མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲེག་གི་སྙིང་སྟོབས་དེ་སློབ་སྦྱོང་ཐོག་གཏོང་ཐུབ་ན་ཅི་མ་རུང་།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེཊ་ལ་རྐྱེན་བྱས་ཏེ་རྔ་པ་རྫོང་དུ་དམག་སྒར་ཆེ་ཆུང་མང་པོ་གསར་རྒྱག་གིས་དམ་དྲག་བྱེད་ཀྱིན་པ་མ་ཟད། ཉེ་བའི་དུས་ནས་མི་མང་གི་ས་ཆ་བཙན་འཕྲོག་གིས་ཁང་པ་གསར་རྒྱག་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་རྒྱ་རིགས་ཁྲི་ལྔ་ལྷག་ས་གནས་སུ་གནས་སྤོར་བྱ་འཆར་ཡོད་འདུག

བསམ་འགྲུབ་ཚེ་རིང་ལཊ་ནི། ཕྱི་ལོ་ ༢༠༡༡ ལོར་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོཊ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེཊ་གནང་རྗེས། རྒྱ་གཞུང་གིས་ཁོང་ལ། གྲྭ་བློ་བཟང་ཕུན་ཚོཊ་ལཊ་ཀྱི་གནས་ཚུལ་ཕྱི་ལོགས་ལ་ཁྱབ་བསྒྲཊ་བྱེད་མཁན་ཡིན་པའི་ཉེས་འཛུཊ་འོག ལོ་དེའི་ཟླ་ ༥ ཚེས་ ༧ ཉིན་འཛིན་བཟུང་གིས་ཉིན་བཅུ་གྲངས་ཤིག་ལ་རྔ་པ་རྫོང་ཐོག་གི་དམག་མིའི་བཙོན་ཁང་ཞིག་ཏུ་འདྲི་རྩད་གཅར་རྡུང་བཏང་ཡོད་པ་དང་། ཕྱིས་སུ་ཀློད་གྲོལ་བཏང་ཡོད་ནའང་རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་ཚོ་གང་བྱུང་འཛིན་བཟུང་གིས་ཁྲིམས་ཐག་གཅོད་ཀྱི་ཡོད་སྟབས། ཡར་མར་ཉེན་ཡོལ་གྱི་ཞོར་དུ་སློབ་སྦྱོང་བྱས་ཡོད་ཅིང་། ཉེ་ལམ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཏེ་གསར་འགོད་པ་དང་གླེང་མོལ་བྱས་ཡོད།

ཁོང་གིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ ༢༠༠༨ ལོ་ནས་བཟུང་རྔ་པ་རྫོང་དུ་དམག་མི་དང་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་པ་མ་ཟད། ད་ཆར་ཡང་ཉིན་ལྟར་རྫོང་ཐོག་ཏུ་དྲག་ཆས་ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་ཆེ་བ་བཞི་ལྔ་རེ་ཡོང་སྟེ། མེ་མདའ་དང་ལྕགས་མདུང་སོགས་བཟུང་སྟེ་སྲང་ལམ་ཁག་ཏུ་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་། ས་གནས་མང་ཚོགས་ཚོས་བརྗོད་ན་ཉེ་འཁོར་གྱི་ཁང་རྩེག་མང་པོ་ཞིག་ཏུ་དམག་མི་ཕོན་ཆེན་ཡིབ་སྡོད་བྱས་ཡོད་ཅིང་། གལ་སྲིད་གནས་ཚུལ་ཆེན་པོ་འདྲ་ལྷགས་སྐབས་དྲག་གནོན་བྱེད་ཆོག་ཆོག་ཏུ་བསྡད་ཡོད་འདུག སྤྱིར་བཏང་དགོན་སྡེ་ཁག་ནང་གཞུང་གི་ཆོག་མཆན་མེད་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་མ་ཟད། ཀིརྟི་དགོན་པར་འཇང་དགུན་ཆོས་ཚོགས་སྐབས་ས་གནས་གཞན་གྱི་གྲྭ་བ་ཚུར་ཡོང་བར་བཀག་འགོག་དང་། ཀིརྟི་དགོན་པའི་གྲྭ་བ་ཚོ་དགོན་པ་གཞན་དུ་སློབ་གཉེར་ལ་སྐྱོད་པར་ཡང་སྟངས་འཛིན་བྱེད་ཀྱི་ཡོད་འདུག

༢༠༠༩ ལོ་ནས་བཟུང་རྔ་པར་རང་ལུས་མེར་བསྲེཊ་བསྟུད་མར་བྱུང་སྐབས། རྒྱ་གཞུང་གིས་སྔར་ལས་ལྷག་པའི་དམ་དྲག་བྱས་ཏེ། ས་གནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་མ་ཟད། ཚོང་པ་ཚོའི་དཔལ་འབྱོར་ཐོག་ལའང་གྱོང་གུད་ཕོག་གི་ཡོད་པ་དང་། ཀིརྟི་དགོན་པའི་གྲྭ་བ་མང་ཆེ་བ་འཛིན་བཟུང་འདྲི་རྩད་བྱས་ཤིང་ཁག་ཅིག་ལ་ཁྲིམས་ཐག་བཅད་པ་སོགས་ལ་བརྟེན་ཏེ། དེང་སྐབས་དགོན་པའི་ནང་ཁུལ་ཕན་ཚུན་བར་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་པ་དང་། རྒྱ་གར་སོགས་ཕྱི་ལོགས་ཀྱི་ཁ་པར་སོགས་ལ་ཉན་རྒྱུར་ཡང་འཛེམ་ཟོན་ཆེན་པོ་བྱེད་ཀྱི་ཡོད་འདུག འོན་ཀྱང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་མང་པོ་བྱུང་པ་དེས་ས་གནས་མི་མང་གི་མཐུན་ལམ་དང་མི་རིགས་ཀྱི་ལར་ཞེན་སྔར་ལས་ཤུགས་ཆེན་པོ་ཆགས་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པས་ཁོང་ལ་བོད་མིའི་རང་ལུས་མེར་བསྲེགས་ཐོག་ལྟ་ཚུལ་གང་འདྲ་ཡོད་པ་དང་། མི་མང་གིས་གང་འདྲ་ཤོད་ཀྱི་ཡོད་མེད་དྲིས་པར། ཁོང་གིས་ “ ངའི་ངོས་ནས་རང་ལུས་མེར་བསྲེཊ་གནང་མཁན་ཚོའི་སྙིང་སྟོབས་དང་ལྷག་བསམ་དེ་ཧ་ལས་པ་རེད་བསམ་གྱི་ཡོད། ང་རང་ལ་དེ་ལྟ་བུའི་སྙིང་སྟོབས་མི་འདུག ཡིན་ནའང་། ཁོང་རྣམ་པས་རང་ལུས་མེར་བསྲེགས་གཏོང་ཐུབ་པའི་སྙིང་སྟོབས་དེ་ལྟ་བུ་ཞིག་སློབ་སྦྱོང་ཐོག་གཏོང་ཐུབ་པ་ཡིན་ན། དངོས་གནས་དྲང་གནས་ཚད་ངེས་ཅན་ཞིག་ལ་བསླེབ་རྒྱུ་ཡིན་པ་གཏན་ཁེལ་བ་རེད། བོད་དོན་ཐོག་ལའང་དེས་ཕན་ཐོགས་ཆེན་བ་ཡོང་གི་རེད་བསམ་གྱི་འདུག ད་ལྟའི་ཆར་ས་གནས་མི་མང་གི་ཁྲོད་དུའང་དེ་འདྲ་གླེང་མཁན་འདུག” ཅེས་བརྗོད་བྱུང་།

ཁོས་རྔ་པ་རྫོང་ཐོག་གི་གནས་སྟངས་ཤིག་གི་ལ་འདི་ལྟར་བརྗོད་བྱུང་། “ རྔ་པ་རྫོང་གི་ཕྱོགས་གཅིག་གྲོང་ཁྱེར་དང་། ཕྱོགས་གཞན་ཞིག་ཐང་སྟོང་རེད། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་གཞུང་གིས་ས་གནས་མི་མང་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ས་ཆ་སྟོང་པ་མང་པོ་ཞིག་བཙན་འཕྲོག་བྱས་ཏེ། རྒྱ་མིའི་ལས་ཁུངས་མང་པོ་རྒྱག་གི་འདུག གོ་ཐོས་ལྟར་ན། ཁང་པ་དེ་དག་གྲུབ་རྗེས་རྒྱ་མི་ཁྲི་ ༥ ཙམ་གནས་སྤོར་བྱ་རྒྱུ་རེད་ཟེར། ད་ལྟའི་ཆར་རྔ་པ་རྫོང་དུ་སྔར་གྱི་དམག་སྒར་ཆེན་པོ་གཅིག་ཡོད་པ་དེའི་ཐོག་དམག་སྒར་ཆེན་པོ་གསར་བ་ཞིག་ཀྱང་བརྒྱབ་འདུག དམག་སྒར་ཆུང་ངུའི་རིགས་མང་པོ་འདུག གནས་སྟངས་མང་པོ་ཞིག་ལ་བལྟས་ཡོང་ན་རྒྱ་གཞུང་གིས་རྔ་པ་རྫོང་དུ་རྒྱ་རིཊ་མང་པོ་ཞིག་དབོར་འདྲེན་བྱ་འཆར་ཡིན་པ་གཏན་ཁེལ་རེད”ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་སྔོན་ཆད་བོད་ནང་ཡོད་སྐབས་དང་ད་ལྟ་རྒྱ་གར་ནང་འབྱོར་སྐབས་གཉིས་བར་བསམ་ཚུལ་མ་འདྲ་བ་ག་རེ་བྱུང་ཡོད་མེད་དྲིས་པར། “ སྔོན་མ་སེམས་ཤུགས་ཆེན་པོ་ཡོད་ཡིན་ནའང་། ངས་བལ་ཡུལ་སྣེ་ལེན་ཁང་ནས་གོ་བ་ལྟར་ན། ད་ལྟའི་ཆར་བོད་ནས་གསར་དུ་འབྱོར་མཁན་མང་ཆེ་བ་རྒྱ་གར་ནང་སློབ་སྦྱོང་བྱེད་དུ་ཡོང་བ་མིན་པར་ཕྱི་རྒྱལ་ལ་སྒོར་མོ་འཚོལ་དུ་འགྲོ་མཁན་རེད་ཟེར། ང་དང་མཉམ་དུ་ཡོང་བའི་མི་ ༢༩ ཁྲོད་ནས་ཀྱང་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་མཁན་རེད། ངས་བསམ་ན་རྒྱ་གར་ནང་འདི་བོད་པའི་སྐད་ཡིག་ཐོག་ཤུགས་རྒྱག་ས་གལ་ཆེན་པོ་ཞིག་ཆགས་འདུག གང་ཡིན་ཟེར་ན། བོད་ནང་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་ཡག་པོ་དེ་ཚོ་ལས་ཁུངས་གཞན་དུ་བཏང་སྟེ། ཤེས་ཚད་མེད་པའི་ལས་བྱེད་མང་པོ་ཞིག་དགེ་རྒན་ལ་བསྐོ་བཞག་བྱེད་ཀྱི་འདུག འདི་རྒྱ་ནག་གིས་བོད་ཡིག་རྩ་མེད་བཟོ་རྒྱུའི་གཡོ་ཐབས་ཤིག་རེད་བསམ་གྱི་འདུག ཕྱིའི་རྒྱལ་ཁབ་ཁག་ནང་བོད་པའི་སྐད་ཡིག་རྒྱུན་འཛིན་ཐུབ་རྒྱུ་ཁག་པོ་ཡིན་རྒྱུ་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese