མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཀྱི་གུང་གསེང་དུ་གཉིད་སྐྱིད་པོ་ཞིག་ཁུགས་ནས་བསྡད་ཡོད་ཁུལ་ཡིན་མོད། ཆུ་ཚོད་བཅུ་བ་ཡོལ་ནས་ཡར་བླངས་དུས། སྐེ་འགུལ་ལྕོགས་ཕྱོགས་གཅིག་མ་གཏོགས་རྒྱགས་མི་ཐུབ་པ་ཞིག་ཆགས་འདུག དེ་དུས་འོག་ཁང་དུ་ཡོང་ནས་མཛའ་མོ་ལ་དེ་ཡི་སྐོར་བཤད་པ་ན། ཁོ་མོ་ཧང་སངས་ཞོར་དུ། སྨན་ཁང་དུ་སོང་ན་ཟེར། ངས་དགོས་པ་མ་རེད། མྱེལ་འགོ་མ་བདེ་བ་འདྲ། ཕྱི་དྲོ་བར་དུ་ཕལ་ཆེར་དྲགས་བསྐྱེད་ཡོང་ངེས་སྙམ། ཁྱེད་རང་ཁྲོམ་དུ་འགྲོ་དགོས་ན་སོང་། ཕྱི་དྲོ་ང་ཚོ་ཁྱེད་རང་གི་ཨ་ཅེ་ཡི་ནང་དུ་ཁྱེད་རང་གི་སྐྱེ་སྐར་གྱི་ཆེད་དུ་འཛོམས་དགོས་ཀྱི་ཡོད་པ་མ་ཡིན་ནམ། ཁྱེད་རང་ཁྲོམ་དུ་སོང་ནས་དེ་ཡི་ཆེད་དུ་ཉོ་དགོས་པ་འདྲ་ཡོད་ན་ཉོས་ནས་ཤོག་ཞེས་བཤད་དུས། ཁོ་མོས་ཀྱང་ཉོ་དགོས་པ་ཁ་ཤས་ཤིག་ཡོད་ཟེར་ནས་བུ་མོ་ཁྲིད། རྒྱབ་ཁུགས་འཁུར། གྲོད་ཁོག་ཆེན་པོ་སྔུན་དུ་འདྲུད་ནས། སྐེས་འཛེགས་སྟེང་ནས་མར་བབས་ནས་འགྲོ་བ་དེར་བལྟ་བའི་ཚེ་ན། དངོས་ནས་སེམས་གཏིང་ནས་སྙིང་རྗེ་ནི་ཞིག་རེད། གྲོད་ཁོག་དེ་འདྲའི་ཆེན་པོ་ཞིག་ཡོད་ཀྱང་། ད་དུང་། ལོ་ན་གཉིས་ལ་སོན་མ་ཐག་པའི་བུ་མོ་ཐར་མ་མཚོ་ཁྲིད་ནས་འགྲོ་དགོས་པ་དང་། རྒྱབ་ཁུགས་ཀྱང་འཁུར་ནས་འགྲོ་དགོས་དུས། ངས་རོགས་ཤིག་བྱེད་དགོས་ངེས་ཡིན་མོད། ང་རང་གིས་ངལ་ཞིག་མི་གསོ་ཐབས་མེད་ཆགས་ནས་ཡོད།

ཕྱི་དྲོ་མོ་རང་གི་བཟོས་པའི་ཀ་ར་གོ་རེ་དང་སྒོར་སྤོར་བསྡུ་གསོག་བརྒྱབས་ནས་ངེད་གསུམ་རྗོ་སུ་ལམ་ནས་མོ་རང་གི་ཨ་ཅེ་ཡི་ནང་དུ་ལམ་ལ་བུད། ལམ་གྱི་རིང་ཐུང་ནི་རླངས་འཁོར་ནང་དུ་ཆུ་ཚོད་གཅིག་ཙམ་འགྲོ་དགོས་ཀྱི་ཡོད། ངེད་གསུམ་དེར་སླེབས་དུས། ངེད་གསུམ་ནང་མི་ལྷན་འཛོམས་ཁྲོད་ཀྱི་གཞུག་མ་དེ་ཆགས་འདུག ཨོ་རེད། ནང་མི་ལྷན་འཛོམས་ཟེར་ནཡང་། མོ་རང་གི་ཕ་རྒན་ནི་ལྷན་འཛོམས་འདི་འདྲ་ཆེས་མང་བོ་ཞིག་ལ་ཡོང་ཐུབ་ཀྱི་མེད། ཡོང་འདོད་མེད་པས་མིན། མོ་རང་གི་ཕུ་བོའི་རྒན་མོ་དང་ལྷན་དུ་ཁ་བསྲེ་མེད་པར་ལོ་ངོ་ཁ་ཤས་ཤིག་སོང་ཡོད་པ་རེད། རྒྱུ་མཚན་དངོས་ནས་དེ་བཤད་མི་ཤེས་ཀྱང་། ཕར་བལྟས་ཚོད་ཀྱི་ཕུ་བོའི་རྒན་མོ་ནི། རང་གཤིས་ཚ་དྲགས་པའི་རིགས་ཀྱི་བུད་མེད་ཅིག་དང་། གཞན་ལ་ཕར་དང་བོ་བྱས་ནས་བརྩི་བཀུར་དང་མཐོང་ཆེན་བྱེད་པ་ལས། གཞན་གྱིས་རང་ཉིད་ཚུར་ཐོག་མར་གུས་བཀུར་དང་ངོ་བསྟོད་བྱེད་པར་སྒུག་ནས་བསྡོད་མཁན་གྱི་གྲངས་ཀྱི་བུད་མེད་ཅིག་ཡིན་དུས། ཁོ་མོ་ལ་ཐད་ཀར་སྐད་ཆ་བཤད་འཕོད་མཁན་གྱི་མི་དེ་ཡི་རིགས་ནི་ཁོ་མོ་དང་ག་ལེར་ཁ་བསྲེ་མེད་པར་འགྲོ་མཁན་གྱི་གྲངས་ཤིག་ཡིན་ཟེར་ན་འགྲིག་གི་ཡོད།

མོ་རང་གི་ཕུ་བོ་བཟའ་མི་གཉིས་ལ་བྱིས་པ་གསུམ་ཡོད་པའི་ནང་གི་གཉིས་བུ་མོ་ཡིན། བུ་མོ་གཉིས་ཀ་ནི་རྒྱལ་ཁབ་འདིའི་ནང་གི་བྱིས་པ་གཞན་དག་དང་འདྲ་བོ་ཡིན། ཀླད་པ་དང་སེམས་ཁམས་ལ་སྐྱོན་ཡོད་མཁན་དེ་འདྲ་མིན། བུ་ནི་ཅུང་ཙམ་ཀླད་པ་དང་སེམས་པར་སྐྱོན་ཤོར་བའི་གྲངས་ཤིག་ཡིན་དུས། སྐད་ཆ་ཡར་བཤད་མར་བཤད་དང་། ནང་ནས་ཡར་རྒྱུགས་མར་རྒྱུགས། ལག་པ་གང་ས་གང་དུ་སླེབས་ནས་གང་སར་རེག་ནས་བལྟ་ཚོད་དགོས་པའི་བུ་ཞིག་ཡིན་དུས། ཁོ་བོ་ཡོད་ས་རུ་ཧུར་ཟིང་ཆེན་པོ་ཡོད་པ་ཡིན། མི་གསར་བ་ཞིག་གིས་ཁོ་རང་མཐོང་བ་ཡིན་ན་དངོས་ནས་སྟབས་མ་བདེ་བ་ཡོང་ཁོ་ཐག་ཡིན་ངེས། ང་རང་ནི་ཁོ་རང་གིས་གང་བྱེད་སྲིད་པ་དང་གང་བཤད་སྲིད་པ་དག་ལ་གོམ་ནས་ཡོད་དུས། ཁོ་རང་གིས་ག་རེ་བྱས་ཀྱང་སྣང་མེད་ལྟ་བུ་ཆགས་ཡོད།

ང་རང་གི་སྐེ་འགུལ་བསྐྱོད་ཡག་པོ་བྱེད་ཐུབ་ཀྱི་མེད་དུས། མོ་རང་གིས་ཨ་ཅེ་དང་ཕུ་བོ་སོགས་ལ་རོགས་པ་གང་ཡང་བྱེད་མ་ཐུབ་པར་རྐུབས་སྟེགས་སྙི་མོ་རིང་བོ་ཞིག་ཡོད་པ་དེ་ཡི་སྟེང་ནས་ཟ་མ་ཟ་བར་སྒུག་ནས་བསྡད། ཞོར་དུ་མོ་རང་གི་སྐྱེ་སྐར་ལ་ཕ་རྒན་གྱིས་གསར་དུ་ལག་སྐྱེས་སུ་ཉོས་པའི་བརྙན་འཕྲིན་འཕྲུལ་ཆས་དེ་ཡི་ནང་ནས་ནང་མི་དག་གིས་ག་རེ་བྱེད་ཀྱི་ཡོད་མེད་བསྐོར་ལ་བརྙན་འཕྲིན་ཐུང་ཐུང་ཁ་ཤས་ཤིག་བརྙན་དུ་བླངས་རྗེས། ལོ་ན་གྱ་བརྒྱད་ལ་སོན་པའི་མོ་རང་གི་ཨ་མ་རྒན་མོ་དང་མཉམ་དུ་ཁ་བརྡ་ཞིག་བྱས། མོ་རང་གིས་ང་རང་ལ་དུས་རྒྱུན་དུ་བཤད་པའི་སྐད་ཆ་དེ་དག་ལ་ཉན། ཁྱེད་རང་གིས་བཟོས་པའི་ཟ་མ་ནི་ཞིམ་ཤོས་རེད། ཁྱེད་ཚོའི་ནང་དུ་ག་དུས་སླེབས་ན། དེ་དུས་དངོས་ནས་སྐྱིད་པོ་འདུག་གསུངས་སོང་།

ཨ་མ་རྒན་མོ་ལ་གཉོར་སྐྱོང་བྱེད་མཁན་གྱི་ཝས་ལས་ཕེན་གྱི་བུད་མེད་གཟུགས་པོ་ཆུང་ཆུང་སྙིང་རྗེ་མོ་དེས། ངའི་འགྲམ་དུ་ཡོང་ནས་འཚམ་འདྲི་ཞིག་བྱས་པ་དང་། ང་རང་གི་སྐེ་ན་བ་དེར་སྨན་ཞིག་ནང་དུ་ཡོད་རབས་བཤད་སོང་། ཁོ་མོ་ནི་ཨ་མ་རྒན་མོའི་མཉམ་དུ་ལས་ཀ་བྱས་ནས་ཟླ་ངོ་ཁ་ཤས་ཤིག་ལས་སོང་མེད་ཀྱང་། གདོང་གི་དབྱིབས་དང་ཆུང་ནས་གོམ་ཕྱོགས་ཤིག་ནས་ཁོ་མོ་ང་ཚོའི་ནང་དུ་ཡོང་ཐེངས་རེར། ཁོ་མོ་ང་དང་ལྷན་དུ་ཁ་བརྡ་ཐུང་ཐུང་རེ་བྱེད་པར་དགའ་བོ་བྱེད་ཀྱི་འདུག ལྷག་པར་དུ། ངའི་བུ་མོ་ཐར་མ་མཚོ་ལ་རྩེད་མོ་རྩེད་རོགས་བྱེད་པར་ཁོ་མོ་དངོས་ནས་དགའ་བོ་འདུག་པ་མ་ཟད། ངའི་བུ་མོས་ཀྱང་ཁོ་མོར་དགའ་བོ་བྱེད་ཀྱི་ཡོད། མཚམས་རེར་སྲང་ལམ་ནས་ཤར་ཕྱོགས་པའི་བུད་མེད་རེ་མཐོང་ཐེངས་རེར། རྗོ་བས། རྗོ་བས་ཟེར་ནས་ཁོ་མོའི་མིང་གི་འབོད་ངེས་ཡིན།

ཁོང་ཚོས་གཞི་ནས་ཟ་མ་གྲྭ་སྒྲིག་ཟིན། ཅོག་རྩེ་སྟེང་དུ་ལུག་ཤ་རྩིབ་བསྲེགས་དང་བྱ་ཤ་བསྲེགས་མ། གླང་ཤ་སྣུམ་བསྲེག  ཞོ་ཁོག་བསྲེག་མ། གྲང་ཚལ། ང་རང་ལ་ཆེད་དུ་མོ་རང་གི་ཨ་ཅེ་ཡིས་ཤ་མེད་སྔོ་ཚལ་དང་ཐུག་པ་དཀྲུགས་མ་ཞིག་བཟོས་འདུག ཡིན་ཡང་། ཅོག་རྩེ་སྒང་དུ་བཞག་ཚར་རྗེས་སུ། དེ་ཟ་མཁན་ནི་ཚང་མ་ཡིན། ང་ཚོས་ཟ་མ་ཟོས་ཚར་དུས་སུ་ཕྱི་དྲོ་ཆགས་འདུག ཕྱི་རྒྱལ་བའི་ལུགས་སྲོལ་ལྟར་དུ། སྒོང་སྤོར་ཆུང་ཆུང་ཞིག་གི་སྟེང་དུ་ལ་སྒྲོན་ཞིག་སྒྲོན་ནས། མོ་རང་གི་སྐྱེ་སྐར་ལ་གླུ་དབྱངས་ལེན་པའི་འགོ་བཙུགས་སོང་། དངོས་ནས་ཡིན་ན་སྐབས་འདི་ལ་ལག་སྐྱེས་སྟེར་སྲོལ་ཡོད་པ་ཡིན་མོད། ངས་མོ་རང་གི་སྐྱེ་སྐར་ཏག་ཏག་གི་ཉིན་མོའི་ཞོགས་པ་དེར་དེབ་གསུམ་དང་རྒྱབ་ཁུགས་གསར་བ་ཞིག  ང་རང་ལས་ཀ་འགྲོ་བའི་ཞོགས་པ་སྔ་མོ་དེར། མོ་རང་གི་མྱེལ་འགོའི་འགྲམ་དུ་བཞག་ཚར་བ་ཡིན་དུས། ད་ནི་ཁོང་ཚོ་ལ་བལྟས་དེ་འདུག་རྒྱུ་དེ་ཡིན།

ང་རང་སྒོའི་ཕྱི་ལ་བུད་ནས་གྲོགས་པོ་བུ་ཆུང་ལ་ཁ་པར་བཏང་ནས། སང་ཞོགས་ངེད་གཉིས་སྔ་བོ་ནས་བློ་དོན་གྱི་ཁང་བ་སྤོར་རོགས་བྱེད་དུ་འགྲོ་དགོས་དུས། {རྒྱལ་ཁབ་འདི་ནས། གཟའ་པ་སངས་ཀྱི་ཕྱི་དྲོ་ནས་གཟའ་སྤེན་པའི་ཕྱི་དྲོ། ཆུ་ཚོད་ཉེར་བཞིའི་རིང་དུ་གཞུང་གི་རླངས་འཁོར་ཚང་མ་འགྲིམ་འགྲུལ་བྱེད་ཀྱི་མེད་པ་ཡིན། }ངས་ཁོ་རང་ལ་ང་རང་རྗོ་སུ་ལམ་དུ་སླེབས་ན་ང་རང་ལེན་དུ་ཡོང་རོགས་ཞེས་བཤད་པ་ལྟར། ཁོས་ཀྱང་དེ་སྟབས་བདེ་བོ་རེད། ཁྱེད་རང་ངའི་ནང་དུ་ཡོང་། དེ་ནས་ཞོགས་པ་སྔ་བོ་ངེད་གཉིས་མཉམ་དུ་གྲོགས་པོ་བློ་དོན་གྱི་ཁང་བ་སྤོར་རོགས་དུ་སོང་ན་འགྲིག་གི་འདུག་ཟེར།

ནང་དུ་སླེབས་པར་སྐར་མ་བཅུ་དང་བཅོ་ལྔའི་བར་མ་གཏོགས་མེད་དུས་སུ། ངས་གྲོགས་པོ་བུ་ཆུང་ལ་ཁ་པར་བཏང་ནས་ང་རང་ལེན་དུ་ཡོང་རོགས་ཟེར་ནས་བཤད་པ་ལྟར། ང་རང་ནང་དུ་སླེབས་ནས་གཙང་སྤྱོད་དུ་གཅིན་པ་ཞིག་གཏོང་བཞིན་ཡོད་དུས། ཁ་པར་ཞིག་སླེབས་སོང་། ཁ་པར་ནང་གི་མིང་ལ་བལྟས་དུས་བུ་ཆུང་རེད་འདུག ཨ་རོགས་ཞེས་ཡར་བཀྱགས་པ་ན། ལན་རྒྱགས་མཁན་ནི་བུ་ཆུང་གི་དགའ་བོ་ཆོས་སྒྲོན་རེད་འདུག ཁོ་མོས་ང་ཚོ་སྐར་མ་ལྔ་ཡི་རྗེས་ཏག་ཏག་ལ་ཁྱེད་རང་གི་ནང་དུ་སླེབས་ཀྱི་རེད། གྲྭ་སྒྲིག་བྱོས་ཟེར། ངས་ཁོ་མོའི་སྐད་གོ་བ་དང་མཛའ་མོ་འོག་ཁང་དུ་ཡོད་དུས། མཚན་མོ་འདི་འདྲ་ཞིག་ལ་ང་རང་ཕྱི་ལ་འགྲོ་བཞིན་ཡོད་དུས་བུ་མོ་ཞིག་གི་སྐད་གོ་ན་བདེ་བོ་མི་འདུག་བསམ་ནས། མགྱོགས་པོ་ཡ་ཡ་ཞེས་ཁ་པར་གྱི་སྒོ་བརྒྱབས། འོག་ཁང་དུ་ཡོང་ནས་མཛའ་མོ་ལ། བུ་ཆུང་ཁོ་རང་སླེབས་འདུག  ད་ལྟ་རང་ཁ་པར་འབྱོར་སོང་། ང་འགྲོ་རྒྱུ་ཡིན། བདེ་མོ་བྱོས་ཟེར་ནས་རྒྱབ་ཁུག་ནང་དུ་སོ་དཀྲུས་དང་བརྗེ་བོ་རྒྱགས་རྒྱུའི་གོན་པ་ཁ་ཤས་ཤིག་བསྡུས།

ཁོ་མོ་ཅུང་ཙམ་སྐྱོ་བའི་རྣམ་པ་འདུག  རྒྱུ་མཚན་ནི་ང་རང་གི་སྐེ་ན་བཞིན་ཡོད་ན་ཡང་། ད་དུང་། ཁང་བ་སྤོར་རོགས་བྱེད་དུ་འགྲོ་བ་དེར་མོ་རང་གིས་སེམས་ཁྲལ་གནང་གི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ངས་ཀྱང་རང་གི་སྐེ་སང་ཉིན་ཇེ་བཟང་དུ་འགྲོ་བར་རེ་བ་ཡོད་ལ། དངོས་ནས་ཞོགས་པ་ལས་ཅུང་དྲགས་དུ་བྱིན་འདུག་ཞེས་བཤད་དེ་ཁོ་མོ་འདོད་མོས་ཡོད་མེད་ལ་མ་བལྟས་པར། རང་གི་རོགས་བྱེད་པར་ཟླ་གཅིག་གི་སྔོན་ནས་ཁས་བླངས་པ་དེར་སྒྲུབ་དུ་སོང་།

སྒོ་ཕྱི་ལ་བུད་ནས་ལམ་ཁ་ནས་མར་ཅུང་ཙམ་སོང་བ་ཡིན། དེ་མིན་མོ་རང་གི་ཨ་མ་ནི་ཨ་མ་རྒན་མོ་བསྐྱེལ་དུ་སོང་ནས་ཕྱིར་སླེབས་གྲབས་ཡོད། ཁོང་ཚོ་འདིར་ཡོང་བ་དང་ཁོ་མོའི་མ་རྒན་ནང་དུ་སླེབས་པ་གཉིས་འཕྲད་ཚེ། མ་བསམ་ས་ནས་དོགས་པ་ཞིག་སློང་ངེས་རེད་སྙམ་ནས་རང་ཉིད་འཚབ་ཞོར་དུ། གོམ་པ་མགྱོགས་ཙམ་བླངས་དེ་སོང་། བུ་ཆུང་དང་ཆོས་སྒྲོན། ལྷག་པ་ཁོ་གསུམ་མཉམ་དུ་ཡོང་འདུག བུ་ཆུང་གིས་ང་རང་བསྡོད་ས་ཤེས་ན་ཡང་། ཁོ་མོ་གཉིས་ཀྱི་ང་རང་བསྡོད་ས་གང་རེད་ཅེས་དྲིས་དུས། བུ་ཆུང་གིས་རླངས་འཁོར་གྱི་སྒེའུ་ཁུངས་ནས་ཕར་ཕྱོགས་ཀྱི་ཁང་བ་དེ་རེད་ཅེས་ང་རང་གི་མཛའ་མོའི་མ་རྒན་གྱི་ཁང་བ་དེར་མཛུབ་མོ་བསྟན་དུས། ང་རང་གིས་མཛའ་མོའི་མ་རྒན་དང་གདོང་ཐུག་བརྒྱབས་ཡོང་བསམ་ནས་ཅུང་འཚབ་ན་ཡང་། སྟབས་ལེགས་ནས་སྐབས་དང་འཁེལ་མ་སོང་།

བུ་ཆུང་གི་ནང་དུ་སླེབས་དུས་འཕྱི་བོ་ཆགས་འདུག བུ་ཆུང་ངེད་གཉིས་ཀྱིས་གདོན་འདྲེ་ཡི་གློག་བརྙན་ཞིག་ལ་བལྟས་པ་ན། ཆོས་སྒྲོན་དང་ལྷག་པ་གཉིས་ཉལ་སོང་། ཆོས་སྒྲོན་དང་བུ་ཆུང་གཉིས་མཉམ་དུ་ཉལ་ཁྲི་གཅིག་གི་སྒང་དུ་ཉལ་ཡོད་ལ། ང་རང་ཉལ་གདན་ཞིག་ཐང་དུ་བཏང་ནས་དེ་ཡི་སྟེང་དུ་ཉལ་ས་བཟོས། ལྷག་པ་ཡང་ཉལ་ཁྲི་ཆུང་ཆུང་ཞིག་གི་སྒང་དུ་མོ་རང་གཅིག་བུ་ཉལ། ངས་མུ་མཐུད་དུ་གློག་བརྙན་ལ་བལྟ་རྩིས་བྱས་དུས། ཆོས་སྒྲོན་གྱིས་ང་རང་ལ་ཉལ་ན་ཡག་གི་རེད། སང་ཞོགས་སྔ་བོ་ནས་བློ་དོན་གྱི་ཁང་བ་སྤོར་རོགས་བྱེད་དུ་འགྲོ་དགོས་དུས་མ་ཉལ་ན་དཀའ་ལས་ཁག་གི་རེད་ཟེར། སྐད་ཆ་དེ་ནི་དངོས་ནས་བདེན་པ་རེད། ད་ནི་མ་ཉལ་ན་འགྲིག་གི་མི་འདུག་སྙམ་ནས་ཆུ་ཚོད་ལ་གཅིག་བལྟས་དུས། ཆུ་ཚོད་བཅུ་གཉིས་ཟིན་གྲབས་འདུག ང་ཚོ་ཚང་མ་ཉལ་ས་ནི་ཁང་བ་གཅིག་ཡིན་ན་ཡང་། རྒྱ་གར་རྡ་རམ་ས་ལ། མེག་ལོར་གྱི་མི་རྐྱང་མང་བོ་མཉམ་དུ་ཉལ་སའི་ཁང་བ་དེ་དག་དང་གཏན་ནས་བསྡུར་ཐབས་མེད་ཀི ༢༩།༧།༡༡

མུ་འགོད།

 

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་ཟེར་བའི་མགོ་ཁྲིད་གཞོན་པ་ཝང་ཅུན། དྲ་ལམ་གྱི་པར།
Mobile App

བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
ཕོ་བྲང་དཀར་པོའི་མདུན་དུ་ཤར་ཏུར་ཀི་སི་ཐན་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༢།༡༢།༢༢ ཤར་ཏུར་ཀི་སི་ཐན་རྒྱལ་ཡོངས་ལས་འགུལ་ཚོགས་པའི་པར།
གསར་འགྱུར།

ཤིན་ཅང་ཟེར་བའི་ཐ་སྙད་དེས་ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ནག་གསུབ་བཏང་ཡོད་ཅེས་བརྗོད།

༢༠༢༥/༡༢/༢༤
Advertisement for App

སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས།

༢༠༢༥/༡༢/༢༣
དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས། ༢༠༢༥།༡༢།༢༣ དུས་བབ་ཀྱི་པར།
གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་འོས་བསྡུ་ཆེན་མོར་དེབ་འགོད་བྱེད་མཁན་བོད་མི་གྲངས་ ༩༡༠༤༢ བྱུང་ཡོད་འདུག

༢༠༢༥/༡༢/༢༣
Nepalese police stand guard at the premises of the Boudhanath Stupa after a Tibetan monk self-immolated in Kathmandu on February 13, 2013. © 2013 Reuters
Mobile App

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག

༢༠༢༥/༡༢/༢༢
tibettimes
Mobile App

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༡༢/༢༢

མཆན། 1

  1. kawakarpo says:
    ལོ་ 14 སྔོན།

    སེམས་ནང་འདྲ་མི་འདྲ་མ་དྲན་པར་ཉོལ་ཨ། རྩེད་མོ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese