མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཙི་ནད་པ་གྲངས་ ༦༠ འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་པའི་སྤྱི་ཚོགས་ནང་ཨེ་ཙི་ནད་པ་ ༦༠ ཡོད་པ་ཤེས་པ་ལས། མཆིན་པའི་གཉན་ཚད་ཀྱི་ནད་པ་དང་ལོ་རེར་མྱོས་རྫས་དང་སྨན་རིཊ་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ཤེས་ཀྱི་མེད་ཟེར།

དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གྲོས་ཚོཊ་ཚོཊ་དུས་བདུན་པའི་ལས་ཉིན་གསུམ་པའི་སྔ་དྲོ་སྤྱི་འཐུས་ཟླ་བ་ཚེ་རིང་ལཊ་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཨང་བདུན་པ། ༢༠༡༣ ལོའི་ཟླ་ ༡༢ ཚེས ༡ ཉིན་རྒྱལ་སྤྱིའི་ (AIDS) དང་། (Hepatitis) ཧེབ་བྷེ་ཀྲེ་ཌེ་སི་ཡོད་མེད་ཀྱི་རིན་མེད་བརྟག་དཔྱད་ནང་བོད་མི་རྒན་གཞོན་ ༡༤༢ ཙམ་གྱི་གོ་སྐབས་བཞེས་བ་ནས་ཨེ་ཙི་ནད་གཞི་ཡོད་པ་ཐོན་མ་སོང་ཡང་། ཧེབ་བྷེ་ཀྲེ་ཌེ་སི་ཡོད་པའི་མི་གྲངས་ ༡༥ ཙམ་ཐོན་སོང་བརྒྱ་ཆར་ཕབ་དུས་བརྒྱ་ཆ ༡༠ ཙམ་འདུག་སྟབས། བོད་མིའི་སྤྱི་ཚོཊ་ནང་ཨེ་ཙི་དང་ཧེབ་བྷེ་ཀྲེ་ཌེ་སི་ནད་ཡམས་འདི་ཛ་དྲག་ཆེ་ཆུང་ག་འདྲ་ཞིག་ལ་བརྩི་གི་ཡོད་མེད་དང་། ནད་གཞི་འདི་གཉིས་ཡོད་པའི་བོད་མི་ག་ཚོད་ཡོད་མེད། མཐུན་རྐྱེན་བསྐྲུན་ནས་བརྟག་དཔྱད་གནང་རྒྱུའི་དགོངས་གཞི་ཡོད་མེད་བཀའ་འདྲི་གནང་སོང་།

དེར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས། བོད་མིའི་སྤྱི་ཚོཊ་ནང་གཉན་ནད་རེག་དུག་ (HIV/AIDS) དང་། མཆིན་པའི་གཉན་ཚད་ (Hepatitis) ནད་ཡམས་གཉིས་ཛ་དྲག་ཆེ་བར་བརྩི་གི་ཡོད། ལས་ཁུངས་སུ་འབྲེལ་གཏུགས་བྱུང་བའི་ཐོ་གཞུང་ནང་གསལ་གཉན་ནད་རེག་དུག་ནད་པ་གྲངས་ ༦ ༠དང་། མཆིན་པའི་གཉན་ཚད་ཐད་དམིགས་བསལ་ཞིབ་འཇུག་ཞུས་མེད་སྟབས་གྲངས་འབོར་ཇི་ཡོད་གསལ་པོ་ཞུ་རྒྱུ་མེད། ཅེས་དང་། ཡང་འཕྲོད་བསྟེན་ལས་ཁུངས་ནས་རང་རེའི་སྤྱི་ཚོཊ་ནང་གཉན་ནད་རེག་དུག་དང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་སྔོན་འགོག་ཐབས་ལམ་གལ་ཆེར་བརྩིས་ཏེ་ལས་འགུལ་སྤེལ་མུས་ཡིན་པ་དང་། ༢༠༠༩ ལོ་ནས་བཟུང་གཉན་ནད་རེག་དུག་གི་ནད་གཞི་ཡོད་མེད་རིམ་མེད་བརྟག་དཔྱད་ཞུ་མུས་ཡོད་པ་དང་། ཕྲུ་གུ་ལོ་ ༥ མན་དང་སྦྲུམ་མར་མཆིན་པའི་གཉན་ཚད་ཡོད་མེད་བརྟག་དཔྱད་དང་སྔོན་འགོག་གི་སྨན་ཁབ་རིམ་མེད་ཐོག་རྒྱག་མུས་ཡིན་སྐོར་ལན་འདེབས་གནང་སོང་།

ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཨང་བརྒྱད་པ། མྱོས་རྫས་དང་སྨན་རིཊ། ཆང་རག་ངན་གོམས་ཀྱིས་དཀའ་ངལ་ནི་སྤྱིར་འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཡིན་པ་དང་། དཀའ་ངལ་དེ་རྒྱལ་ཁབ་དང་མི་རིགས། རིགས་རུས་སོཊ་ཀྱི་དབྱེ་བ་མེད་པར་སྤྱི་ཚོགས་གང་སར་ཁྱབ་གདལ་འགྲོ་གིན་ཡོད་པ་བཞིན། བོད་མིའི་སྤྱི་ཚོགས་ནང་ལའང་དཀའ་ངལ་ལོ་རེ་ནས་ཇེ་ཆེར་ཕྱིན་སྟེ་སློབ་གྲྭ། དམག་སྒར། མཐོ་སློབ་སོགས་སྡེ་ཚན་མང་པོའི་ནང་དང་ལྷག་པར་དུའང་བུད་མེད་ནང་བེད་སྤྱོད་བྱེད་མཁན་མི་ཉུང་བ་ཞིག་ཡོད་པའི་དཀའ་ངལ་དེ་ཛ་དྲག་ཆེ་ཆུང་ག་འདྲ་ཞིག་ཏུ་བརྩི་ཀྱི་ཡོད་མེད་དང་། དཀའ་ངལ་འདིའི་རྐྱེན་གྱིས་སྤྱི་ཚོགས་ནང་དཀའ་ངལ་གཞན་གང་དང་གང་འཕེལ་རྒྱས་དང་དེ་ལ་གདོང་ལེན་བྱ་དགོས་ཆགས་ཀྱི་ཡོད་མེད། མྱོས་རྫས་དང་སྨན་རིགས་ཀྱི་རྐྱེན་པས་ལོ་རེར་བོད་རིགས་གཞོན་སྐྱེས་ག་ཚོད་ཅིག་འདས་གྲོངས་སུ་འགྱུར་གྱིན་ཡོད་མེད་དྲིས་པའི་ལན་དུ། འཕྲོད་བསྟེན་བཀའ་བློན་མཆོག་གིས། བོད་མིའི་སྤྱི་ཚོགས་ནང་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེ་ཛ་དྲག་ཆེ་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དཀའ་ངལ་དེས་རྐྱེན་གྱིས་སྤྱི་ཚོགས་ནང་རྐུན་ཇག་དང་། མགོ་སྐོར་བསླུ་བྲིད། ཕ་མ་བུ་ཕྲུག་བརྩི་མཐོང་ཉམས་ཆགས། ཊེ་སྦེ། གཉན་ནད་རེག་དུག མཆིན་པའི་གཉེན་ཚད་བཅས་ཁྱབ་གདལ་གྱི་དཀའ་ངལ་འཕེལ་རྒྱས་དང་དག་ལ་གདོང་ལེན་བྱེད་དགོས་པ་ཆགས་ཡོད། དམིགས་བསལ་ཞིབ་འཇུག་ཞུས་མེད་སྟབས་མྱོས་རྫས་དང་སྨན་རིགས་རྐྱེན་པས་ལོ་རེར་བོད་རིགས་ཇི་ཙམ་འདས་གྲོངས་སུ་ཕྱིན་ཡོད་མེད་ཀྱི་གྲངས་ཀ་ཞུ་རྒྱུ་མེད་ཅེས་གསུངས་སོང་།

སྐར་རྟགས་ཅན་གྱི་དྲི་བ་གཉིས་ཀྱི་ཐོག་སྔ་ཕྱིར་སྤྱི་འཐུས་བཅོ་ལྔ་ལྷག་གིས་ཆ་ཤས་བླངས་ཏེ། འཕྲོད་བསྟེན་ལས་ཁུངས་ནས་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་གི་ཐོག་ལས་གཞི་ག་རེ་སྤེལ་ཡོད་མེད་དང་།  མ་འོངས་པར་ཛ་དྲག་གི་དཀའ་ངལ་དེ་དག་སེལ་ཐབས་སུ་ལས་གཞི་ག་རེ་སྤེལ་འཆར་ཡོད་མེད་སོགས་ཀྱི་འཕྲོས་དོན་དྲི་བ་བཏོན་པར། འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱིས་ཨེ་ཙི་དང་མཆིན་པའི་གཉན་ཚད་སྔོན་འགོག་ཆེད་སློབ་གྲྭ་དང་མི་མང་ནང་སྔོན་འགོག་གི་ལས་གཞི་སྤེལ་མུས་ཡིན་པ་དང་། ༢༠༠༩ ལོ་ནས་བཟུང་རྒྱ་གར་གྱི་ས་གནས་སྨན་ཁང་ཁག་ཏུ་རིན་མེད་ཐོག་ནད་གཞི་དེ་དག་གི་ཐོག་བརྟག་དཔྱད་ཀྱི་མཐུན་རྐྱེན་བསྐྲུན་ཡོད་ཚུལ་གསུངས་བྱུང་བ་མ་ཟད། མྱོས་རྫས་ངན་གོམས་དང་སྨན་རིགས་ཀྱི་རྐྱེན་པས་འདས་གྲོངས་ཕྱིན་པའི་དཀའ་ངལ་དེ་འཕྲོད་བསྟེན་གྱི་དཀའ་ངལ་མིན་པར་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཆགས་ཡོད་སྟབས། དེ་སྔོན་ནས་ཁྱིམ་ཚང་དང་སློབ་གྲྭ་སོགས་ཀྱི་འབྲེལ་ཡོད་དང་མཉམ་དུ་ཚོགས་འདུ་ཚོགས་ཏེ་བསྐྱར་ཞིབ་དང་སྔོན་འགོག ལམ་སྟོན་དང་ཟབ་སྦྱོང་བཅས་གྱི་ལམ་ནས་དཀའ་ངལ་སེལ་ཐབས་གནང་ཡོད་པ་ལྟར། མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ནས་མུ་མཐུད་དཀའ་ངལ་སེལ་ཐབས་གནང་རྒྱུ་དང་། དེའི་ཐད་མྱོས་རྫས་དང་ཆང་རག་ངན་གོམས་ཀྱི་རིགས་དང་འབྲེལ་བ་ཡོད་པའི་ཕ་མ་དང་སློབ་གྲྭས་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོཊ་གསུངས་སོང་།

དེ་རིང་སྔ་དྲོའི་གྲོས་ཚོགས་ཀྱི་ལས་རིམ་ཁག་གྲུབ་པ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་སྤྱི་འཐུས་རྣམ་པ་ནང་ཁུལ་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

སྐར་མ ༥༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese