་་་་་་་་་་ང་བོད་དང་ཁྱོད་རྒྱ་རེད། ཁྱོད་ཀྱིས་ངའི་ཟླུན་ཟླ་ཚོ་ལ་འདི་ལྟར་བརྙོས་པ་རེད།
འཛམ་གླིང་འདིར་སྐྱེ་བ་ནས་མྱི་ཞེས་འབོད་དགོས་པ་དང་། མྱི་ཡི་ནང་ནས་མི་རིགས་སུ་ཞིག་ཡིན་ནམ་ཞེས་དྲིས་ན་ང་བོད་པ་ཡིན་ཟེར་ནས་བཤད་དགོས་པ་རེད། དེ་ནི་ང་རང་སྐྱེ་བའི་ཁུངས་རེད་ལ། ཕ་མ་བོད་པ་ཡིན་པའི་མ་ཚད། ཕ་མ་གཉིས་ཀ་བོད་མི་གཙང་མ་དང་བོད་སྐད་གཙང་མ་བཤད་མཁན། བོད་ཟས་སྤྲང་དཀར་རྩམ་པ་ཟ་མཁན། བོད་ལྭ་གྱོན་མཁན་ཡིན་པ་གཅིག་བུའི་ག་ལ་ཚད། དཀྲུས་ཀྱང་མི་དག་པའི་བོད་ཀྱི་རིགས་གཞུང་གང་ཞིག་གི་ཁྲོད་ནས་བཙོས་ཟིན་པའི་བོད་མི་རེད། དེ་ཡིན་དུས་ང་རང་སྐྱེ་ས་སྐྱེ་ཡུལ་ཡང་བོད་ཡུལ་རེད། དེ་ཡིན་དུས་ང་རང་སྐྱེ་བའི་ཡུལ་ལ་ནོར་འཁྲུལ་ཡོད་སྲིད་དམ། ཡང་ན། ང་རང་གི་ཕ་མ་གཉིས་ལ་ནོར་འཁྲུལ་ཡོད་དམ། དེ་མིན་ན་ངས་བོད་སྐད་བཤད་ཤེས་པ་དེ་འགྲིག་གི་མེད་པ་ཡིན་ནམ། དེང་སང་ངས་རང་ས་རང་ཡུལ་ནས་འདི་ལྟར་རང་ཉིད་བོད་ལ་སྐྱེ་བའི་སྐོར་ལ་བསམ་བློ་མི་གཏོང་ཐབས་མེད་རེད། མྱི་གཟུགས་ཁ་ཤས་ཤིག་གིས་ང་ལ་བོད་དུ་སྐྱེ་བ་ནོར་བ་རེད་ཟེར་གྱི་འདུག མྱི་གཟུགས་ཁ་ཤས་ཀྱིས་ཁྱེད་ཀྱི་བོད་སྐད་དང་བོད་ཡིག་བཤད་པ་ནི་རྗེས་ལུས་རེད་ཟེར། མྱི་གཟུགས་ཁ་ཤས་ཀྱིས་བོད་མི་དག་ནི་གླེན་པ་དང་བླུན་རྨོངས་རེད་འདུག་ཟེར་ནས་ང་དང་སྤུན་ཟླ་དག་གི་མདུན་ནས་བཀག འགྲོ་རུ་མི་འཇུག་གི བསྡོད་དུ་མི་འཇུག་གི མི་རིང་བར་ང་ལ་བོད་སྐད་ཀྱང་བཤད་མི་ཆོག་པའི་བཙན་པོ་བྱེད་ས་རེད། བོད་ཡིག་སྤྱོང་ན་མདུན་ལམ་མེད་པའི་བཀའ་རྒྱ་ནི་སྔོན་ནས་བཏང་སོང་། མྱི་གཟུགས་འདི་དག་གིས་ང་དང་ངའི་སྤུན་ཟླ་དག་ལ་ད་ག་རེ་བྱེད་རྩིས་ཡིན་ནམ། ང་ཚོ་རང་ས་ནས་སྐྱེ་བ་ནོར་བ་རེད་ཟེར་ན། དེས་ན་ཁྱེད་རང་དང་ཁྱེད་ཅག་ནི་ཁྱེད་ཅག་གི་ཕ་ཡུལ་ནས་སྐྱེ་བ་ནོར་མེད་པའི་རྒྱུ་མཚན་དང་གནས་ལུགས་ནི་གང་དག་ཡིན་ནམ།
རེད་རེད། རྣམ་པ་གཉིས་ཀ་ཕེབས་པ་དགའ་ནས་ཡོད།
བོད་པར་སྐྱེས་པ་ནོར་ཡོད་མེད་ཁྱེད་རང་གི་སེམས་ནང་གི་ཚོར་སྣང་ལ་རྟགས་ན་ཏག་ཏག་རེད། ཧཧཧཧ
མང་པོ་བཤད་རྒྱུ་མེད། བཤད་རྒྱུ་གཅིག་ཡོད་ནོ་ཁྱོད་བོད་པར་སྐྱེས་པ་ནོར་འཁྲུལ་འདྲ་ཡོད་རྒྱུ་མ་རེད་བསམ་གི