མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་ཇོའུ་མི་རིགས་ཀྱི་ལོ་སར་ཉིན་མོ་རེད་འདུག གངས་མཚོའི་ཨ་མ་ངེད་གསུམ་གྱིས་ཞོགས་པ་ནས་བྲེལ་འཚབ་ངང་དུ་ཡོད། ངས་ཁོ་མོ་ལ་རོགས་བྱས་དེ་མོ་རང་གི་སྤུན་མཆེད་དག་གི་བྱིས་པ་ཚོ་ལ་ལོ་སར་བའི་ལག་རྟགས་གྲྭ་སྒྲིག་བྱས། ཉིན་རྒྱབ་དུ་ང་རང་གིས་ཐབ་ཚང་ནང་གི་ལས་སུ་ཞུགས། ངས་བོད་ཟས་གྲགས་ཅན། ཤ་མོག་མོག ཤ་མེད་མོག་མོག་གཉིས་མི་འདྲ་བའི་བཟོ་དབྱིབས་ཀྱིས་བཟོས། གངས་མཚོའི་མ་རྒན་གྱིས་ཤ་བཙོས་པ་དང་། མོ་རང་གི་སྒོང་སྤོར་བཟོས། ད་དུང་མོ་རང་གི་མ་རྒན་གྱིས་བྱ་ཁུ་ཞིག་ཀྱང་བསྐོལ། གངས་མཚོའི་ཕུ་བོའི་རྒན་མོས་ཀྱང་བྱ་ཤ་བསྲེག་པ་དང་ཤིང་ཏོག་གི་མངར་ཟས་ཤིག་བཟོས་སོང་།

ངས་བོད་ཀྱི་ཁ་ཟས་ཤིག་གསར་གཏོད་བྱས་པ་ཡིན། དེ་ནི་ཤིང་ཏོག་སྐམ་པོའི་རིགས་ཀྱི་སྒོང་སྤོར་ཞིག་བཟོས་པ་དེ་ཡིན། ངས་བཟོས་པའི་ཤིང་ཏོག་སྐམ་པོའི་སྒོང་སྤོར་དེ་ལ་ཚང་མ་ཧ་ལས་པ་དང་ཞིམ་པོ་འདུག་ཟེར་བཤད་སོང་། དེ་ནི་གཅིག་བྱས་ན་ང་ལ་རང་གསར་དུ་སླེབས་པའི་མི་ཞིག་ལ་ཁ་ཡག་བཤད་པ་ཡིན་ཤས་ཆེ་ཡང་། རང་ཉིད་ལ་མཚོན་ན་གསར་དུ་བཟོས་པའི་ཤིང་ཏོག་སྐམ་པོའི་སྒོང་སྤོར་དེ་ཞིམ་པོ་བྱུང་། ཧ་ཅང་གྲྭ་རྒྱས་ཤིང་ཡིད་ཚིམས་པའི་ལོ་སར་བའི་དགོང་ཟས་དེ་རོལ་རྗེས་སུ་ཚང་མ་རང་རང་གི་ཁྱིམ་དུ་ལོག་འགོ་བརྩམས།

ང་དང་མོ་རང་གི་ཨ་ཅེ་ཀ་རན་གཉིས་ཀྱིས་གློག་དཀྲུས་སྒམ་གྱི་ནང་དུ་དཀར་ཡོལ་དང་ཤེལ་ཕོར། གང་གཤོང་ཚད་ཅིག་བླུགས་རྗེས་ལྷག་འཕྲོ་དག་དཀྲུ་བའི་ལས་སུ་ཞུགས་པ་ཡིན། སྟབས་མ་ལེགས་པར་གློག་དཀྲུས་སྒམ་གྱི་ཨང་གྲངས་སྣོན་སྟངས་ནོར་ནས་ལས་ཀ་བྱས་མ་སོང་། ཚང་མ་ཕྱི་རུ་བཏོན་ནས་ལག་པས་མི་དཀྲུ་ཐབས་མེད་ཆགས།

གངས་མཚོ་མོ་རང་གིས་མ་རྒན་གྱི་ཁང་བའི་ནང་ལོག་གི་ཁང་མིག་ཁ་ཤས་ཤིག་གཙང་མ་བཟོས་དེ་འདང་ནུབ་འཕྱི་བོ་ལུས་སྟབས། མོ་རང་ཐང་ཆད་ནས་རྐུབས་སྟེགས་རིང་བོ་དེ་ཡི་སྟེང་ནས་གཉིད་དུ་ཤོར་སོང་། མོ་རང་གི་མ་རྒན་གྱིས་ཅོག་རྩེ་སྒང་གི་སྣོད་ཆས་གང་ལུས་ཡོད་པ་དེ་དག་བསྡུ་གསོག་བརྒྱབས་སོང་། ངས་ཆུ་ཚོད་གཅིག་ལྷག་གི་རྗེས་སུ་སྣོད་ཆས་ཡོད་ཚད་གཙང་མ་དཀྲུས་ཚར་སྟབས། རང་ཉིད་ཉལ་ཁང་དུ་འགྲོ་ཞོར་གངས་མཚོའི་མ་རྒན་ལ་རྗོ་ཤུ་སྐད་ཀྱི་སྟེང་ནས་ཨ་མ་ལགས། གཟིམ་ཤག་གནོངས་ཞེས་བཤད་དེ་རང་ཉིད་ཐོག་ཁང་གི་སྐེས་འཛེགས་སྟེང་དུ་བུད།

དེ་རིང་གི་ཇོའུ་མི་རིགས་ཀྱི་ལོ་སར་འདི་ལ་གངས་མཚོའི་ཕ་རྒན་མ་གཏོགས་ནང་མི་ཚང་མ་འཛོམས་ཡོད། ལོ་ན་གྱ་བཅུ་གྱ་ལྔ་ལ་སོན་པའི་གངས་མཚོའི་ཨ་མ་རྒན་མོ། གངས་མཚོའི་ཕུ་བོ་བཟའ་མི་གཉིས་དང་བྱིས་པ་གསུམ། ཨ་ཅེ་ཚང་གི་བཟའ་མི་གསུམ། ང་དང་གངས་མཚོའི་ཨ་མ་བཅས་ཁྱོན་སྡོམ་མི་བཅུ་གཉིས་འཛོམ་དུས་སུ། བོད་ནང་གི་རང་ཉིད་ཀྱི་ནང་མི་ཡི་གྲངས་ཀ་དང་གཅིག་པ་ཆགས་སོང་། གང་ལྟར། ཐག་རིང་ཐུང་དང་སྐད་ཆ་བཤད་སྟངས། གོམ་གཤིས་དང་བརྩི་བཀུར་སོགས་གཅིག་པ་ག་ལ་ཡིན། གྲངས་ཀ་འདིའི་རང་ཉིད་ལ་བོད་ནང་དུ་ནང་མི་ལྷན་འཛོམ་ཞིག་བྱེད་པ་ལ་ཞུགས་མ་ཐུབ་པར་མི་ལོ་མང་བོ་སོང་ཚར་བའི་སྐྱོ་བ་དེ་དྲན་དུ་བཅུགས།

ངའི་ཕ་ཡུལ་གྱི་ཕ་མ་དང་སྤུན་མཆེད་དག་ལ་དེང་རབས་ཀྱི་ཤེས་ཡོན་དང་དེང་རབས་ཀྱི་དཔལ་འབྱོར་གྱི་མཐུན་རྐྱེན་འདི་འདྲའི་འཛོམས་པོ་ཞིག་གཏན་ནས་མེད་མོད། འོན་ཀྱང་། ཆེ་བཀུར་ཆུང་བྱམས་ཀྱི་གོམ་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད། འདིར་ཕན་ཚུན་ལ་ཆེ་བཀུང་ཆུང་བྱམས་ཀྱི་བརྩི་བཀུར་མི་འདུག་ལ། རང་རང་གི་གང་བྱེད་འདོད་པ་དེ་དག་ལ་ཕ་མ་ཚོར་བཀའ་འདྲི་ཡང་ཞུ་དགོས་ཀྱི་མི་འདུག འདི་ལྟར། ཁོང་ཚོས་རང་རང་གི་ས་མཚམས་སྲུང་དེ་དཔལ་འབྱོར་གྱི་བྲན་གཡོག་ལ་གོམ་གཤིས་ཆགས་གྲབས་འདུག་གྱང་། ང་རང་འདུག་སའི་ཁྱིམ་ཚང་འདིའི་ནང་གི་ང་རང་གི་མཛའ་མོ་གངས་མཚོ་ལ་ཐུན་མོང་མ་ཡིན་པའི་གོམ་གཤིས་ཤིག་འདུག ཁོ་མོ་ང་རང་གི་དགའ་རོགས་ཡིན་སྟབས། རང་གིས་ཕྱོགས་སུ་འཐེན་པ་མིན། ཁོ་མོ་ནི་གཙང་གྲྭ་བྱེད་པར་དགའ་ཞིང་ཉེ་འབྲེལ་ཚོ་ལ་མཐུན་འབྲེལ་དམ་པོ་ཡོད་པ་དང་། བསམ་ཤེས་ཀྱང་མང་བོ་ཞིག་བྱེད་ཐུབ་ཀྱི་འདུག ཡིན་ཡང་། ཁོ་མོའི་བསམ་བློའི་གཏོང་སྟངས་ཁ་ཤས་ཤིག་ད་དུང་མ་རྒན་ཞིག་གི་བང་དུ་ཡོད་པའི་བྱིས་པ་གཅིག་དང་འདྲ་བོ་ཡོད་པ་དང་བྱིས་པ་ཞིག་གི་སེམས་ཁམས་དང་ཐག་ཉེ་བོ་འདུག ༢།༡༠།༠༨

གནམ་འོག་གི་འཚོ་བ་བསྐྱེལ་ལུགས་སོ་སོ་དང་སྐད་ཡིག་བེད་སྤྱོད་བྱེད་སྟངས་ཀྱང་དེ་མཚུངས་ཀྱི་མིའི་རིགས་ཀྱི་གནས་བབས་དང་ནུས་པ་ལ་ཡང་མི་འདྲ་བའི་ཆ་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། ཡིན་ཡང་། རྒྱལ་ཁབ་ཤོར་བའི་མི་བུ་ང་ལྟ་བུ་ཞིག་གཞན་ཡུལ་དུ་འབོད་པའི་རྒྱལ་ཁབ་དུ་འཚོ་བ་རོལ་ཆོག་མིན་དེ་ཡང་། རང་ཉིད་ལ་དབང་ཚད་ཅི་ཡང་མེད་སྟབས། གནས་ཡུལ་རྒྱལ་ཁབ་འདིའི་ཆོག་མཆན་མེད་པར་བསྡོད་ཐབས་མེད། དེ་རིང་ནས་བརྩིས་པའི་ཉིན་མ་ཁ་ཤས་ཤིག་གི་རྗེས་སུ་ང་རང་གིས་རྒྱལ་ཁབ་འདིར་བསྡད་ཆོག་མིན་གྱི་ཆོག་མཆན་ཞུ་རུ་འགྲོ་དགོས་པ་ཡིན། ཆོག་མཆན་རེག་སོང་བ་ཡིན་ན། གཞི་ནས་རྒྱལ་ཁབ་འདི་ནས་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཡང་ཞུ་དགོས། ཆོག་མཆན་དེ་གཉིས་ཀ་རེག་པ་ཡིན་ན། ད་གཟོད་ངས་རྒྱལ་ཁབ་འདི་ནས་རང་ཉིད་ཀྱི་ལས་ཀ་གང་ཞིག་ལ་ནུས་པ་འདོན་ཐུབ་པ་དེ་ཡི་ཕྱོགས་ཀྱི་ལས་ཀ་འཚོལ་དགོས་པ་དེ་ཡིན།

མཐའ་མཇུག་རྒྱལ་ཁབ་འདིར་བསྡོད་ཅི་ཙམ་ཐུབ་མིན་གྱི་གྲུབ་འབྲས་ཀྱང་ད་ལྟའི་འཆར་གླེང་ཐུབ་པ་ཞིག་གཏན་ནས་མིན། ༣།༡༠།༠༨

འདང་ནུབ་ང་རང་ལ་འདི་ཁུལ་དུ་ཡོད་པའི་བོད་ཨ་མདོ་རྨ་ཆུ་ནས་ཡིན་པའི་བོད་པ་ཞིག་གི་ཁ་པར་ཨང་གྲངས་རེག་པ་དེ་ཡི་སྟེང་ནས་ཁ་པར་བཏང་ནས་རང་ཉིད་ཁོ་ལ་ཐུག་འཕྲད་བྱེད་དུ་ཡོང་འདོད་ཡོད་རབས་ཞུས་པ་ཡིན། ཁོས་ཀྱང་དགའ་སྣང་དང་བཅས་གྲོགས་པོ་ཁྱེད་རང་གང་གི་ཡིན། ངས་ངོ་ཤེས་སམ་སོགས་དྲིས། ངས་ཁོ་རང་རྡ་ས་ནས་ངོ་ཤེས་ཀྱི་ཡོད་པ་ཞིག་ཡིན། འོན་ཀྱང་། ཁོང་ལ་ངེད་གཉིས་ཕན་ཚུན་ཤེས་མིན་གྱི་སྐོར་མ་བཤད་པར། ང་རང་དེར་སླེབས་ན་ད་གཟོད་ཤེས་ངེས་རེད་ཅེས་བཤད་དུས། དམྱལ་བ་བོ། ད་ཤོད་ལ་གཏོང་ཟེར།

ཁ་པར་གྱི་ལམ་ནས་ཁོ་རང་གང་དུ་བསྡོད་ཀྱི་ཡོད་མེད་སོགས་ངའི་མཛའ་མོས་ཁོ་རང་གི་རྒན་མོ་ལ་ཁ་པར་གྱི་ལམ་ནས་གསལ་བོ་དག་པོ་བཟོས། ང་ཚོས་དུས་ཚོད་བཟོས་པ་ལྟར། ངེད་གཉིས་ཉིན་རྒྱབ་དུ་གངས་མཚོའི་རླངས་འཁོར་རྙིང་ཀོག་དེ་བཏང་ནས་རྗོ་སུ་ལམ་ནས་ཀྲེ་ལ་བེས། ཝ་མར་རྒན་ས་གནས་ཀྱི་ཕྱོགས་སུ་ཡོད་པའི་བོད་རིགས་གྲོགས་པོ་བཟའ་མི་དེ་ལ་ཐུག་འཕྲད་དུ་བསྐྱོད། ངེད་གཉིས་དེར་སླེབས་དུས་ཁོ་བོས་ང་རང་མཐོང་མ་ཐག ངས་ཚོད་དཔག་བྱས་པ་ནོར་མི་འདུག་ཟེར་ཞོར་ལྷད་མེད་དྭངས་གཙང་གི་འཛུམས་མདངས་ཀྱིས་གངས་མཚོ་ངེད་གཉིས་ཁོང་བཟའ་མི་གསུམ་གྱི་ནང་དུ་བསུས་སོང་།

ཉིན་གོང་གི་ཟ་མ་ང་ཚོའི་ལྷན་དུ་དེ་ནས་ཟས་པ་དང་། ངེད་གཉིས་ཁོང་ཚང་གི་ཁང་བའི་འགྲམ་གྱི་ལྡུམ་རྭ་ཆུང་ཆུང་དེ་ནས་ཁ་བརྡ་འདྲ་མིན་སྣ་ཚོགས་ཤིག་བྱས་ནས་བསྡད་ཡོད་པའི་སྐབས་དེར། བོད་རིགས་ཕོ་གསར་གཞན་ཞིག་སླེབས་སོང་། ཁོང་གི་མིང་ལ་རྡོར་རྒྱལ་ཟེར་བ་དང་། ཕ་ཡུལ་ཨ་མདོ་མཚོ་སྔོན་མང་ར་ནས་རེད་འདུག རྡོར་རྒྱལ་གྱིས་ངའི་སྤུན་མཆེད་བཀྲིས་དོན་འགྲུབ་ངོ་ཤེས་ཀྱི་འདུག་ལ། ཁོ་རང་གིས་དེ་ཡི་སྐོར་སོགས་ནས་མཆེད་པའི་རྒྱ་གར་གྱི་གནས་ཚུལ་མི་ཉུང་བ་ཞིག་དྲིས་པ་དང་ང་ཚོས་ཁ་བརྡ་མུ་མཐུད་དུ་ཁ་བརྡ་བྱས་པ་ཡིན། རྡོར་རྒྱལ་སླེབས་ནས་ལོ་གཅིག་ཙམ་རེད་འདུག བློ་དོན་ཁོ་རང་སླེབས་ནས་ལོ་ངོ་གསུམ་སོང་འདུག

འདང་དགོང་ང་རང་ལ་ཁ་པར་ཨང་གྲངས་སྤྲོད་མཁན་གྱི་བུ་ཆུང་ལགས་ནི་འདིར་སླེབས་ནས་ལོ་ངོ་གཉིས་སོང་འདུག ཁྱོན་སྡོམ་རྒྱལ་ཁབ་འདིར་ང་དང་བཅས་པའི་བོད་པ་བརྒྱད། རྒྱལ་ཁབ་འདིའི་བུད་མེད་ཚོ་དང་ལྷན་དུ་རྒྱལ་ཁབ་འདིར་ཡོང་བ་ཤ་སྟག་རེད་འདུག དེ་ཡི་ནང་གི་ལྔ་བོད་ནས་རྒྱ་གར་དང་རྒྱ་གར་ནས་འདིར་ཡོང་བ་རེད་འདུག གཞན་གསུམ་དེ་ནི་རྒྱ་གར་གཞིས་ཆགས་ཁག་ནས་འཚར་ལོངས་བྱུང་བའི་བོད་མི་རེད། གང་ལྟར། ཁ་སང་དེ་རིང་གཉིས་ལ་ང་རང་བོད་པ་གསུམ་དང་ཐུག་འཕྲད་བྱུང་བའི་ནང་གི་དེ་རིང་གི་བློ་དོན་དང་རྡོར་རྒྱལ་གཉིས་ནི་ཨ་མདོ་ཡིན་དུས། ང་ཚོས་ཕན་ཚུན་ལ་སྐད་ཀྱི་གོ་བརྡ་མི་གཤོང་བའི་དཀའ་ངལ་མེད་པར་དངོས་ནས་གྲོགས་པོ་རྙིང་བ་ཞིག་དང་འཕྲད་པ་ལྟ་བུ་བྱུང་།

ཕྱི་དྲོ་གངས་མཚོ་ངེད་གཉིས་ཁོང་ཚོ་དང་ཁ་གྱེས་དེ་གངས་མཚོའི་ཚ་མོ་རྒ་ལས་ཡ་ཡི་ནང་དུ་སོང་། ཁོ་མོ་ནི་ང་རང་རྒྱལ་ཁབ་འདིར་སླེབས་དུས་ཐོག་མར་གནམ་ཐང་དུ་བསུ་བ་བྱེད་དུ་ཡོང་མཁན་གྱི་མི་གཅིག་བྱུང་མྱོང་བ་དེ་ཡིན། ཁོ་མོ་དང་འཕྲད་སྐབས་སྣང་བ་སྤྲོ་བོ་ཡོད་པའི་ངང་ཚུལ་རྟག་དུ་སྟོན་བཞིན་ཡོད། ང་རང་ཡང་ཁོ་མོ་དང་འཕྲད་ཐེངས་རེར་གྲོགས་པོ་རྙིང་བ་ཞིག་གི་འདུ་ཤེས་སྐྱེ་ཡི་འདུག

གངས་མཚོ་དང་རྒ་ལས་ཡ་ཡི་ཕུ་བོ། ངེད་མཚོ་མི་བཞི་ཀྲེ་ལེས་བས་ན་སྐད་གྲགས་ཆེ་བའི་ཉི་ཧོང་གི་ཟ་ཁང་ཞིག་དུ་སོང་། ཟ་ཁང་དེ་ནས་ཉི་ཧོང་གི་ཟ་མ་སྐད་གྲགས་ཡོད་པ། སོས་ཤས་ཟེར་བའི་འབྲས་སྐྱུར་མོའི་ལྷན་དུ་གཤེར་ཁུ་ཁ་ཚོ་བོ་ཡོད་པ་ཞིག་ཟས། ཟ་ཁང་དེ་ཡི་ནང་དུ་སྐུ་མགྲོན་ནི་འཚང་ཁ་ཤིག་ཤིག་གིས་ཡོང་གི་འདུག གང་ལྟར། སྐད་གྲགས་ཆེ་བའི་ཉི་ཧོང་གི་ཟ་མ་ཟོས་རྗེས་སུ། ང་རང་ལ་ཚོར་སྣང་ཞིག་བྱུང་བ་ནི། ཉི་ཧོང་གི་ཟ་མ་བཟོ་ལུགས་དེ་ནི་འཕྲོད་བརྟེན་ཅན་ཞིག་ཡིན་པ་ལྟ་བུ་མཐོང་སོང་། ༥།༩།༠༨

ཞོགས་པ་སྔ་བོ་ནས་ཡར་བླངས་དེ་ང་རང་གི་ཟླ་གཅིག་གི་དུས་ཡིན་རྫོགས་གྲབས་ཡོད་དུས། ཐོངས་ཆེན་ཞུ་སའི་ལས་ཁུངས་ལྟེ་བ་དེ་རུ་བཅར། ལས་ཁུངས་ལྟེ་བ་ཡོད་ས་ནི་རྗོ་སུ་ལམ། ཨེས་སུ་རལ་གྱི་རྒྱལ་ས་ན་ཡོད། ལས་ཁུངས་ཨ་མ་ནས་སླར་ཡང་ལབ་རྙོག་གང་ཡང་མེད་པར་ཟླ་ངོ་གསུམ་གྱི་འགྲིམ་འགྲུལ་ཐོངས་ཆེན་དེ་སྤྲད་སོང་། ཡང་བསྐྱར་རྒྱལ་ཁབ་འདིར་བསྡོད་ཆོག་པའི་ཆོག་མཆན་ཟླ་ངོ་གསུམ་ལ་ཐོབ་ཡོད་ཀྱང་། ལས་ཀ་བྱེད་ཆོག་པའི་ཆོག་མཆན་རེག་མེད། གང་ལྟར། གང་ཡང་མ་རེག་པ་ལས་རེག་པ་དེར་དངོས་ནས་གངས་མཚོ་མོ་རང་སེམས་གཏིང་ནས་དགའ་འདུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese