མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བརྟན་བརླིང་སྲུང་སྐྱོབ་ཀྱི་འགྲོ་གྲོན་འཕར་ཆ་བྱས་པ་གླེང་སློང་བྱས་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp
ཨེ་ཌི་ཝར་ཌི་ཝང་གིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

ཧྲང་ཧེ་ཀྲུང་ཆི་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་ཚན་རིག་ཆེད་མཁས་པ་ཞོ་ཡུ་ལགས་ཀྱི་གཙོས་དོན་གཉེར་ཅན་མང་པོས་འདས་པའི་ལོ་ངོ་གཅིག་ཙམ་རིང་། རྒྱ་གཞུང་གིས་ས་གནས་སྲིད་གཞུང་གི་འཛུགས་སྐྲུན་ཡར་རྒྱས་ཐད་སྔོན་རྩིས་འགྲོ་སོང་ཅི་འདྲ་གཏོང་མིན་ཐད་རྟོག་ཞིབ་གནང་ཡོད་འདུག གང་ཡིན་ཞེ་ན། དེ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་དམངས། དམར་ཤོག་ཚོགས་པ་གསུམ་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་མིན་ལ་རག་ལུས་སྟབས་དོ་སྣང་བྱས་པ་ཞིག་ཡིན་འདུག

འདས་པའི་རྒྱ་ནག་གི་ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ཚེ་ས་གནས་སྲིད་གཞུང་གི་འགྲོ་གྲོན་དང་དཔྱ་ཁྲལ་བསྡུ་ལེན་བྱེད་ཕྱོགས་སོགས་ནི། རྒྱལ་ཁབ་དར་རྒུད་ཇི་བྱུང་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་མཁན་ཞིག་ཆགས་ཡོད་སྟབས། ཉེ་ལམ་རྒྱ་གཞུང་རྩིས་ཞིབ་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱས་པའི་སྙན་ཐོ་ཞིག་གི་ཐོག རྒྱ་ནག་ས་གནས་སྲིད་གཞུང་གིས་དབུས་གཞུང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༩༥ ཡི་བུ་ལོན་སྒྲུབ་འཇལ་མ་ཐུབ་པར་ལྷག་བསྡད་ཡོད་པ་གསལ་སྟོན་བྱས་ཡོད་སྟབས། རྒྱ་ནག་དཔལ་འབྱོར་རིག་གནས་ཆེད་མཁས་པ་ཚོས་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་དེ་ཡུན་རིང་མ་འགོར་བར་ཐག་གཅོད་ཐུབ་རྒྱུ་ཡིན་སྐོར་འུར་སྒྲོག་བྱས་ཡོད་ཀྱང་། རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་ཏུ་དཔལ་འབྱོར་གནས་སྟངས་དབྱར་མཚོ་ལྟར་འཕེལ་རྒྱས་ཕྱིན་མེད་པ་མ་ཟད་དཀའ་ངལ་ནང་ལྷུང་ཡོད་པ་ཟུར་བལྟས་ལེབ་མཐོང་ཞིག་ཡིན་ལ། འདས་ལོའི་ཟླ་ ༡༢ ནང་མཛུབ་སྟོན་ཕྱིར་བསྒྲགས་བྱས་པའི་ས་གནས་སྲིད་གཞུང་གི་བུ་ལོན་དེ་ ༢༠༡༢ དང་བསྡུར་ན་བརྒྱ་ཆ་ ༡༢།༧ འཕར་སྣོན་བྱུང་ཡོད་འདུག

རྒྱ་ནག་དཔལ་འབྱོར་བློན་ཆེན་གྱིས་ཉེ་ཆར་སྐོང་ཚོགས་བྱས་པའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཉིན་དང་པོར་ ༢༠༡༤ ལོའི་སྔོན་རྩིས་སྒྲོགས་སྦྱང་བྱས་ཀྱང་། དུས་རྒྱུན་ས་གནས་སྲིད་གཞུང་འཕེལ་རྒྱས་གཏོང་ཐབས་ཐད་སྔོན་རྩིས་ཕྱིར་བསྒྲགས་བྱེད་སྲོལ་ཡོད་པ་དག་ལ་གླེང་སློང་ཙམ་ཡང་བྱས་མེད་སྟབས། སྐུ་ཞབས་ཞོ་ཡུ་ལགས་ཀྱིས་རྒྱུན་ལྡན་མིན་པའི་དཔལ་འབྱོར་བློན་ཆེན་གྱི་གནང་སྟངས་ལ་ཡ་མཚན་དང་དོགས་པ་ཆེན་པོ་ཞིག་སྐྱེས་འདུག གང་ཡིན་ཞེ་ན། ཉེ་ཆར་བསྡུ་སྐོང་བྱས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་ཉིན་དང་པོའི་སྐབས་དཔལ་འབྱོར་བློན་ཆེན་གྱིས་རྒྱལ་སྲུང་སྐོར་གྱི་སྔོན་རྩིས་གསལ་སྟོན་བྱས་ཡོད་སྟབས། སྐུ་ཞབས་ཞོ་ཡུ་ལགས་རྒྱ་ནག་དཔལ་འབྱོར་བློན་ཆེན་གྱི་ཐབས་བརྒྱ་ཇུས་སྟོང་གི་བྱ་སྤྱོད་དེར་ཡ་མཚན་དང་དོགས་པ་རྣམ་རྟོག་ཤུགས་ཆེར་སྐྱེས་ཡོད་འདུག

སྐུ་ཞབས་ཞོ་ཡུ་ལགས་ཀྱིས་བརྗོད་པར་དུས་རྒྱུན་རྒྱ་ནག་དཔལ་འབྱོར་བློན་ཆེན་གྱིས་ས་གནས་སྲིད་གཞུང་གི་སྔོན་རྩིས་ཕྱིར་བསྒྲགས་བྱེད་སྲོལ་ཡོད་ཀྱང་། ད་ལོ་དཔལ་འབྱོར་བློན་ཆེན་གྱིས་གསལ་སྟོན་གང་ཡང་བྱས་མེད་པ་དེ་ནི་རྒྱུན་ལྡན་མིན་པའི་བྱ་ཐབས་ཤིག་རེད་ཅེས་དང་། ཁོང་གིས་ད་དུང་རྒྱ་གཞུང་དཔལ་འབྱོར་ལྷན་ཁང་གི་སྙན་ཐོའི་ནང་ས་གནས་སྲིད་གཞུང་དང་འབྲེལ་བའི་སྔོན་རྩིས་ཁག་ཕྱོགས་བསྡུས་ཁ་སྐོང་བྱེད་བཞིན་ཡོད་སྐོར་འཁོད་ཡོད་ཀྱང་། ད་ལོའི་རྒྱ་ནག་དབུས་གཞུང་གི་སྔོན་རྩིས་སྙན་ཐོ་དེ་ཟླ་ ༡ པོའི་ཚེས་ ༡ ཉིན་མགོ་འཛུཊ་བྱས་ཡོད་ཀྱང་། རྒྱ་ནག་དབུས་དང་ས་གནས་སྲིད་གཞུང་གཉིས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་འགྲོ་གྲོན་ཅི་འདྲ་གཏོང་མིན་ཐད་མང་ཚོགས་ཚོར་ལམ་སྟོན་གཙོ་སྐྱོང་དང་ཡིད་ཆེས་འཕེར་ངེས་ཀྱི་ཁ་གསལ་འགྲེལ་བརྗོད་བྱེད་སྲོལ་མེད་པའི་ལམ་ལུགས་དེ་རྒྱུན་ལྡན་ཞིག་ཡིན་སྟབས། ཁོང་གིས་རྒྱ་གཞུང་གིས་འདས་ལོའི་ཡིག་ཆ་དག་ཉར་ཚགས་བྱེད་བཞིན་པ་དེ་ནི། ཛ་དྲག་ཅན་གྱི་ཆབ་སྲིད་གནས་སྟངས་ཁག་ལས་ཉེན་ཡོལ་བྱ་ཆེད་རྒྱ་གཞུང་གིས་སྲིད་ཇུས་དེ་ལག་བསྟར་རྒྱུན་འཁྱོངས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ད་དུང་སྐུ་ཞབས་ཞོ་ཡུ་ལགས་ཀྱིས་རྒྱ་ནག་དཔལ་འབྱོར་བློན་ཆེན་གྱི་སྲུང་སྐྱོབ་སྔོན་རྩིས་དེ་ནི། རྒྱ་ནག་རྒྱལ་ནང་གི་རྙོག་གླེང་ཁག་ཞི་འཇགས་ཡོང་ཐབས་ལ་དམིགས་ནས་བཟོས་པ་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་འདུག རྒྱ་གཞུང་གི་ཉེན་རྟོག་དཔུང་ཁག་དང་རྒྱལ་ནང་གི་སྲུང་དམག་རུ་ཁག་ཚོའི་འགྲོ་གྲོན་མང་ཆེ་བ་ས་གནས་སྲིད་གཞུང་ནས་ཡོང་གི་ཡོད། ༢༠༡༡ ལོར་ཐེངས་དང་པོར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད། རྒྱ་ནག་གི་དམག་དོན་ལས་རྒྱལ་ནང་གི་སྲུང་སྐྱོབ་འགྲོ་གྲོན་མང་བ་གཏོང་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད། རྒྱ་ནག་དབུས་དང་ས་གནས་སྲིད་གཞུང་གི་ལོ་དེའི་སྔོན་རྩིས་ཐད་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་གཞུང་གིས་རྒྱ་ནག་རྒྱལ་ནང་གི་བརྟན་བརླིང་སྲུང་སྐྱོབ་ཆེད་རྒྱ་སྒོར་ཐེར་འབུམ་ ༦༢༤།༤ དང་རྒྱ་ནག་ཁྱོན་ཡོངས་ཀྱི་སྲུང་སྐྱོབ་ཆེད་འགྲོ་གྲོན་རྒྱ་སྒོར་ཐེར་འབུམ་ ༦༠༡ བཏང་ཡོད་འདུག རྒྱ་ནག་གི་མགོ་ཁྲིད་དང་ས་གནས་སྲིད་གཞུང་གི་ལས་བྱེད་ཚོས་སྲུང་སྐྱོབ་སྐོར་གྱི་འགྲོ་གྲོན་དེ། རྒྱ་ནག་རྒྱལ་ནང་གི་བརྟན་བརླིང་སྲུང་སྐྱོབ་ཆེད་ཁ་ལོ་སྒྱུར་བ་ཞིག་ཡིན་པར་དག་སྐྱེལ་བྱེད་བཞིན་ཡོད།

སྐུ་ཞབས་ཞོ་ཡུ་ལགས་ཀྱིས། “རྒྱ་ནག་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་འགྲོ་གྲོན་ལས་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཕོན་ཆེ་བ་ཡོད་སྟབས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཚོས་གནད་དོན་དེར་སེམས་འཚབ་ཡོད་པའི་གླེང་སློང་བྱེད་བཞིན་ཡོད་སྐོར་བརྗོད་འདུག ཁོང་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་མགོ་རྨོངས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་དོན་གཉེར་ཅན་ཚོར་ཆེད་མངགས་གནད་དོན་དེའི་སྐོར་ལ་གླེང་སློང་ཙམ་ཡང་མ་བྱས་པ་དེ་ནི། ཤེས་བཞིན་དུ་ཕྱིར་འཐེན་བྱས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་”ཅེས་བརྗོད་འདུག

དེ་བཞིན་སྐུ་ཞབས་ཞོ་ཡུ་ལགས་ཀྱིས་བརྟན་བརླིང་སྲུང་སྐྱོབ་ཞེས་པ་འདི་ ༢༠༠༧ ནས་ ༢༠༡༢ ལོའི་བར་རྒྱ་ནག་ཆབ་སྲིད་རྒྱུན་ལས་ཚོགས་ཆུང་གི་རྒྱལ་སྲུང་ཚོགས་གཙོ་ཀྲུའུ་ཡཱོང་ཁང་ (Zhou Yongkang) གི་གཙོས་རྒྱུན་ལས་ཚོས་རྒྱ་ནག་རྒྱལ་ནང་གི་སྲུང་སྐྱོབ་དང་ཁྲིམས་ལུགས་ལྟ་སྲུང་གལ་ཆེར་བཟུང་སྟེ་བསྒྲགས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། ཀྲུའུ་ཡཱོང་ཁང་གིས་རྒྱལ་ནང་གི་བརྟན་བརླིང་སྲུང་སྐྱོབ་ལ་དམིགས་ནས་མཁྲེགས་བཟུང་ཅན་གྱི་ཆབ་སྲིད་ལངས་ཕྱོགས་འདྲ་མིན་བཟུང་སྟེ། ལོ་རྒྱུས་ཁྲོད་རྒྱ་ནག་ནང་གུ་ཡངས་རིང་ལུགས་འཐབ་རྩོད་དོན་གཉེར་གནང་མཁན་དང་། ད་ལྟ་བཙོན་འོག་འགྲིམ་བཞིན་པའི་ ༢༠༡༠ ལོའི་ནོ་སྤེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལེའུ་ཞོ་པོ་ལགས་སུ་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་དང་འབྲེལ། ཤེས་ཡོན་ཅན་མང་པོ་འཇུ་བཟུང་བཀག་ཉར་གྱིས་བཅར་རྡུང་གཏོང་མུས་ཡིན་པ་དང་། བོད་དང་ཤིན་ཅང་ནང་རྒྱ་གཞུང་གིས་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པ་དག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་སོགས་ལ་བརྟེན། ནུབ་ཕྱོགས་པའི་ཞིབ་འཇུག་མཁན་ཚོས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་རྡུག་རྩུབ་ཅན་གྱི་དམ་དྲག་སྲིད་ཇུས་བཟུང་སྟབས། རྒྱ་ནག་གི་ས་མཚམས་ས་ཁུལ་ཁག་ཏུ་བསྟུད་མར་ངོ་རྒོལ་བྱེད་བཞིན་ཡོད་པ་གསལ་སྟོན་གནང་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཆབ་སྲིད་རྒྱུན་ལས་ཀྱི་སྲུང་སྐྱོབ་དཔོན་རིཊ་ཀྲུའུ་ཡཱོ་ཁང་ ༢༠༡༢ ལོའི་ལོ་མཇུག་ཏུ་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་ ༩ ལས་གྲུབ་པའི་འཐུས་ཚོགས་ལས་རྒན་ཡོལ་ཞུས་རྗེས། སྲིད་འཛིན་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་ ༧ ལས་གྲུབ་པའི་རྒྱུན་ལས་ཚོགས་ཆུང་ནང་སྲུང་སྐྱོབ་མགོ་དཔོན་བསྐོ་བཞག་བྱས་མེད། ད་ལྟ་རྒྱ་ནག་གཞུང་གིས་ཀྲུའུ་ཡཱོ་ཁང་དང་ནང་མི་གཉེན་ཉེ་ཚོར་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འདྲི་གཅོད་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གནད་དོན་སྐོར་གྱི་ཆབ་སྲིད་དབྱེ་ཞིབ་པ་ཁ་ཤས་ཀྱིས་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་གི་མི་རབས་གསར་པའི་མགོ་ཁྲིད་ཚོས་ཀྲུའུ་ཡཱོ་ཁང་གི་ལས་སྐལ་ཐད་ཐག་གཅོད་ཇི་འདྲ་གཅོད་མིན་བརྡ་ལན་སྤྲོད་སྲིད་སྐོར་བརྗོད་འདུག

ད་ལྟའི་རྒྱ་ནག་གི་བརྟན་བརླིང་སྲུང་སྐྱོབ་དོ་དམ་པ་མེན་ཅང་ཀྲོ་ (Meng Jianzhu) ནི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་འཐུས་མི་ ༢༥ ཡི་ཡ་གྱལ་རྒྱུན་ལས་ཚོགས་མི་ཞིག་ཡིན་སྟབས། རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ ༧ པོ་དེ་ལས་གནས་རིམ་གཅིག་གི་དམའ་བ་ཡོད། ད་ལྟ་ཁོང་ནི་དེ་སྔོན་ཀྲུའུ་ཡཱོ་ཁང་གི་བདག་བཟུང་བྱེད་བཞིན་པའི་རྒྱ་ནག་རྒྱལ་ཡོངས་དབུས་དམར་ཤོག་ཚོགས་པའི་རྒྱལ་ནང་ཆབ་སྲིད་དང་ཁྲིམས་ལུགས་སྟངས་འཛིན་བྱེད་མཁན་གྱི་མི་སྣ་དེ་ཆགས་ཡོད་ཀྱང་། མེན་ཆང་ཀྲོ་དང་རྒྱ་ནག་གི་མི་རབས་གསར་པའི་མགོ་ཁྲིད་ཚོས་ ༢༠༡༣ ལོར་རྒྱ་ནག་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་གྱི་སྔོན་རྩིས་དེ་དམག་དོན་འགྲོ་གྲོན་ལས་མང་བ་མནར་གཏོང་བྱས་ཡོད། རྒྱ་ནག་གི་མི་རབས་གསར་པའི་མགོ་ཁྲིད་ཚོས་ ༢༠༡༣ ལོར་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་ཆེད་འགྲོ་གྲོན་རྒྱ་སྒོར་ཐེར་འབུམ་ ༧༦༩ དང་། བཅིངས་གྲོལ་དམག་མིའི་འགྲོ་གྲོན་སླད་རྒྱ་སྒོར་ཐེར་འབུམ་ ༧༦༡ ཙམ་བཏང་ཡོད་པ་དེས། རྒྱ་གཞུང་གིས་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་དེ་དམག་དོན་ལས་གལ་ཆེ་བ་འཛིན་གྱི་ཡོད་པ་གསལ་པོ་རེད།

ཟླ་འདིའི་ཚེས་ ༥ ཉིན་རྒྱ་ནག་དཔལ་འབྱོར་བློན་ཆེན་གྱིས་ཕྱིར་བསྒྲགས་བྱས་པའི་སྙན་ཐོའི་ནང་། ༢༠༡༤ ལོར་རྒྱ་ནག་དམག་དོན་སྔོན་རྩིས་དེ་རྒྱ་སྒོར་ཐེར་འབུམ་ ༨༠༨ དང་། ཆབ་འབངས་བདེ་འཇགས་སྲུང་སྐྱོབ་ཆེད་རྒྱ་སྒོར་ཐེར་འབུམ་ ༢༠༥ གཏོང་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་ས་གནས་སྲིད་གཞུང་གི་སྔོན་རྩིས་ཐད་ཁ་གསལ་འགྲེལ་བརྗོད་གང་ཡང་བྱས་མེད་སྟབས། རྒྱ་གཞུང་གིས་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་དང་དམག་དོན་འགྲོ་གྲོན་གཉིས་གང་མང་བ་གཏོང་རྒྱུ་ཡིན་མིན་ཞིབ་བསྡུར་བྱེད་དཀའ་བ་ཆགས་ཡོད།

སྐུ་ཞབས་ཞོ་ཡུ་ལགས་ཀྱིས་ “ གོང་འཁོད་རྒྱུ་མཚན་དག་ལ་བརྟེན་རྒྱ་ནག་ནང་དཔལ་འབྱོར་དཀའ་ངལ་མེད་པར་མ་ཟད། རྒྱ་ནག་གི་ཆབ་འབངས་བདེ་འཇགས་སྲུང་སྐྱོབ་སྐོར་གྱི་ཆབ་སྲིད་ལམ་ལུགས་ཐད་ཤུགས་ཆེའི་འགྱུར་བ་གང་ཡང་ཐེབས་མེད་སྟབས། རྒྱ་ནག་གི་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་དང་དམག་དོན་འགྲོ་གྲོན་དེ་མུ་མཐུད་འཕར་རྒྱུ་རེད” ཅེས་བརྗོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་དང་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྱང་། རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་གུ་ཡངས་རིང་ལུགས་ཀྱི་བསམ་པ་རྒྱ་ཆེར་ཡོད་མཁན་ཤེས་ཡོན་པ་དག་དང་། གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཚོར་ཉེན་རྟོག་པས་ལྟ་སྲུང་ནན་པོ་བྱེད་བཅུག་པ་མ་ཟད། མི་སྣ་དེ་དག་འཇུ་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ཞིག་ཡིན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ཉིན་རྒྱ་ནག་ཁུན་མེན་མེ་འཁོར་འབབ་ཚུགས་ནང་། ཡུ་གུར་ཡུལ་མི་ཁ་ཤས་ཤིག་གིས་རྒྱ་ནག་གི་ཉེས་མེད་མི་སེར་ ༢༩ བསད་པ་དང་གཞན་མི་ ༡༥༠ ལྷག་ལ་ཚབས་ཆེན་རྨས་སྐྱོན་བཏང་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་ནང་བརྟན་བརླིང་སྲུང་སྐྱོབ་ཐད་སྔར་ལས་ལྷག་པ་འགྲོ་གྲོན་ཤུགས་ཆེར་གཏོང་བཞིན་ཡོད། ཁོང་གིས་རྒྱ་ནག་ནང་གྲི་འཕྱར་ཏེ་མི་གསོད་དོན་རྐྱེན་གྱི་ལས་འགུལ་སྤེལ་བཞིན་པ་དག་ནི། ཉེ་ལམ་རྒྱ་གཞུང་གིས་ཤིན་ཅང་ཡུལ་གྲུ་ནང་ཧན་དང་ཡུ་གུར་མི་རིགས་གཉིས་བར་མི་རིགས་གནད་དོན་གྱི་རྙོག་གླེང་ཤུགས་ཆེ་འཕྲད་བཞིན་པར་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

སྐུ་ཞབས་ཞོ་ཡུ་ལགས་ཀྱིས། “རྒྱ་ནག་ནང་གི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དེ་དག་ཤིན་ཅང་ས་ཁུལ་གཅིག་པུར་བྱུང་གི་ཡོད་ཀྱང་། ད་ལྟ་རྒྱ་ནག་ས་ཁུལ་གཞན་དག་ནང་བྱུང་བཞིན་ཡོད་སྟབས། གལ་ཏེ། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དེ་དག་རྒྱ་ནག་རྒྱལ་ཡོངས་ནང་ཁྱབ་བརྡལ་ཕྱིན་ན་རྒྱ་གཞུང་ལ་སེམས་འཚབ་བྱུང་མི་སྲིད་དམ། གནས་ཚུལ་དེ་འདྲ་ཐོན་པ་ཡིན་ན་རྒྱ་གཞུང་ལ་མགོ་རྙོག་ཆེན་པོ་ཞིག་བྱུང་སྲིད་པ་ཡིན། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དེས་རྒྱ་གཞུང་གི་སྙིང་སྟོབས་ལ་རྡུང་རྡེག་ཤུགས་ཆེན་བཏང་ཡོད་སྟབས། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དག་རྒྱ་གཞུང་གིས་གོ་སྐབས་ཤིག་ཏུ་བརྩིས་ཏེ་སྔོན་འགོག་རྒོལ་རྡུང་གཏོང་ཆེད་ཐབས་ལམ་གསར་གཏོད་ཀྱིས་འགྲོ་གྲོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་ནི་སྨོས་མེད་ཅིག་ཡིན་པ་དང་། ཁོང་གིས་རྒྱ་གཞུང་གིས་རྒྱལ་ནང་གི་བརྟན་བརླིང་སྲུང་སྐྱོབ་གཙོས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་རྒོལ་རྡུང་གཅོག་ཐབས་ཀྱི་གཞི་རྩ་དེ་དངུལ་ལ་ཐུག་ཡོད ” ཅེས་བརྗོད་འདུག

མ་རྩོམ་ལ་གཟིགས་ན། http://sinosphere.blogs.nytimes.com/2014/03/06/beijing-goes-quiet-on-rise-of-local-security-budgets/?_php=true&_type=blogs&_r=0

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese