་སོགས་ཡོད་མེད་ལ་ཞིབ་གཤེར་བྱེད་དགོས་པ་དང་དེ་འདྲའི་སྐྱོན་ཆ་གང་ཡང་མེད་ཚེ་ཡིག་ཆ་དེ་རྒྱ་གར་ནས་ཚུར་ཐམ་ག་ཞིག་བརྒྱབས་དེ་ཕྱིར་གཞུང་ཚབ་དུ་འབྱོར་ངེས་རེད་ཟེར།

མཛའ་མོ་ངེད་གཉིས་ཀྱིས་ལས་ཀ་དེ་དག་ཚར་རྗེས་སུ་མཚོ་འགྲམ་དུ་བཅར། མཚོ་འགྲམ་དེ་ནི་དངོས་ནས་སྐྱིད་སྣང་ལྡན་པ་ཞིག་དང་མི་མང་སྣ་འདུས་ཤིག་རེད། དེ་ཁུལ་དུ་ཡོད་པའི་མགྲོན་ཁང་མང་ཤོས་ཤིག་གོང་ཆེན་ཡིན་པ་དང་ཕྱུག་ཆེན་དག་བསྡོད་ས་ལྟ་བུ་རེད་འདུག་ལ། འཚིག་ཇ་འཐུང་ས་དང་ཟ་ཁང་སོགས་ཀྱང་དངོས་ནས་ཧ་ལས་པའི་བརྫིག་པོ་འདུག་པ་མ་ཟད། སྤུས་གཙང་ཁམས་ལེགས་ཀྱང་རེད་འདུག ཆེད་དུ་ཡུལ་བསྐོར་བ་རྒྱུ་ཆེན་དང་རྒྱལ་ཁབ་འདིའི་ནང་གི་མི་ཆེན་དཔོན་ཆེན་ཚོའི་ལོང་སྤྱོད་བྱེད་ས་ལྟ་བུ་ཡིན་པར་བཤད།

ཉིན་རྒྱབ་དུ་ངེད་གཉིས་ཁོ་མོའི་གྲོགས་པོ་ཁ་ཤས་དང་མཉམ་གཅིག་དུ་གྲོང་ཁྱེར་ནང་གི་ཟ་ཁང་ཆུང་ཆུང་ཞིག་གི་ནང་དུ་ཁོང་ཚོའི་སྲོལ་རྒྱུན་གྱི་གཟའ་པ་སངས་ཀྱི་ཟ་མའི་རིགས་ཟ་རུ་སོང་བ་ཡིན། ཧ་ཅང་ཞིམ་པོ་འདུག་ལ་ཚང་མ་ཕར་བལྟས་ཚོད་ཀྱི་བཅུད་ཆེན་ཤ་སྟག་རེད། ཟ་ཁང་ཆུང་ཆང་དེ་ནས་རྒ་ལས་ཡ་སླར་ཡང་ཐུག་སྐབས་ང་རང་ལ་ཐུན་མོང་མ་ཡིན་པའི་ཚོར་སྣང་ཞིག་སླེབས་པ་ནི། ཁོ་མོ་དང་འཕྲད་སྐབས་ཆེས་གྲོགས་པོ་རྙིང་བ་ཞིག་དང་འཕྲད་པ་ལྟ་བུ་བྱུང་།

ཕྱི་དྲོ་མཛའ་མོའི་ཨ་ཅེ་ནང་མི་གསུམ་གྱིས་མགྲོན་དུ་བོས་པ་ལྟར། ངེད་གཉིས་གཟའ་མི་གསུམ་གྱི་སྒེར་འཁོར་ནང་དུ་བསྡད་ནས་མོ་རང་གི་ཨ་ཅེ་ཡི་ནང་དུ་བཅར། དགོང་ཟས་དངོས་ནས་གྲྭ་རྒྱས་པོ་ཞིག་བཟོས་འདུག མོ་རང་གི་ཨ་ཅེ་ནི་རི་མོ་སྒྱུ་རྩལ་བ་དང་སེམས་ཁམས་གསོ་སྐྱོང་རིགས་པའི་ཆེད་སྤྱོང་བ་ཞིག་རེད་འདུག་ལ། ཁྱོ་ག་ནི་གློག་ཀླད་ཆེད་མཁས་པ་ཞིག་རེད། ཁོང་བཟའ་མི་གཉིས་ལ་བུ་མོ་གཅིག་ལས་མེད་པ་དང་། བུ་མོའི་མིང་ལ་ཤས་ར་ཟེར་གྱི་འདུག

ཨ་ཅེ་ཡི་རྒན་པོའི་མིང་ལ་མེ་ཝལ་དང་ཁོ་མོའི་མིང་ལ་ཀ་རན་ཟེར་གྱི་འདུག མེ་ཝལ་ངེད་གཉིས་ཀྱིས་དགོང་ཟས་ཀྱི་རྗེས་སུ་བོད་རྒྱའི་བར་གྱི་གནད་དོན་སེལ་ཐབས་སུ་ལམ་ཁ་གང་ཞིག་འཚོལ་བཞིན་ཡོད་པ་རེད་ཅེས་དྲིས་པའི་ལན་དུ། ང་རང་གིས་འཚེ་མེད་ཞི་བའི་ལམ་ཁ་ཁོ་ན་ཡག་ཤོས་རེད་ཅེས་བསམ་ཚུལ་བཤད་དུས། ཁོས་ང་ལ་ད་ལྟའི་བར་དུ་འཛམ་གླིང་གི་རྒྱལ་ཁབ་ཆེས་མང་བོ་ཞིག་ཤོར་མྱོང་ན་ཡང་། རྒྱལ་ཁབ་གང་ཞིག་དམག་འཐབ་མ་བྱས། ཤ་ཁྲག་གི་འགྲོ་སོང་མ་བཏང་བར་རང་དབང་བསྐྱར་གསོ་བྱེད་མཁན་གྱི་རྒྱལ་ཁབ་སུ་ཞིག་ཡང་ལོ་རྒྱུས་ཀྱི་སྟེང་ནས་བྱུང་མྱོང་མེད་པ་རེད་ཅེས་བཤད་དུས། ཁོ་རང་གི་གྲོགས་པོ་གཞན་དེ་གཉིས་ཀྱིས་གླེང་ཕྱོགས་བོད་ཀྱི་གོམ་གཤིས་ཐད་དུ་བསྒྱུར་སོང་།

བཟའ་མི་གསུམ་ནི་ཕར་བལྟས་ཚོད་ཀྱི་སྐྱིད་སྣང་ལྡན་པ་ཞིག་འདུག་ལ། ཁང་བ་ཡང་དངོས་ནས་ཧ་ལས་པའི་བརྫིག་པོ་ཞིག་ཉོས་ནས་ལོ་ཁ་ཤས་ཤིག་སོང་འདུག ནང་གི་ཅ་དངོས་ཚང་མ་དེང་རབས་ཀྱི་ཅ་ལག་རྐྱང་རྐྱང་རེད། ནང་གི་ཆ་རྐྱེན་ཡང་ཧ་ལས་པའི་ཡག་པོ་འདུག དགོང་མོ་ངེད་གཉིས་དེ་ནས་བསྡོད་རྒྱུར་སྐུལ་བ་ལྟར། ངེད་གཉིས་ལ་གྲྭ་སྒྲིག་བྱས་པའི་ཉལ་ཁང་དུ་བྱིན་པ་ཡིན། ༡༣།༩།༠༨

མཛའ་མོའི་ཨ་ཅེ་ཡིས་ནང་ནས་ཞོགས་ཇ་དལ་འཐུང་ཞིག་བྱས་ནས་ང་ཚོ་གསུམ་སྙན་གྲགས་ཆེ་བའི་བྲག་ཕུགས་ཤིག་ལ་ལྟ་སྐོར་དུ་སོང་། བྲག་ཕུགས་དེ་ཡི་ནང་གི་བྲག་ཛ་མཛེར་དེ་དག་ལ་ལོ་ངོ་ས་ཡ་གཅིག་ལྷག་གི་ལོ་རྒྱུས་ལྡན་རབས་ཟེར། སྐབས་དེར་དངོས་ནས་དངོས་ཁམས་རིགས་པའི་ཞིབ་དཔྱོད་ཀྱི་གྲུབ་འབྲས་དེ་དག་གིས་ཐོན་འབྲས་དེ་དག་ནི་རང་ཡུལ་གྱི་བོད་མི་དག་གི་ཐོད་པ་ལྟིག་ཞིང་གནས་ཆེན་དུ་འབོད་པའི་ཡུལ་དེ་དག་ལ་ཞིབ་འཇུག་རེ་བྱེད་ཐུབ་ན་སྐྱིད་པ་ལའང་སྙམ་ཞོར་དུ་ང་རང་ཁོ་གཉིས་ཀྱི་འགྲེལ་བཤད་ལ་ཉན་བཞིན་་ཁོ་གཉིས་ཀྱི་རྗེས་སུ་སོང་། དངོས་ནས་ཚ་བ་ནི་ཧ་ཅང་ཚ་བོ་འདུག མོ་རང་གི་ཨ་ཅེ་ཀ་རན་གྱིས་ང་ཚོ་གསུམ་ལ་ཤིང་ཏོག་རིགས་དང་འོ་མ་བསྲེས་པའི་འཁྱག་སྤྲི་རེ་ཉོས་དུས། ངའི་སེམས་སུ་ཕྱི་རྒྱལ་བས་རང་རང་གི་སྒོར་མོ་རང་རང་གི་གཏོང་སྲོལ་ཡོད་པ་ཡིན་ན་ཡང་། ངའི་མཛའ་མོ་དང་ཨ་ཅེ་ཡི་འབྲེལ་བ་འདིས་བོད་ཀྱི་གོམ་གཤིས་དང་ཐག་ཉེ་བོ་ལྟ་བུ་ཞིག་འདུག་ཨང་བསམ་དུ་བཅུགས།

ཕྱིར་ལོག་ནས་མཛའ་མོའི་ཨ་ཅེ་ཡིས་ཁོང་ཚོའི་ཟས་རིགས་ཁ་ཤས་ཤིག་བཟོས་ཤིང་། ངས་ཤ་མེད་འཐེན་ཐུག་བརྔོས་མ་ཞིག་བཟོས་པ་དེར། ཁོང་ཚོ་ཚང་མས་དགའ་བོ་བྱུང་། དོ་ནུབ་ཀྱང་སླར་ཡང་ངེད་གཉིས་མོ་རང་གི་ཨ་ཅེ་ཡི་ནང་དུ་བསྡོད་རྒྱུ་ཐག་བཅད་སོང་། ངེད་གཉིས་ནི་འགྲུལ་བ་ལྟ་བུ་ཞིག་ཆགས་ཡོད། ཡར་མར་ཉུལ་ནས་བསྡད་ཡོད་པ་རེད། གཅིག་ནས་ང་རང་རྒྱལ་ཁབ་འདི་ལ་གསར་དུ་འབྱོར་བ་དང་། གཉིས་ནས་མོ་རང་ལ་ཡང་ལས་ཀ་མེད། གསུམ་ནས་མོ་རང་གིས་ང་རང་གི་ཐོངས་ཆེན་ཕྱིར་འགྱངས་ཀྱི་ཆེད་དུ་སེམས་ཚེགས་ཀྱིས་མོ་རང་གི་ལས་ཀ་ཞིག་གསར་དུ་འཚོལ་བའི་མདུན་པ་དེ་ད་ལྟ་མེད་པར་གྱུར་ཡོད། ༡༤།༩།༠༨

མི་ཞེས་པ་འདི་ལ་ཐུན་མོང་མ་ཡིན་པའི་ཤེས་པ་ཞིག་གི་དབང་སྒྱུར་ཡོད་སྟབས། སེམས་ནང་གི་དྲན་ཚུལ་མཐའ་དག་ལ་མི་འདྲ་བའི་ཆ་མང་བོ་ཞིག་ཡོད་པ་ཡིན་དུས། འཛམ་གླིང་འདིར་འཚོ་བཞིན་པའི་སྐྱེ་བོ་མིའི་རིགས་ཀྱི་ངལ་རྩོལ་དང་འཇོན་ཐང་ཡང་དེ་མཚུངས་ཀྱི་མི་འདྲ་བའི་ཕྱོགས་ཧ་ཅང་མང་བོ་ཞིག་བྱུང་གི་ཡོད་པ་དེ་ཡང་ཅི་ཡང་སྲིད་པ་ཞིག་ལོས་ཡིན།

ང་རང་མཛའ་མོ་གངས་དཀར་ལྷ་མཚོ་ལ་བརྟེན་ནས་ཟ་འཐུང་འགྲོ་འདུག་ཡོད་ཚད་ཀྱི་འབྱུང་གནས་ད་ལྟའི་འཆར་ཁོ་མོ་ཆགས་ཡོད་ལ། ང་རང་ལ་སྒོར་མོ་སྐར་བཀང་གི་ཡོང་ཁུངས་མེད་པར་ཁོ་མོས་ལོ་མང་རང་གི་གསོག་དངུལ་ཁྲོད་དུ་ང་རང་འཚོ་ཡོད་ཀྱང་། ད་ལྟའི་འཆར་ང་ལ་དམིགས་བསལ་གྱིས་དཀའ་ངལ་གང་ཡང་འཕྲད་ཀྱི་མེད། འདི་ནི་བོད་པ་དག་གིས་འབོད་བཞིན་པའི་གསལ་ལེ་རྒྱལ་ཞིག་གི་ཕྱི་རོལ་ཞིག་ན་འཚོ་བ་ཞིག་མི་རིགས་གཞན་གྱི་བུད་མེད་གཅིག་ལ་བསྟེན་མཁན་གྱི་ང་རང་རེད། འདི་ནི་ཁོ་མོས་ང་ལ་བཅིངས་པའི་དགའ་བ་ཡིན་པར་བཤད་ཆོག ཡིན་ཡང་། ང་རང་གིས་སྒོར་མོ་གཅིག་ཡང་འཚོལ་མི་ཐུབ་པའི་གནས་སྐབས་འདིར། ང་རང་གི་སེམས་ནང་དུ་མ་བདེ་བའི་ཚོར་བ་ཕྲན་པུ་རེ་བྱུང་གི་འདུག་ན་ཡང་། གནས་སྐབས་རིང་གི་འཚོ་བ་འདི་ལྟར་མི་བསྐྱལ་རང་དབང་དང་གདམ་ག་གཞན་ང་ལ་ལུས་མེད། འོན་ཀྱང་། ཁོ་མོ་ད་ལྟའི་འཆར་ང་ལ་ཧ་ཅང་བཟང་གི དེ་རིང་ངེད་གཉིས་ཁོ་མོའི་ཨ་ཅེ་ཡི་ནང་དུ་ཁ་ཁར་ནས་ཕྱིར་མོ་རང་གི་ཨ་མ་ཡི་ནང་རྗོ་སུ་ལམ་གྱི་གྲོང་བརྡལ་ར་མོ་ཀྲི་ལ་ཡོང་།

ལམ་བར་དུ་ངེད་གཉིས་ཚོང་ཁང་དང་དཔེ་ཁང་ཆེས་མང་བོ་ཞིག་ལ་ཉུལ་སྐབས། ང་རང་གི་སེམས་ནང་དུ་ཨ་ཙི་བོད་མི་ཚོ་ལ་ཡང་ནང་ཞིག་ཡོད་རྒྱུ་ན། དེ་རིང་ང་རང་གི་དཔེ་དེབ་དེ་དག་ཡང་ཚོང་ཁང་ཞིག་གི་ནང་དུ་འདི་ལྟར་བཤམས་ཡོད་ངེས་རེད་སྙམ་ཞོར། ཁོ་མོས་རང་ཉིད་ལ་འཁོ་བའི་དཔེ་དེབ་གཉིས་ཉོས་པ་དང་། གཞན་ངེད་གཉིས་ཀྱིས་ཟས་རིགས་དང་སྐོམ་ཆུ་མངར་མོའི་རིགས་ཁ་ཤས་ཤིག་ཉོས་སོང་། དེ་དུས་ངའི་སེམས་ནང་དུ་སྒོར་མོ་དེ་དག་ཧིན་སྒོར་ལ་བརྩིས་ཤིག་བརྒྱབས་དུས། ཉིན་ཁ་ཤས་ཀྱི་ཟ་མ་ལྷོད་ལྷོད་དུ་ཟ་བྱེད་དང་འཐུང་བྱེད་གཉིས་ཀ་འདུག་བསམ་པ་གློ་བུར་དུ་ཡིད་ལ་རང་དབང་མེད་པར་འཁོར་སོང་། འདི་ལྟར་གཞན་ཡུལའམ་མི་ཡུལ་གྱི་འཚོ་བ་གསར་བ་འདི་ལ་ཐུན་མོང་གི་སྣང་ཚུལ་དང་མི་གཅིག་པའི་ང་རང་གི་ཚོར་རྟོགས་ཁ་ཤས་ཀྱི་ང་རང་ལ་རྟག་དུ་ངལ་གསོ་དང་ཞི་བདེ་བསྐྲུན་གྱི་འདུག ང་རང་གཞན་ཡུལ་དུ་ཡོད་ཀྱང་། ང་རང་ལ་གཞན་ཡུལ་དུ་ཡོད་པའི་ཚོར་སྣང་སྐྱོ་བོ་དེ་འདྲ་གང་ཡང་མེད་པར་བདེ་སྐྱིད་དང་བཅས་འཚོ་བཞིན་ཡོད་མོད། བརྗེད་དུ་དཀའ་བ་ནི། རང་ཉིད་གང་དུ་སོང་ཡང་བོད་མི་བྲོས་བྱོལ་བ་ཞིག་ཡིན་པ་བརྗེད་ཐབས་མེད་ཀི ༡༧།༩།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 3

  1. kamgam says:
    ལོ་ 15 སྔོན།

    བཀླགས་ཡིན་གནས་སྟངས་ཡག་གོ་ཤེས་སོང་།
    ཤ་གསང་རུས་གསང་ན་རང་ཉིད་ཡོད་པ་དགའ་བོ་བྱུང་།

    Reply
  2. kamgam says:
    ལོ་ 15 སྔོན།

    བཀླགས་ཡིན་གནས་སྟངས་ཡག་གོ་ཤེས་སོང་།
    ཤ་གསང་རུས་གསང་ན་རང་ཉིད་ཡོད་པ་དགའ་བོ་བྱུང་།

    Reply
  3. tse karma says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཀག་འགོག།

    “སྐལ་ལྡན་བློ་གྲོས་ཀྱིས་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན་”ཞེས་གཞོན་ལྷན་གྱིས་གསལ་བསྒྲགས་ཤིག་སྤེལ་སོང་།

    ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གསུངས་པ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཟླ་འདིའི་ཚེས་༡༣ སྟོད་གོས་བཙོང་བཞིན་པའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་ཚོང་རྫས་ཀྱི་སྟོད་གོས་ཐོག་བཙན་བྱོལ་བོད་གཞུང་ཞེས་འཁོད་འདུག་པས། དེར་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་སྐོར་བརྗོད་དེ་ཚོང་རྫས་ཕྱིར་བསྡུ་དགོས་སྐོར་བརྗོད་པར་བརྟེན། གཞོན་ལྷན་གྱི་ཚོང་རྫས་ཕྱིར་བསྡུ་བྱེད་དགོས་བྱུང་བའི་གནས་ཚུལ་སླེབས་འདུག ད་ལྟ་འབྲེལ་ཡོད་མང་པོས་སྐལ་ལྡན་བློ་གྲོས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད།

    ཟླ་འདིའི་ཚེས་༡༤ ཉིན་གྱི་ཆུ་ཚོད་༢ པའི་ཐོག་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྡ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། སྐབས་དེར་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། “སྐལ་ལྡན་བློ་གྲོས་ཀྱིས་ཁྲོམ་ར་ནང་སྟོད་གོས་དེར་ཆབ་སྲིད་ཀྱི་གནས་ཚད་ཤུགས་ཆེན་པོ་འདུག འདིར་བཙོང་ཆོག་གི་མ་རེད་ཅེས་བརྗོད་འདུག ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཐག་གཅོད་དེ་ཁྱེད་རང་སྒེར་གྱི་ཐག་གཅོད་རེད་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་ཐག་གཅོད་རེད་ཅེས་དྲིས་སྐབས། དང་ཐོག་སྐལ་ལྡན་བློ་གྲོས་ཀྱིས་ང་སྒེར་གྱི་ཐག་གཅོད་ཡིན་སྐོར་བརྗོད་འདུག དེར་མི་མང་པོ་འཛོམས་པ་དང་། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཁྱེད་སྒེར་གྱི་ཐག་གཅོད་ལ་ངོས་ལེན་དགོས་དོན་མི་འདུག་བརྗོད་སྐབས། སྐལ་ལྡན་བློ་གྲོས་ཀྱིས་ཚོགས་ཆུང་གི་ཐག་གཅོད་ཡིན་སྐོར་བརྗོད་པ་རེད། ད་དུང་སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་ཀྱིས་བཀག་དགོས་ཚུལ་བརྗོད་པ་སོགས་ལ་བརྟེན་བཅའ་ལག་བསྡུ་གསོག་རྒྱག་དགོས་པའི་གནས་ཚུལ་བྱུང་བ་རེད། གཞོན་ལྷན་གྱི་ངོས་ནས་ཚོགས་ཆུང་གི་ཐག་གཅོད་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་གཞོན་ལྷན་གྱིས་ཚོགས་ཆུང་ལ་དེའི་སྐོར་ག་འདྲ་རེད་ཅེས་ཡི་གེ་བཏང་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།

    གསར་འགོད་པས་དེ་རྗེས་གཞོན་ལྷན་གྱི་མི་དང་སྐལ་ལྡན་བློ་གྲོས་བར་དུ་འབྲེལ་བ་བྱུང་ཡོད་མེད་སྐོར་དྲིས་པར། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས། “དང་ཐོག་གཞོན་ལྷན་གྱི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ་གྱིས་ལྡི་ལི་ནས་ཁ་པར་བཏང་སྟེ། འབྲེལ་བ་བྱུང་འདུག ཡིན་ཡང་ལན་གསལ་པོ་གང་ཡང་མི་འདུག དེ་རྗེས་ཁོང་གི་ཁ་པར་མི་གཞན་པས་བཀྱག་པ་ལས། ཁོ་རང་གིས་ལེན་གྱི་མི་འདུག་ཟེར། མི་གཞན་པས་བཀྱག་ནས་ལན་ཡོད་འཕྲོད་ཐབས་བྱེད་ཀྱི་ཡིན་ཟེར་གྱི་འདུག་”ཅེས་བརྗོད་སོང་། “སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་གཞོན་ལྷན་གྱི་ཚོགས་གཙོས་ཁ་པར་བཏང་སྟེ། བཀའ་འདྲི་ཞུས་པར། ཁོང་གིས་གཞོན་ལྷན་གྱིས་ཅ་ལག་བཙོང་གི་ཡོད་སྐོར་གོ་བ་ལས། སུས་བཙོང་གི་ཡོད་དང་ག་རེ་བཙོང་གི་ཤེས་རྟོགས་མེད་ཅེས་ལན་གནང་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese