མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉིན་བཀང་བོར་ནང་གི་ཕྱི་ལོག་དུ་མ་སོང་བར་ནང་ནས་ཟས་ཐོའི་གསར་བའི་སྐོར་ཞིག་གློག་ཀླད་ཀྱི་སྟེང་ནས་ཁོ་མོ་དང་མཉམ་དུ་ལས་ཀ་བྱེད་ཁུལ་བྱས། ཞོར་དུ་རྒྱ་གར་དུ་ཡོད་པའི་གྲོགས་པོ་ཁ་ཤས་ཤིག་ལ་གློག་འཕྲིན་བཏང་ནས་རང་ཉིད་བདེ་མོ་ཡིན་སྐོར་བྲིས། མི་ཞིག་ཉིན་བཀང་བོར་བསམ་རྒྱུ་དྲན་རྒྱུ་མང་བོ་མེད་པར། ཁུ་སིམ་མེར་འདུག་མཁན་གྱི་མི་ནི་དེ་རིང་གི་ང་རང་ཡིན།

ངས་རང་ཉིད་ཀྱི་ཚོད་ཀྱི་མི་ལོ་གང་མང་རིང་དུ་བསམ་བློ་མང་བོ་བཏང་བ་ཡིན་ལ། དྲན་རྒྱུ་ཡང་ཧ་ཅང་རྒོད་པོ་ཡོད་མཁན་གྱི་མི་ཞིག་བྱེད་མྱོང་ཡོད། ཡིན་ཡང་། ལོ་ངོ་དུ་མའི་ཡར་སྔོན་ནས་བཟུང་ང་རང་ལ་དམིགས་བསལ་གྱི་ཚོར་བ་ཞིག་སླེབས་པ་དང་རྙེད་པ། ཅི་ཞིག་རྟོགས་རྗེས་ཀྱི་ང་རང་ནི་ཧ་ཅང་ཁུ་སིམ་མེར་བསྡོད་ཐུབ་མཁན་གྱི་མི་ཞིག་དུ་གྱུར་བ་ཡིན། དེ་ནས་བཟུང་ང་རང་གིས་ཨ་རག་དང་སྤི་རག་གཏན་སྤངས་བྱས་པ་རེད། དེ་ནི་ང་རང་གི་མི་ཚེའི་ནང་གི་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་ཡིན། དེ་ནས་བཟུང་རང་ཉིད་ཀྱིས་རང་ཉིད་ལ་སེམས་གསོ་ཅུང་ཙམ་རེ་གཏོང་ཐུབ་པ་དང་གཟབ་གཟབ་བྱེད་ཐུབ་ལ། བཟོད་བསྲན་གྱང་སྔར་ལས་མང་བོ་ཞིག་བརྟེན་ཐུབ་ཀྱི་འདུག་པའི་ཚོར་སྣང་བྱུང་། དེ་དག་གི་རྒྱུ་མཚན་གྱིས་ང་རང་དེང་སྐབས་ས་ཆར་གང་དུ་སླེབས་ཀྱང་། རང་ཉིད་ནི་གཞན་ཡུལ་ཞེས་པའི་ཚོར་སྣང་སྐྱོ་བོ་དེ་འདྲ་ཤུགས་ཆེན་པོ་ཡོང་གི་མི་འདུག་པ་དང་། མི་དང་མིའི་རིགས་ཀྱི་བདེ་སྡུག་འདྲ་མཉམ་དུ་བལྟ་ཐུབ་ཀྱི་འདུག ཡིན་ཡང་། ང་རང་ལ་ཚོར་བ་ཡོད།

ང་རང་ལ་སྨྱུ་གུ་ཡོད། ང་རང་ལ་འབྲི་ཤོག་ཡོད། ང་རང་ལ་དུས་ཚོད་ཡོད། དོན་དངོས་ཐོག་ང་རང་ས་མཐའ་རྒྱལ་ཁབ་གཞན་ན་ཡོད། གཞན་ཡུལ་ན་མྱ་ངན་ལྕི་རབས་ཟེར། སྡུག་བསྔལ་ཆེ་རབས་གླེང་། དཀའ་ལས་ཁག་རབས་བཤད། ཡིན་ཡང་། ད་ལྟའི་འཆར་ང་རང་ལ་ཚོར་བ་དེ་དག་གི་གང་ཡང་མེད་པ་ཅི་རེད། ང་རང་ནི་ངོ་མ་གསོན་པོ་ཡིན་ནམ། ངོ་མ་ང་རང་ནི་རྒྱལ་ཁབ་མེད་པ། རང་དབང་མེད་པ། ལས་ཀ་མེད་པའི་མི་ཞིག་ཡིན་ནམ། ང་རང་ལ་འདི་དག་གི་བཙན་འཛུལ་གྱི་ཚོར་བ་གང་ཡང་མེད་པ་རེད་དམ་ཞེས་ངས་སུ་ཞིག་ལ་བགྲོ་གླེང་བྱེད། བོད་མི་ཞིག་ལ། ཡང་ན་མི་རིགས་གཞན་ཞིག་ལ། སྐད་རིགས་ཅི་ཙམ་གྱིས་སྟེང་ནས་ངས་གོ་བརྡ་སྤྲོད་ཐུབ་ངེས། རྒྱལ་ཁབ་འདི་ལ་འབྱོར་ནས་ཉིན་མ་བཅུ་དྲུག་ལྷག་འདས་ཀྱང་། བོད་སྐད་བཤད་ས་མེད་པ་དང་བོད་མི་གཅིག་གྱང་མཐོང་མི་ཐུབ་པའི་སྐབས། ང་རང་ལ་དངོས་ནས་ཚོར་བ་གཞན་ཞིག་ཡོད་ན་རེད། འོན་ཀྱང་། ང་རང་ལ་་་་་་་              ༢༣།༩།༠༨

འདྲ་དཔར་ཁ་ཤས་ཤིག་རྒྱང་རིང་ཕ་ཡུལ་བོད་དུ་འཚོ་བའི་ནང་མི་ཚོར་སྤྲག་ཁང་བརྒྱུད་བཏང་བ་ཡིན། རང་ཉིད་ནི་བདེ་ཐང་ཡིན་པའི་བདེན་དཔུང་དང་གཞན་ཡུལ་ཞིག་ན་ཡོད་པའི་ཁུལ་གྱི་ངོ་སྤྲོད་དུ་ཟེར་ན་འགྲིག་གི་ལོས་ཡོད། ང་ཚོ་གསུམ་གྱིས་དགོང་ཟས་ཟ་སྐབས་སུ་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ཁབ་བར། ཆོས་ལུགས་དང་མི་རིགས་བར་གྱི་དཀའ་རྙོག་བསྐོར་གླེང་། ལྷག་པར་རང་ཉིད་འོང་སའི་བོད་ཀྱི་འཚོ་བའི་སྐོར་དང་རྒྱ་བོད་བར་གྱི་བྱུང་རིམ་དང་བོད་ནང་གི་ད་ལྟའི་གནས་ཚུལ་རང་ཉིད་ལ་གང་ཆ་རྒྱུས་ཡོད་པ་དེ་དག་ཞིབ་དུ་གླེང་། གངས་མཚོའི་ཨ་མས་བཤད་ན་ན་གཞོན་གྱི་བསམ་བློ་ནི་ངར་ཤུགས་ལྡན་པ་ཞིག་ཡིན་དུས། དམག་འཁྲུགས་བྱེད་འདོད་ཡོད་ལ། ལོ་ན་བགྲེས་པོ་ཚོ་ཉམ་མྱོང་མང་བོ་ཞིག་བརྒྱུད་སྟབས། དམག་རྒྱག་རྒྱུར་ཧ་ཅང་ཐང་ཆད་ཡོད་པ་རེད་ཟེར། ངས་བསམ་ཚུལ་དེར་ངོས་ལེན་མ་བྱས་པའི་རྒྱུ་མཚན་ཁ་ཤས་ཤིག་མོ་རང་ལ་དྲངས་པ་ཡིན།

མོ་རང་གི་ཨ་མས་ང་རང་ལ་རྒྱལ་ཁབ་འདིར་འབྱོར་ནས་དམིགས་བསལ་གྱི་ཚོར་བ་དང་བསམ་ཚུལ་འདྲ་འདུག་གམ་ཟེར། ངས་ང་རང་འདིར་སླེབས་ནས་ཉིན་གྲངས་བཅུ་ཕྲག་གཅིག་ལྷག་ལས་འགྲོ་ཡི་མེད་ལ། ང་རང་དང་འཕྲད་པའི་མི་རྣམས། ནང་མི་དང་ཉེ་འབྲེལ། མོ་རང་གི་གྲོགས་པོ་དང་གྲོགས་མོ་ཁ་ཤས་ཤིག་ཡིན་སྟབས། ང་རང་ལ་ཚོར་བ་སྐྱེན་་པོ་དེ་འདྲ་གང་ཡང་མི་འདུག་ལ། རང་གི་ནང་དུ་འབྱོར་བ་ལྟ་བུའི་ཚོར་བ་འདུག གཅིག་བྱས་ན་ང་རང་ཕྱི་ལོག་གི་མི་དང་ཐུག་འཕྲད་མ་བྱས་སྟབས་ཡིན་སྲིད་པ་རེད། གལ་ཏེ། ང་རང་ག་དུས་ནས་ཕྱི་ལོག་གི་མི་གསར་བ་དང་འགྲོག་འགོ་བཙུགས་དུས་སུ། མི་གསར་བ་དང་སྐད་ཡིག་གསར་བ། གོམ་གཤིས་གསར་བ་དེ་དག་གི་རྐྱེན་པའི་ང་རང་ལ་དཀའ་ངལ་དང་ཚོར་བ་མི་འདྲ་བ་རེ་ཏན་ཏན་ཡོང་སྲིད་པ་རེད་ཅེས་བཤད་པ་ཡིན། ༢༦།༩།༠༨

ཁ་སང་ཕྱི་དྲོ་གངས་མཚོ་ངེད་གཉིས་རྗོ་སུ་ལམ་ནས་ལམ་དུ་བུད། ཁོ་མོའི་གྲོགས་དང་གྲོགས་མོ་མི་ཉུང་བ་ཞིག་རྒྱལ་ཁབ་འདིའི་འཐུང་ཆུ་ཡི་འབྱུང་ཁུངས། མཚོ་ཞིག་ཡོད་པ་དེ་ཡི་མིང་ལ་ཁས་ན་ཝེས་ཀྲི་ཟེར་གྱི་ཡོད་ལ། མཚོ་དེ་ལ་ཚ་མེད་དུས། རྒྱལ་ཁབ་འདིའི་མི་དམངས་ཀྱི་འཐུང་ཆུ་ཡིན། ལྷག་པར་དུ་མཚོ་མཐའ་དེ་རུ་སྤྲོ་སྐྱིད་གཏོང་མཁན་གྱི་མི་ཡང་མི་ཉུང་བ་ཞིག་ཡོད་ལ། ཆེད་དུ་སྐུ་མགྲོན་དག་གི་ཆེད་དུ་བཟོས་པའི་མགྲོན་ཁང་དང་ཟ་ཁང་ཡང་ཆེས་མི་ཉུང་བ་འདུག ད་དུང་། འགྲམ་དེར་གྲོང་ཁྱེར་ཞིག་ཡོད་ལ། དེ་ཡི་མིང་ཀྲེ་སྤས་རས་ཡ་ཟེར་གྱི་ཡོད། ངེད་གཉིས་ཁས་ན་ཝེས་ཀྲི་ལ་ཐོན་དུས། ཁོ་མོའི་གྲོགས་དང་གྲོགས་མོ་དག་གིས་ངེད་གཉིས་ལ་སྒུག་ནས་འདུག

ངེད་གཉིས་དེར་སླེབས་དུས་མཚན་མོའི་ཆུ་ཚོད་དགུ་དང་ཕྱེད་རེད། ཁོང་ཚོས་ང་རང་སླེབས་ནས་དགོང་ཟས་བཟོ་རྒྱུར་སྒུག་འདུག ངས་ངེད་གཉིས་ཀྱི་ཅ་ལག་དེ་དག་གུར་ཕུབ་པའི་འགྲམ་དུ་བཞག་མ་ཐག ལག་པ་ཞིག་དཀྲུས། རང་ཉིད་ཀྱིས་འཁུར་ནས་འོང་བའི་མོག་མོག་བཟོ་སྣོད་ཕྱི་ལ་བཏོན། མོག་མོག་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་བཟོས་ཚར་བ་དང་། བུད་མེད་བཞི་དང་ཕོ་གསར་བདུན། ང་ཚོ་ལྷན་དུ་མཚོ་འགྲམ་དེ་ནས་དགོང་ཟས་ལ་རོལ་འགོ་བཙུགས།

ཁོང་ཚོས་ཁྲོད་ཀྱི་བུད་མེད་གཅིག་ཤ་མེད་ཟ་མཁན་རེད། དེ་མིན་ཚང་མའི་ཤ་བསྲེག་མ་དང་མོག་མོག གྲང་ཚལ་ཟས་སྣ་གང་ཙམ་འཛོམས་པོ་འདུག་ལ། ཚང་མའི་ཁ་གཅིག་གྲགས་ཀྱིས་ངས་བཟོས་པའི་མོག་མོག་ལ་བསྟོད་པ་བྱས། སྤི་རག་དང་ཨ་རག སིལ་ཁུ་གྲང་མོ། འཐུང་བའི་རིགས་ཀྱང་གང་ཙམ་འཛོམས་པོ་རེད། མཚན་མོ་འདིར་ངས་མཐོང་ཐུབ་པ་ནི་ཡོད་ཚད་བཀག་རྒྱ་ལས་གྲོལ་བའི་འཚོ་བ་སྐྱེ་ལུགས་ཤིག་རེད། ཐ་མག་ནག་པོ་འཐེན་མཁན་གྱང་ཡོད་ལ། ཨ་རག་འཐུང་མཁན་དང་སྤི་རག་འཐུང་མཁན་ནི་བཤད་མ་དགོས་པ་རེད། གྱོན་པ་གྱོན་ལུགས་དེ་ཡང་སྐྱེ་བ་ཚོ། དོར་ཐུང་ལས་མེད་ལ། བུད་མེད་ཚོར་ནུ་ཁེབས་ལག་འཐིལ་ཙམ་དང་དོར་ཐུང་བྱིས་པ་ཞིག་གི་ལག་ངར་ཙམ་ལས་མེད། འདི་ལྟར་དེང་དུས་ན་གཞོན་གྱི་མི་ཚེ་ཞིག་ལ་འཛོམས་དགོས་པ་དེ་དག་ཡོངས་སུ་འཛོམས་དུས་ཀྱི་མཚན་མོ་འདི་ལ། ང་རང་ལ་དཀའ་ངལ་ཞིག་ཡོད་པ་ནི་སྐད་ཆ་མི་གོ་བ་དེ་ཡིན། ངས་ཁོང་ཚོ་ལ་སྐད་ཆ་བཤད་འདོད་ཡོད་དུས་སུ་དབྱིན་སྐད་ཀྱི་སྟེང་ནས་བྱེད་ཆོག་གི་ཡོད། འོན་ཀྱང་། ཚང་མ་རང་རང་གི་ས་ན་ཁ་གནམ་དུ་གཏད་ནས་ཐ་མག་འཐེན་པ་དང་ཨ་རག་འཐུང་བ། འཚིག་ཇ་འཐུང་བ། སུལ་ཁུལ་འཐུང་བ། རང་རང་གི་ཁམས་དང་མོས་པ་གང་ལ་ཡོད་པ་དེ་ལྟར་རེད་འདུག

