ལས་ཁུངས་དུ་ང་ལ་ཡང་དང་པསྒྱར་དུ་རྒྱ་ནག་རྒྱལ་ཁབ་ཟེར་ནས་བོས་ཤིང་། ད་ལྟ་ང་རང་རྒྱ་ནག་གི་མི་སེར་མིན། ནམ་ཞིག་རྒྱ་གཞུང་གིས་བོད་མི་ལ་རང་དབང་དང་ཞི་བདེ་སྥྲྲད་ན་དེ་དུས་ངས་རྒྱ་ནག་སྲིད་གཞུང་གི་མི་སེར་ཡིན་པར་ཁས་ལེན་བྱེད་ཆོག་ཞེས་བཤད་པ་ཡིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཐོག་མར་ཚེ་བརྟན་རྡོ་རྗེའི་རྒྱ་དར་འཕྱར་ནས་འགྲོ་དུས་ངས་ཁོང་མ་བུ་གསུམ་རྒྱ་ཁྱི་ཡིན་པའི་དོགས་པ་ཆེ་པོ་ཡོད་། རྒྱུ་མཚན་གཙོ་བོ་ནི་དུས་དེར་བོད་ནང་དཔའ་བོ་སྟོང་ཕྲག་མང་པོའི་ད་ཡོད་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་བཏང་ན་རྒྱ་དར་འོག་སྡོད་ཐུབ་པ་མི་འདུག་ཅེས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེད་མཆོད་བསྟུན་མར་འབུལ་བ་རེད་། དུས་སྐབས་དེ་འདྲ་ཞིག་ལ་བཙན་བྱོལ་ནང་བོད་ཀྱི་འཐབ་རྩོད་ཡིན་ལབ་ནས་རྒྱ་དར་འཕྱར་ནས་ཕེབས་ན་གཞིས་བཞུགས་བོད་མའི་སེམས་ནང་གི་ནད་གཞི་ལ་དུག་རྒྱབ་པ་ལྟར་འགྱུར་བ་དང་འཛམ་གླིང་མི་མང་གི་འགོ་བོ་རྨོང་བའི་ཐབས་ལམ་ཞིག་ཏུ་མཐོང་བས་ཡིན། དོན་འདི་དགྲ་དགའ་གཉེན་སྡུག་གི་ལས་གཞི་ཞོག་ལས་དོན་དམ་པའི་བོད་དོན་ལས་འགུལ་ཞིག་ཡིན་པ་སུའི་ཅང་མཐོང་མེད་། ཡིན་ཡང་གནད་དོན་འདིར་སྡ་སར་ཡོད་པའི་སྤྱི་རྒྱུ་སྒེར་བདག་ཅན་ཟླ་བ་ཚེ་རིང་དང་འབྲས་སྤུངས་དགོན་པའི་གནས་འབྱུང་བ་རྨོག་རུ་བསྟན་པ་། དེ་བཞིན་བོད་གཞུང་གི་གནས་དབྱུང་བ་ཤར་ཕྱོགས་ཁུག་རྟ་གསུམ་ཀྱི་ལམ་སྟོན་འོག་སོང་བ་ཞིག་ཡིན་པས་གསལ་པོ་ཆགས་སོང་པས་ཁྱེད་མ་བུ་གསུམ་གྱི་སེམས་ཤུགས་དང་ལྷག་བསམ་ལ་སྐྱོན་མེད་རུང་མི་ངན་འདི་དག་གི་ལག་ཆ་དུ་འགྱུར་བ་ནི་སྨད་པའི་ལོ་རྒྱུས་ཁོ་ན་ལས་བསྟོད་འོས་པའི་ཚིག་རྐང་གཅིག་མ་མཐོང་། ཐོག་མའི་འཆར་ཁྱེད་མ་བུ་གསུམ་བོད་བར་གོམ་འགྲོད་ལབ་པ་དེ་ག་རེ་བྱས་ནས་བལ་པོ་བར་འགྱུར་བ་རེད་། བོུ་དེ་རྨོག་རུ་བསྟན་པས་དེང་སློབ་གྲ་ལ་ཚོད་ཐབས་བྱས་ཀྱི་འདུག། རིམ་པ་འདི་དག་གོ་རིམ་བཞིན་ག་རེ་བྱས་ནས་འགྱུར་བ་བཏང་བ་རེད་། དབུ་མའི་ལམ་ཚོགས་པས་རོགས་རམ་འོག་བལ་པོ་བར་སོང་ནས་རྨོག་རུ་བསྟན་པས་ཨ་མ་དང་བོུ་འཁྲེད་ནས་སྡ་ལོག་དགོས་པ་དེ་ཐོག་མའི་ཁྱེད་རང་མ་བུ་གསུམ་གྱི་འཆར་གཞི་ནང་ཡོད་པ་རེད་པས། འདི་ཡང་གོ་རིམ་བཞིན་འགྱུར་བ་སོང་བ་རེད་།
ཛ་དྲག་གི་སྐབས་དེར་ང་ཚོས་གཟབ་དགོས། རྒྱ་ནག་ཁྱི་ཕྲུག་འགའ་ཞིག་གིས་ཀུ་ཅོ་བསྒྲགས་ནས་ང་ཚོ་སིན་པོ་བཟོ་སྲིད། ཚང་མ་ལྷོད་ལ་འབབ་དགོས། རང་རེ་རྒྱལ་ཞན་ཅན་གྱི་མི་ཚང་མས་གཟབ་གཟབ་བྱོས།
སྤྲང་ཕྲུག་མི་འགྱུར་བཀྲ་ཤིས་ཟེར་བ་ཉོན། བོད་མི་ཞིག་ཡིན་པའི་བསམ་ཤེས་གང་ཡང་མེད་པར་རང་འདོད་ཀྱི་སྨྱོ་ལབ་འདོན་བཞིན་པར་དགོས་གལ་གྱི་ལན་ཞིག་མ་མཆིས་ཀྱང་། མི་དཀའ་ངལ་འཕྲད་པའི་སྐབས་སུ་བསམ་ཤེས་ཏིལ་འབྲུ་ཙམ་ཡང་མེད་པར་རྒྱག་གཏམ་གཡག་རོ་ཙམ་འདོན་ཕོད་པ་ཁྱོད་ལ་ཧམ་སེམས་ཆེ་དྲགས་པས་དྲང་བདེན་ལ་ཁྱད་བསད་དང་། བདེན་པར་རྡོག་རོལ་བྱས་པའི་མཇུག་འབྲས་སུ་ཁྱོད་ཀྱི་བྱ་བ་ལམ་ལྷོང་མེད་པ་དང་། དམིགས་ཡུལ་དེ་ལམ་ལྷོང་མི་ཡོང་བར་སྨོན་ལམ་བརྒྱབ་ཟིན་པ་ཡིན་པས་དུས་ཡུན་ཐུང་ཐུང་ནང་བལྟད་མོ་ལྟོས་ཞོག་ཨ།
བློ་བཟང་ལགས་གུས་འདུད་ཞུ།
ངས་ཀྱང་གླིང་ཚའི་ཐོག་མའི་ལས་འགུལ་དང་ཆོད་སེམས་ལ་གུས་བཀུར་བྱེད་ཀྱི་ཡོད། ཡིན་ནའང་ཁོང་རང་ལམ་བར་ནས་གཞན་གྱི་གཡོ་འོག་ཏུ་ཚུད་པ་འདིར་ཡི་རང་ཞུ་ཐབས་མེད་པ་དང་། འདི་ནི་ཁོས་བོད་རང་བཙན་བླངས་ཡོང་ན་གསོ་ཏུབ་པའི་མི་རིགས་འདིར་བཞག་པའི་ན་ཚ་ཞིག་རེད། དེང་སང་ཁོང་ནི་རྡ་སའི་གཙུག་ལག་ཁང་ནས་མི་ཚོགས་གསེང་གི་ཁ་བཏགས་གྱོན་མཁན་དེ་མི་ན་པ། ཕ་མགོ་བུས་གཡོག བུ་མགོ་ཕས་གཡོག་སོང་པའི་ཕ་རྒན་ཞིག་རེད།
བལ་ཡུལ་བཙོན་ཁང་དུ་ལྷང་པར་དེ་ཙམ་མནར་གཅོད་དང་སྡུག་སྦྱོང་གཏོང་གིན་མེད་པ་གསལ་པོ་རེད།་ག་རེ་བྱས་ནས་ང་ཚོས་སེམས་འཁྲལ་དང་སྡུག་གསོག་དགོས་ཀྱི་འདུག ཁྱོ་མེད་པ་རེད། དར་དམར་ཁྱེར་ནས་བྱ་རྒྱུ་ཡདོ་ན་ད་བྱེད་དགོས་རེད། བལ་ཡུལ་ནི་རྒྱ་ནག་ཆུང་ཆུང་ཟེས་དེང་སང་འབོད་ས་དེ་རེད།
མི་འགྱུར་བཀྲ་ཤིས་ལགས། ངས་ཁྱེད་ཀྱིས་གང་བཤད་པ་དང་བསམས་པར་གུས་འདུད་དང་ཡི་རང་ཞུ་བཞིན་ཡོད། འོན་ཀྱང་། སྐྱེས་བུ་ཞིག་འདི་བཞིན་དཀའ་ངལ་གྱི་གནས་སུ་ལྷུང་བའི་སྐབས་སུ། སྐུ་ཉིད་ཀྱིས་ཀྱང་ཚེ་རྡོར་ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རོ་ཐོག་རྟ་རྒྱུག་གི་ངང་ཚུལ་མི་འཛིན་པར། ཉུང་མཐང་ཡང་ཁོང་གི་བདེན་དོན་འཐབ་རྩོད་བྱེད་ཐབས་གསར་བ་འདི་ཉིད་ཐབས་ལམ་གསར་བ་ཞིག་གི་ངོ་བོར་ངོས་འཛིན་གནང་ཐུབ་པའི་རེ་བ་ཡོད། གལ་ཏེ་ངས་བཤད་པའི་སྐད་ཆ་འདིས་ཁྱོད་ལ་ཕོག་ས་བ་ཡིན་ན། དགོངས་དག་ཞུ།
ཁྱེད་ཀྱིས་གློ་བུར་དུ་ཕྲན་གྱི་མཆན་བུ་འདི་མཐོང་མ་ཐག འདི་ན་ཡང་འདྲ་འབུ་ཞིག་སླེབས་འདུག་པའི་ཚོར་བ་ཞིག་ཡོང་ངེས་ཀྱང་། དེ་ནི་ཁྱོད་རང་གི་བསམ་ཚུལ་ཙམ་ལས་གཞན་མ་མཆིས། གང་ལྟར། ཚེ་རྡོར་ལགས་འདི་བཞིན་བཙོན་འོག་ཏུ་ལྷགས་པ་ན། རང་ཅག་སུ་ཞིག་ཡིན་རུང་ཁོང་གི་གནས་སྟངས་ལ་འགན་ཞིག་ངེས་པར་དུ་ཁུར་དགོས་ལ། འགན་ཁུར་སྟངས་ཀྱི་ཆ་ནས་ཀྱང་། ཚེ་རྡོར་ཁོང་ཉིད་བོད་པ་ཞིག་གམ་ཡང་ན་བོད་རང་དབང་འཐབ་རྩོད་པ་སོགས་ཕྱོགས་ནས་བསམ་བློ་བཏང་ཡང་རུང་མོད། གཙོ་བོ་ཁོང་ཉིད་བདེན་དོན་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས། ང་ཚོ་དྲང་བདེན་དང་གནས་ལུགས་ལ་དད་པའི་འགྲོ་བ་མི་སུ་ཞིག་ཡིན་རུང་ཁོང་གི་དམིགས་ཡུལ་འགྲུབ་པར་རང་ནུས་ཡོད་ཚོད་ཀྱིས་འབད་པ་བྱེད་ཐུབ་ན། དེ་ནི་རང་ཉིད་ཀྱི་རྒྱལ་ཁ་ཞིག་ལས་ཚེ་རྡོར་མི་གཅིག་པུའི་ཁེ་ཕན་ཞིག་གཏན་ནས་མིན། དེར་བརྟེན། འདིར་ཚེ་རྡོར་གྱི་ཕྱོགས་ལ་སྐད་ཆ་བཤད་མཁན་སུ་ཞིག་ཡིན་རུང་། ཕྱོགས་ལྷུང་གི་དབང་དུ་མི་ཚུད་པར་སྐད་ཆ་གང་བཤད་ལྷག་བསམ་རྣམ་དག་དང་། རང་ཉིད་ངོས་སུ་ལས་འགུལ་ཞུགས་ནས་ཁོང་ལ་རྒྱབ་སྐོར་བྱེད་མ་ཐུབ་རུང་། ཡིག་ངག་གཉིས་ཐད་ནས་ཁོང་ལ་ལམ་སྟོན་དང་། སེམས་གསོ། གདོང་སེམས་མཉམ་སྐྱེད་སོགས་བྱེད་པར་སྙིང་ནས་རེ་བ་འདུན་ཞུ། དུས་ཚོད་འདི་ནི་ཁྱོའི་ཁ་དང་ངའི་སྣ་རྩོད་ནས་འདུག་ཚོད་ཅིག་མིན་པར། རྡོག་རྩ་གཅིག་སྒྲིལ་དང་དཔུང་བ་མཉམ་གཤུབ་བྱེད་པའི་དུས་ཚོད་ཅིག་ཡིན་དུས། གངས་ཅན་པ་དག སེམས་པ་རྣལ་དུ་ཕབ་ནས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། ད་གཟོད་ང་ཚོས་སྐད་ཆ་ཅི་ཞིག་བཤད་དགོས་པ་ཤེས་ངེས་ལ། ཚེ་རྡོར་ལྟ་བུའི་བདེན་དོན་འཐབ་རྩོད་པ་དག་གིས་ཅི་ཞིག་བྱེད་ཀྱིན་པ་ཡང་མཐོང་ངེས།
ཁྱེད་རང་གིས་ཁ་སང་ཡི་གེ་འདི་འདྲ་ཞིག་བཏང་འདུག
“ད་ལྟ་ངའི་བཟའ་བཏུང་ཨ་རི་བ་ཞིག་ལ་བརྟེན་ནས་ཡོད། འཛིན་བཟུང་བྱས་ནས་ཉིན་གསུམ་པ་རེད། ཨ་རི་བ་འདིའི་བཀའ་དྲིན་ལ་བརྟེན་ནས་ངས་ཡི་གེ་ཁ་ཤས་ཤིག་བྲིས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་ལས་མི་བོད་པ་ཞིག་ང་ལ་ཐུག་འཕྲད་དུ་སླེབས་སོང་། མི་རིང་བར་བལ་ཡུལ་གནས་སྡོད་བོད་མི་འགས་ང་ལ་ཟས་སོང་དང་གོན་པ་ཁུར་ནས་ཡོང་རབས་འདུག གཅིག་བྱས་ན་རྒྱ་ནག་སྲིད་གཞུང་ལ་སྤྲད་ཀྱང་སྲིད། དེ་ཉིན་ནས་ངས་ཞི་བའི་འཐབ་རྩོད་ཀྱི་འགོ་འབུས་པ་རེད།”
ངས་ལབ་ན།་ཁྱོད་རང་གིས་རྒྱ་ནག་དར་ཆ་ཁྱེར་ནས་ཁོ་ཚོའི་སྒོ་ལ་འགྲོ་གི་ཡིན་ལབ་མ་རེད་པས། ད་འོ་ན་རྒྱ་ནག་ལ་རྩིས་སྤྲད་ས་རེད་ཟེར་ནས་ཞེད་སྣང་དང་འཇིགས་སྣང་འདྲ་ཞིག་གང་རེད། དེ་འདྲའི་ཞེད་སྣང་དང་འགྱོད་སེམས་འདུག་ན།་རྒྱ་དར་དམར་པོ་ཕྱིར་གཡུག་ནས་རྒྱ་གར་ལོག་ཤོག་དང་མི་ལ་ནོར་འཁྲུལ་སྲིད་པའི་བསམ་ཤེས་བྱེད་ཆོག
ཁྱེད་རང་སུམ་ཅུ་དུས་དྲན་གྱི་ཉིན་འགའི་རྗེས་ནས་ད་བར་ཕ་མགོ་བུས་གཡོག བུ་མགོ་དགྲས་གཡོག་གི་དཔེ་ལྟར་གྱུར་སོང་པ་རེད། ད་ལྟ་འགྱོད་ཀྱིན་ཡོད་སྲིད་མོད། ཕྱིས་མེད་པ་རེད། འགྱོད་ཀྱི་ཡོད་པའི་རྟགས་གཅིག་ནི་ཁྱོད་རང་གིས་མ་དང་སྲིང་མོ་གཉིས་ཕྱིར་བཏང་ཟིན་པ་རེད།
དེས་མ་ཚད་དབུ་མའི་ལམ་གྱི་ཚོགས་པའི་མི་དང་འབྲེལ་ཆད་བྱེད་ཀྱི་ཡོད་པ་གོ་སོང་། མ་ཟད་ཁ་སང་རྨོག་རུ་བསྟན་པས་ཁྱོད་རང་མ་བུ་རྣམས་བེད་སྤྱོད་བཏང་སྟེ་ཁོང་རང་གི་མིང་གྲགས་བཟོ་ཐབས་དང་། ཚོགས་པའི་དགོས་དམིགས་སྒྲུབཔ་དེ་ཤེས་ནས། ཁྱོད་རང་འུ་ཐུག་ཐབས་ཟད་ཀྱིས་ཁོའི་འགྲམ་ནས་མཚན་མོ་བྲོས་དགོས་བྱུང་པ་རེད། ད་ལྟ་ཡང་དར་དམར་ཕྱིར་གཡུག་ནས་ལས་འགུལ་སོགས་སྤེལ་ན་ང་ཚོས་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་ཆོག
བཀའ་དྲིན་ཆེ། ལན་འདེབས་སྟངས་དེ་ཧ་ཅང་ཡག་པོ་འདུག དཀའ་སྡུག་ཁྱད་དུ་ཟད་པའི་རིན་དོད་མ་བརླག་པ་དང་བོད་མིའི་རང་དབང་གི་འཐབ་རྩོད་རྒྱུན་འཁྱོངས་གནང་བའི་གངས་ཅན་བོད་མིའི་དཔའ་རྒོད་མཆོག་ལ་བསླུ་མེད་སྐྱབས་གནས་དམ་པའི་རྗེས་འཛིན་པ་དང། ཐུགས་བསམ་ལྷན་གྱིས་འགྲུབ་པའི་སྨོན་འདུན་ཞུ།