རྩིས་ལོ་ ༢༠༡༤ དང་ ༢༠༡༥ ལོར་བོད་མིའི་སྒྲིག་འཛུཊ་ཀྱི་ཕྱོཊ་བསྡོམས་སྔོན་རྩིས་ཡོང་འཆར་བསྡོམས་སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་རེ་གསུམ་བདུན་འབུམ་དྲུག་ཁྲི་སྔ་སྟོང་ལྔ་བརྒྱ་ང་དགུ་ ༡.༨༦༣.༧༦༥.༥༥༩ དང་། འགྲོ་འཆར་སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་གོ་གཅིག་དང་དྲུག་འབུམ་སུམ་ཁྲི་བརྒྱད་སྟོང་སུམ་བརྒྱ་རེ་གཉིས་ ༡.༨༩༡.༦༣༨.༣༦༢ ཡིན་འདུག
དེ་རིང་ཕྱི་ཚེས་ ༡༢ ཉིན་སྟེ། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གཉིས་པའི་ཉིན་རྒྱབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས། ༢༠༡༤ དང་ ༢༠༡༥ ལོའི་བོད་མིའི་སྒྲིག་འཛུཊ་ཀྱི་སྔོན་རྩིས་གསུང་བཤད་གནང་སོང་ལ། བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་ལྟར་ན། བོད་མིའི་སྒྲིག་འཛུཊ་ཀྱི་མ་དངུལ་གནས་བབ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་སྒོར་ས་ཡ་བརྒྱད་རྒྱ་གཅིག་དང་བཞི་འབུམ་བཞི་ཁྲི་ ༨༠༡.༤༤ ཡོད་པའི་ཐོག་རྩིས་ལོ ༢༠༡༣ དང་ ༢༠༡༤ ལོའི་སྒོར་ས་ཡ་ཉེར་དགུ་དང་འབུམ་གཉིས་ཁྲི་གསུམ་ ༢༩.༢༣ ཁ་སྣོན་གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་༣༡ ཉིན་ཁྱོན་མ་དངུལ་སྒོར་ས་ཡ་བརྒྱད་བརྒྱ་སུམ་ཅུ་དང་འབུམ་དྲུག་ཁྲི་བདུན་ ༨༣༠.༦༧ ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ བར་མ་དངུལ་གསོག་འཇོག་སྒོར་ས་ཡ་ཉིས་བརྒྱ་འབུམ་གསུམ་ཁྲི་བདུན་ ༢༠༠.༣༧ ཡོད་པའི་ཐོག་མ་དངུལ་གསར་དུ་བྱུང་བ་སྒོར་ས་ཡ་དྲུ་དང་འབུམ་གཅིག་ཁྲི་གསུམ་ ༦.༡༣ བསྡོམས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣༡ ཉིན་མ་དངུལ་སྒོར་ས་ཡ་བཅུ་ ༡༠.༠༠ དང་། ནང་སྲིད་ལས་ཁུངས་སུ་སྒོར་ས་ཡ་ང་ལྔ་ ༥༥ .༠༠། འཕྲོད་བསྟེན་ལས་ཁུངས་སུ་སྒོར་ས་ཡ་བཅུ་བདུན་དང་འབུམ་ལྔ་ཁྲི་དགུ་ ༡༧.༥༩། དཔལ་འབྱོར་ལས་ཁུངས་སུ་སྒོར་ས་ཡ་ང་བདུན་དང་འབུམ་གསུམ་ ༥༧.༣༠ ། ཤེས་རིག་ལས་ཁུངས་སུ་སྒོར་ས་ཡ་བརྒྱ་དང་ཞེ་གཅིག་འབུ་མེད་ཁྲི་གསུམ་ ༡༤༡.༠༣ ཡོད་པ་བཅས་བསྡོམས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་ཁྱོན་བསྡོམས་སྒོར་ས་ཡ་བཞི་བརྒྱ་གྱ་བདུན་དང་འབུམ་བཞི་ཁྲི་གཉིས་ ༤༨༧.༤༢ ཡོད་འདུག
༢༠༡༢ ཟླ་ ༣ ཚེས་ ༣༡ ཉིན་སྔོན་རྩིས་མ་དངུལ་སྒོར་ས་ཡ་སུམ་བརྒྱ་ཉི་ཤུ་དང་འབུམ་གཅིག་ཁྲི་ལྔ་ ༣༢༠.༡༥ ཡོད་པའི་ཐོག་རྩིས་ལོ་ ༢༠༡༢ དང་ ༢༠༡༣ ལོའི་སྔོན་རྩིས་མ་དངུལ་ནས་གཏོང་ལེན་ཚོད་དཔག་ལྟར་ཁ་འཐབ་ཀྱིས་ལྷག་སྒོར་ས་ཡ་ཉེར་གསུམ་དང་འབུམ་གཅིག ༢༣.༡༠ ཁ་སྣོན་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༡ ཉིན་ཁྱོན་སྔོན་རྩིས་མ་དངུལ་སྒོར་ས་ཡ་སུམ་བརྒྱ་ཞེ་གསུམ་དང་འབུམ་གཉིས་ཁྲི་ལྔ་ ༣༤༣. ༢༥ དང་། ༢༠༡༣ ཟླ་ ༣ ཚེས་ ༣༡ ཉིན་སྤྱིར་བཏང་མ་དངུལ་སྒོར་ས་ཡ་བརྒྱད་བརྒྱ་ཞེ་བཞི་དང་འབུམ་དགུ་ཁྲི་ལྔ་ ༨༤༤.༩༥ དང་། ལས་འཆར་མ་དངུལ་སྒོར་ས་ཡ་ ༡.༠༧༩.༣༣ བཅས་བསྡོམས་མ་དངུལ་སྒོར་ས་ཡ་ ༡.༩༢༤.༢༨ བྱས་ཡོད། རྩིས་ལོ་ ༢༠༡༣.༡༤ ལོའི་ཟུར་བཀོལ་ལྷག་འཆར་སྒོར་ས་ཡ་༡༨༩༩.༨༣ ཡིན་པ་དང་། རྩིས་ལོ་ ༢༠༡༤དང་ ༢༠༡༥ ལོའི་ལྷག་འཆར་སྒོར་ས་ཡ་ ༡༨༧༡.༩༦ ཡོད་འདུག
༢༠༡༤ དང་༢༠༡༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ལ་ཕན་པའི་ཡོང་འཆར་སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་རེ་གསུམ་དང་འབུམ་བདུན་ཁྲི་དྲུག ༡.༨༦༣.༧༦ ཚོད་དཔག་ཞུས་ཡོད་པ་ནས་སྔོན་རྩིས་མ་དངུལ་ལ་ཕན་པར་སྒོར་ས་ཡ་བཞི་བརྒྱ་དང་འབུམ་ལྔ་ཁྲི་དྲུག་ ༤༠༠.༥༧ དང་། ལས་ཁུངས་སོ་སོའི་ཟུར་བཀོལ་ལ་ཕན་པ་སྒོར་ས་ཡ་ཆིག་སྟོང་བཞི་བརྒྱ་རེ་གསུམ་འབུམ་གཅིག་ཁྲི་དགུ་ ༡.༤༦༣.༡༩ ཡོང་རྒྱུའི་ཚོད་དཔག་ཞུས་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༤དང་ ༢༠༡༥ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྒོར་ས་ཡ་ཆིག་སྟོང་བརྒྱད་བརྒྱ་གོ་གཅིག་དང་འབུམ་དྲུག་ཁྲི་གསུམ་ ༡.༨༩༡.༦༣ བྱེད་ཀྱི་ཡོད་པ་དང་། དངུལ་འབོར་འདིའི་ཁོངས་ལས་ཁུངས་ཁག་གི་རྒྱུན་གྲོན་ཆེད་སྒོར་ས་ཡ་སུམ་བརྒྱ་ཞེ་གཅིག་དང་འབུམ་གསུམ་ཁྲི་གཉིས་ ༣༤༡.༣༢ དང་། ཕོགས་གྲོན་ཆེད་སྒོར་ས་ཡ་འབུམ་སུམ་བརྒྱ་སོ་ལྔ་དང་འབུམ་ལྔ་ཁྲི་ལྔ་ ༣༣༥.༥༥ ། དམིགས་བསལ་དང་དམིགས་བཀར་ལས་དོན་ཆེད་སྒོར་ས་ཡ་ཆིག་སྟོང་ཉིས་བརྒྱ་བཅུ་བཞི་དང་འབུམ་བདུན་ཁྲི་དྲུག་ ༡.༢༡༤.༧༦ བཅས་རྒྱབ་གཉེར་འཆར་འབུལ་ཞུས་ཡོད་འདུག
དེ་རིང་སྔོན་རྩིས་སྙན་སྒྲོན་དང་འབྲེལ་དཔལ་འབྱོར་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་དཔལ་འབྱོར་གནས་བབ་མི་དམན་ཙམ་ཡོད་ཀྱང་། འཕྲོད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས་བཅས་ཀྱི་མ་དངུལ་དེ་སྔ་ལྟར་མེད་པའི་གནས་སྟངས་དེ་མུར་ཆགས་ཡོང་འདུག་པ་ཕོགས་གྲོན་གཙོ་བོར་གྱུར་པའི་རྒྱུན་གྲོན་ལོ་རེ་བཞིན་འཕར་མུས་ལ་གཞིགས་པའི་སྤྱིར་བཏང་ཡོང་དམིགས་འདང་ངེས་མེད་པས་ལོ་རེའི་གཏོང་ཡོང་ཁ་མ་འདུམས་པའི་དབང་གིས་ཆགས་པ་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་ཅིག་གི་གནས་སྟངས་ཀྱང་གཅིག་མཚུངས་ཆགས་ཡོང་འདུག་པའི་གནས་བབ་བཟང་དུ་འགྲོ་ཐབས་སུ་འབད་བརྩོན་ཞུ་མུས་ཡིན་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་མ་དངུལ་གནས་བབ་དང་ལས་ཁུངས་སོ་སོའི་མ་དངུལ་གནས་བབ་བཅས་རྩིས་ལོ་སོ་སོའི་སྔོན་རྩིས་གཏམ་བཤད་དང་རྩིས་ཤོག་ཁག་གི་ནང་གང་ཐུབ་གསལ་བཀོད་ཡོད་མུས་ཀྱང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༥ པར་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ལ་ཞིབ་འཇུག་དགོས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་བཟོ་བཅོས་གྲོས་ཆོད་གྲོས་འཆར་བཅས་གྲོས་ཚོགས་སུ་ཕུལ་གནང་བྱུང་བ་སྤྱི་མོས་ཀྱིས་ཕྱིར་འཐེན་གནང་ཡོད་ནའང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་ལམ་སྟོན་གནང་བ་ལྟར་འཛིན་སྐྱོང་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་དཔལ་འབྱོར་གནས་བབ་སྐོར་གྲོས་ཚོགས་སུ་སྙན་འབུལ་ཞུ་རྒྱུ་ཞུས་པ་ཞིག་ཡིན་པ་དང་། རྩིས་མཚམས་ཐད་ལས་ཁུངས་ཁག་གི་རྩིས་ཁྲར་རྩིས་ཞིབ་ཟིན་པའི་གནས་སྟངས་དང་། ཡིག་ཆ་ཕྱོགས་སྒྲིག་གི་དུས་འགོར། ལྷག་པར་གྲོས་ཚོགས་ཀྱི་བསྐྱར་ཞིབ་དགོས་འདུན་གྱི་རྩིས་ལོ་མཐའ་མ་བཅས་ལ་ཆ་འཛིན་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ ཉིན་གྱི་གནས་བབ་ལ་ལྟ་ཞིབ་ཞུས་པ་ཡིན་སྐོར་གསུངས་བྱུང་།
མཇུག་ཏུ་བཀའ་བློན་མཆོག་གིས། “ སྒྲིག་འཛུཊ་ཀྱི་འགྲོ་གྲོན་ལོ་རེར་འཕར་མུས་རེད། དེའི་དགོས་དངུལ་ཡོངས་ཁུངས་གཙོ་བོ་ཕྱིའི་རོགས་རམ་དང་མང་ཚོགས་ཀྱི་དང་བླང་དཔྱ་དངུལ་ལས་གཞན་ཡོང་དམིཊ་ཕུགས་གཏན་འཁེལ་བ་མེད་སྟབས། བོད་དོན་བདེན་མཐའ་གསལ་ཐབས་དང་མང་ཚོཊ་ཀྱི་འཕྲལ་ཕུགས་བདེ་དོན་ལ་དགོས་ངེས་ཕན་ངེས་ཀྱི་ལས་དོན་འཆར་སྒྲིག་གཙོ་བཟུང་བྱ་རྒྱུ་དང་། དེ་ཡང་བཙན་བྱོལ་བའི་གནས་བབ་དང་མཚུངས་པའི་འགྲོ་གྲོན་གང་ཅིར་གྲོན་ཆུང་བསྲི་ཚཊ་བྱ་རྒྱུའི་གལ་གནད་ཆེ་བ་ཞུ་མ་དགོས་པ་ལྟར་ཚང་མས་དགོངས་བཞེས་མུ་མཐུད་ཡོང་བའི་ནན་སྐུལ་ཞུ་རྒྱུ་ཡིན། ” ཞེས་གསུངས་བྱུང་།