ང་རང་ཟུར་ཞིག་དུ་ཁ་རོག་གེར་ཐ་མག་ཞིག་འཐེན་ཞོར་རྐུབ་སྟེགས་རིང་མོ་ཞིག་གི་སྟེང་དུ་ཁ་གན་རྐྱལ་དུ་ལོག་ནས། གནམ་མཁའི་དབྱིངས་སུ་བཀྲ་ལྷམ་མེར་ཡོད་པའི་སྐར་ཚོགས་ལ་བལྟ་ཞོར་བསམ་གཞིགས་ཀྱི་འཇིག་རྟེན་དུ་ཆས། ང་རང་སྐད་ཡིག་མི་གཅིག རྒྱལ་ཁབ་མི་གཅིག་པའི་ཡུལ་འདིར་ཅིའི་ཕྱིར་ཡོང་བ་རེད། འདི་ལྟར་མི་ཚེ་གསར་བ་ནས་སྐད་ཡིག་གསར་བ། རྒྱལ་ཁབ་གསར་བའི་ནང་གི་མི་དང་འགྲོག་འདྲིས་ཅི་ཙམ་རིང་བྱེད་དགོས། ཟླ་བ་ནས་ལོ། ལོ་ནས་ལོ་མཐུད། ག་ཚོད་ཅིག་གི་རྗེས་སུ། ང་རང་ཅི་འདྲ་ཞིག་དུ་འགྱུར་ངེས་ཡིན། ངས་ཅི་ཞིག་འགྲུབ་ངེས་ཡིན།

མཚོ་འགྲམ་འདི་ནས་སྤྲོ་སྐྱིད་གཏོང་བ་ལ་རིན་པ་སྤྲོད་དགོས་ཀྱི་ཡོད། ཆུ་ཚོད་ཞེ་བརྒྱད་རིང་གི་རིན་དུ་ཨ་སྒོར་ལྔ་བཅུ་ང་ལྔ་རེད་འདུག སྐབས་དེར་ངས་སྒོར་མོ་དེ་དག་ཧིན་སྒོར་ལ་བསམ་བློ་ཞིག་བཏང་དུས། ཕལ་ཆེར་ང་་རང་རྒྱ་གར་རྡ་རམ་ས་ལ། མེག་ལོར་རྒན་རྗེའི་དག་ཞིང་ཟ་ཁང་ནང་གི་ཟླ་ངོ་གཉིས་རིང་གི་གླ་ཆེ་རེད་འདུག འཚོ་བ་བསྐྱེལ་སྟངས་དང་སྒོར་མོའི་རིན་ཐང་མི་འདྲ་བའི་དབང་གིས་ང་རང་གི་ལས་པོ་འདི་ལ་ལྷུང་བ་ཡིན་ནམ་ཅི།

འདི་ལྟར་འགྲོ་བ་མིའི་བཟོས་པའི་ལམ་ཕྲན་ཆ་མི་སྙོམས་པ་འདི་བརྒྱུད་དེ་མི་རང་རང་གི་ནུས་པ་ལ་བརྟེན་ནས་འཇིག་རྟེན་འདིའི་སྟེང་གི་འཚོ་བ་འདི་ལ་རྒྱུས་ལོན་དང་གོམ་འདྲིས་མི་བྱེད་པའི་རང་དབང་དེ་མི་སུ་ལ་ཡང་མེད་སྟབས། ང་རང་གིས་ཀྱང་འགྲོ་བ་མིའི་བསྐྲུན་པའི་འཚོ་བ་གསར་བ་འདི་ལ་རྒྱུས་ལོན་དང་བསམ་ཤེས། དང་ལེན་དང་བཟོད་བསྲན་བྱས་དེ་གོམ་གཤིས་ལ་འཇགས་དུ་འཇུག་པར་འབད་དགོས་པ་ལོས་ཡིན། སྐད་ཡིག་དང་གོམ་གཤིས་ལ་ཐུན་མོང་མ་ཡིན་པའི་བསམ་བློའི་སྟོབས་ཤུགས་ཡོད་པ་ཡིན་དུས། ང་རང་ཡང་བོད་ཀྱི་སྐད་དང་ཡི་གེ་ཁྲོད་ནས་འཚར་བ་རེད། ༢༩།༩།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese