མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཅིག་གིས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་བུད་མེད་ཅིག་གིས་རང་ལུས་མེར་བསྲེཊ་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག

དྲུག་བཞི་ཐེན་ཝང་དྲྭ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་ ༥ ཉིན་སྟེ། སྐབས་བཅུ་གཉིས་པའི་རྒྱལ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུ་མགོ་འཛུགས་ཀྱི་ཉིན་དང་པོའི་པེ་ཅིན་གྱི་ཆུ་ཚོད་ ༡༠།༤༤ ཡས་མས་སུ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རང་ལོ་ ༤༠ ཡས་མས་ཡིན་པའི་བུད་མེད་ཅིག་གིས་རང་ལུས་མེར་བསྲེཊ་ཀྱིས་ངོ་རྒོལ་གནང་ཡོད་པ་དང་། ཅང་མ་འགོར་བར་དྲག་ཆས་ཉེན་རྟོག་པ་དང་དམག་མི། སྐོར་སྲུང་མི་སྣ་བཅས་འབྱོར་ཏེ་མེ་གསོད་འཕྲུལ་ཆས་ཀྱིས་ཁོ་མོའི་ལུས་སྟེང་གི་མེ་བསད་རྗེས་བཙན་འཁྲིད་བྱས་ཡོད་པ་མ་ཟད། སྔ་དྲོ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཡིག་ཆ་འགྲེམས་སྤེལ་བྱས་པའི་བུད་མེད་ཅིག་ཀྱང་འཛིན་བཟུང་བཙན་འཁྲིད་ཀྱིས་གར་ཡོད་མ་ཤེས་པར་ལྷག་ཡོད་འདུག

དེ་རིང་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་ཚོགས་བཞིན་པའི་ཚོགས་འདུའི་དེར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལིས་ཁེ་ཆང་གཙོས། ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་གཙོས་པའི་ཆེས་མཐོའི་དཔོན་རིགས་དང་འཐུས་མི་ ༣༠༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ ༢༠༡༣ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། ༢༠༡༤ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། ༢༠༡༣ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་འདི་ལོའི་སྔོན་རྩིས་འཆར་ཟིན་སྒྲོགས་སྦྱང་གནང་གི་ཡོད་འདུག

ཚོགས་འདུ་དེར་རྒྱ་ནག་གི་ས་གནས་དང་གྲོང་ཁྱེར་ཁང་མང་པོའི་འཐུས་མི་ཕེབས་ཀྱི་ཡོད་སྟབས། ཚོགས་འདུ་མ་ཚོགས་ཡར་སྔོན་ནས་བཟུང་རྒྱ་ནག་ནང་གི་མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་སོགས་ཀྱིས་བརྒྱུད་ལམ་ཁག་འདྲ་མིན་བརྒྱུད་དེ་གྲོས་ཚོགས་འཐུས་མིར་གཞུང་གི་སྲིད་བྱུས་དང་འབྲེལ་བའི་བསམ་ཚུལ་རབས་དང་རིམ་པ་བཏོན་ཡོད་མ་ཟད། དེ་རིང་ཚོགས་འདུའི་ཉིན་དང་པོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་བུད་མེད་གཉིས་ཀྱིས་རང་ལུས་མེར་བསྲེཊ་དང་ཡིག་ཆ་འགྲེམས་སྤེལ་གྱི་ལམ་ནས་གཞུང་ལ་ངོ་རྒོལ་བཅས་བྱས་ཡོད་འདུག དེ་བཞིན། དེ་རིང་གི་ཧྲང་ཧེ་དང་ཧྲན་ཏུང་། ཀོས་ཀྲིག ཅི་ལིན། ཧོང་ཀོང་བཅས་ས་ཁུལ་གཞན་དུའང་མི་མང་གི་འཕྲེད་དར་སོགས་འཕྱར་ཏེ་སྲིད་གཞུང་ལ་རེ་སྐུལ་དང་དགོས་འདུན་འདོན་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་ལ་ཡ་ལན་མེད་པར་མ་ཟད། གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དྲག་ཆས་དམག་མི་དང་ཉེན་རྟོག་པ། སྐོར་སྲུང་མི་སྣ་བཅས་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་པ་དང་། ས་གནས་དང་གྲོང་ཁྱེར་ཁག་གཞན་དུའང་མི་མང་གི་འགྲོད་བསྐྱོད་དང་བརྒྱུད་ལམ་བཅས་ལ་སྟངས་འཛིན་དང་ལྟ་རྟོག་བཅས་བྱས་ཏེ་དམ་དྲག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese