ཕྱི་ཚེས་ ༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཉེན་རྟོག་ཁང་དང་དྲག་ཆས་ཉེན་རྟོག་ཁང་གཉིས་མཉམ་འབྲེལ་གྱིས་དུས་ལྟར་བརྟན་བརླིང་སྲུང་སྐྱོབ་ཀྱི་སྦྱོང་བརྡར་དྲག་ཤུགས་ངོམ་ཡོད་པ་མ་ཟད། རང་ལུས་མེར་བསྲེགས་སོགས་མི་སྒེར་གྱི་ཁྲིམས་འགལ་བྱ་སྤྱོད་དང་། སྒྲིག་འཛུགས་ཅན་གྱི་ཁྲིམས་འགལ་འདུ་འཛོམས་ཀྱི་གནད་དོན་སོགས་དམིགས་འབེན་དུ་བཟུང་སྟེ། འཛེམས་ཟོན་མེད་པར་ཕམ་པར་རྒྱག་པའི་གྲ་སྒྲིག་ཨང་གསར་དགོས་སྐོར་བསྒྲགས་འདུག
གསར་འགོད་པ། པདྨ་མཚོ།
ངས་ལྟས་ན་ཤར་ཁུག་འདི་མི་སེམས་པ་ཐང་ཐང་མེད་པར་རྟག་ཏུ་ཐོལ་བྱུང་སྐད་ངན་སྒྲོགས་མཁན་ཐན་བྱ་རང་རེད་འདུག་སེམས།
འོ་ཙི། ཤར་ཁུག་ཁྱོད་ཀྱང་དར་དམར་གཅིག་བསྒྲེང་ནས་དྲག་ཆས་ཉེན་རྟོག་པའི་རུ་དཔོན་བྱས་ན་གང་འདྲ་འདུག། ཨ་ཁོ་རེ། ཧ་ཧ།
༼ དུས་བབ་བརྟན་བརླིང་སྲུང་སྐྱོབ་ཀྱི་དྲག་ཆས་སྦྱོང་བརྡར་༽ཟེར་གྱི་ཡོད་པ་འདྲ། ལྷ་སའི་ཉེ་འཁོར་གཞན་ཡང་རྫོང་ཁག་གཞན་མང་པོར་སྦྱོར་བརྡར་ལག་བསྟར་དང་སྦྱོང་བརྡར་སྤྲོད་སར་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དབུ་ཁྲིད་ཁག་བགོས་ཀྱིས། ས་གནས་རེ་རེར་དྲག་ཆས་སྦྱོང་བརྡར་པའི་གྲངས་འབོར་དང་བརྟན་བརླིང་སྲུང་སྐྱོབ་ཅི་ལྟར་བྱ་དགོས་མིན་སོགས་ཀྱང་གསལ་འཁོད་སྟོན་གྱི་འདུག
ཁོང་ཚོས་ཞིས་ཅིན་ཕིན་དང་ཡུའུ་ཀྲིན་ཧྲིན་གྱིས་བཏོན་པའི་ལམ་སྟོན་ཁག་གཉིས་མ་ཎི་སྐྱོར་སྐྱོར་དང། ཁ་སྔོན་ནས་ཚོགས་འདུ་གཉིས་དང་འབྲེལ་ཏེ་ཏཱ་ལའི་རུ་ཚོགས་ཀྱི་་་༼ དབུ་མའི་ལམ་དང་ཚད་མཐོའི་རང་སྐྱོང་༽ལ་དགག་པ་རྒྱག་དགོས་པ་སོགས་པར་ཡོང་སའི་གསར་འགྱུར་ནང་ཐོན་གྱི་འདུག་སྟབས། རབ་ཡིན་ན། གསར་འགྱུར་ཆ་ཚང་ཞིག་ཡོད་ན་ཡག་ས་རེད།