མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་འབུམ་ ༡༠ གསོལ་རས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་ལྡི་ལིའི་མཛེ་ནད་ལྟ་སྐྱོང་ཁང་དུ་ཆིབས་བསྒྱུར་འཚམས་གཟིཊ་གནང་ཡོད་པ་མ་ཟད། ལྟ་སྐྱོང་ཁང་དེར་ཧིན་སྒོར་འབུམ་བཅུ་གསོལ་རས་གནང་རྒྱུའི་ཞལ་བཞེས་གནང་འདུག

ཟླ་འདིའི་ཚེས་ ༢༠ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་སིམ་ལ་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་ཏེ། རྒྱལ་ས་ལྡི་ལིའི་ཊེ་ཧ་པུར་མཛེ་ནད་ལྟ་སྐྱོང་ཁང་ (Kasturba Gram Kusht Ashram, Tahirpur Leprosy Complex) དུ་ཆིབས་བསྒྱུར་གྱིས་མཛེ་ནད་ཕོག་མཁན་རྣམས་ལ་འཚམས་གཟིགས་གནང་བ་དང་འབྲེལ། མཛེ་ནད་ཕོག་མཁན་ཚོའི་དཀའ་ངལ་དེ་སྤྱིར་བཏང་སྤྱི་ཚོགས་ནང་འཕྲད་བཞིན་པའི་ལུས་ནད་ཀྱི་དཀའ་ངལ་ཞིག་ལ་ངོས་འཛིན་བྱེད་དགོས་པ་ལས། ཁོང་ཚོར་དབྱེ་འབྱེད་དང་ཁྱད་གསོད་བྱེད་མི་རུང་བ་དང་། རིགས་རུས་དང་ཆོས་ལུགས་སོཊ་ལ་གཞི་བཅོལ་ཏེ་མི་ཕན་ཚུན་དབར་དབྱེ་འབྱེད་དང་མཐོང་ཆུང་ཁྱད་གསོད་བྱས་པ་ནི་སྡིག་པའི་རྒྱུ་ཡིན་ཚུལ་གསུངས་ཡོད་པ་མ་ཟད། ཕྱུག་བདག་ཚོས་འཚོ་བ་རྒྱས་སྤྲོས་བྱས་ཏེ་དངུལ་འཕང་མེད་གཏོང་བ་ལས། ཉམ་ཐག་མི་མང་ལ་རོགས་རམ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པའིབཀའ་སློབ་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་མཛེ་ནད་ལྟ་སྐྱོང་ཁང་ལ་ཧིན་སྒོར་འབུམ་བཅུ་དང་། མ་འོངས་ལོ་ལྔའི་རིང་ཁོང་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཀྱི་ཡོན་འབབ་ (royalties) རྣམས་གསོལ་རས་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

ཉིན་རྒྱབ་བུད་མེད་མཐོ་སློབ་ལེ་ཌི་ཤི་རམ་ (Lady Shri Ram) དུ་ཆིབས་བསྒྱུར་གྱིས་མཐོ་སློབ་དེའི་ནང་གསར་དུ་བཞེངས་པའི་ཨང་སན་སུ་ཀེ་ཞི་བདེ་བསྟི་གནས་ཁང་ (Aung San Su Kyi Center for Peace ) ཞེས་པ་དང་། ཌོག་ཊར་བྷ་ར་ཐི་རམ་ (Bharat Ram Academic Complex) ཤེས་ཡོན་སྡེ་ཚན་ཞེས་པ་གཉིས་དབུ་འབྱེད་གནང་ཡོད་པ་མ་ཟད། མཐོ་སློབ་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་གཙོས་པའི་མི་ ༡༠༠༠ བརྒལ་བར་ཡ་རབས་བཟང་སྤྱོད་དང་བདེ་སྐྱིད་ཀྱི་སྐོར་ནས་བཀའ་སློབ་གནང་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས། དུས་རབས་འདིའི་ནང་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་སྔར་ལྷག་འབད་བརྩོན་ བྱེད་རྒྱུའི་འགན་གཙོ་བོ་གཞོན་སྐྱེས་ཚོར་ཡོད། འཛམ་གླིང་ཞི་བདེ་དང་མི་ཚེ་བདེ་སྐྱིད་ལྡན་པ་དེ་ཕྱིའི་དངོས་པོ་དང་ཚན་རིག་གིས་བསྐྲུན་མི་ཐུབ། གཙོ་བོ་ཀུན་སྤྱོད་བཟང་པོའི་ཐོག་ནང་སེམས་ལ་ཞི་བདེ་ཡོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་སྟབས། བུད་མེད་ཀྱི་མཐོ་རིམ་སློབ་གཉེར་ཁང་འདིས་སྤྱི་ཚོགས་ནང་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་རྒྱུར་བསམ་བློ་གཏོང་དགོས། ལྷག་པར་དུ་འགྲོ་བ་མིའི་སྤྱི་ཚོགས་ནང་གི་བྱིས་པའི་བྱམས་བརྩེའི་ས་བོན་འཇོག་པའི་དགེ་རྒན་ཐོག་མ་རང་ཉིད་ཀྱི་ཨ་མ་ཡིན་པ་ལྟར། བུད་མེད་ཤེས་ཡོན་ཅན་ཚོས་གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་ཟུང་འབྲེལ་ཐོག་ཡ་རབས་སྤྱོད་བཟང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ འགན་ཁུར་ཤུགས་ཆེ་ཙམ་ལེན་དགོས། ཞེས་བཀའ་སློབ་གནང་ཡོད་པར་མ་ཟད། མཐོ་སློབ་དེར་ཡོད་བོད་རིགས་སློབ་མ་ཚོར་དེང་དུས་ཀྱི་ཤེས་ཡོན་དང་ལྷན་དུ་བོད་རང་ལ་གནའ་རབས་ནས་ཡོད་པའི་སོ་སོའི་ཤེས་ཡོན་ལ་སློབ་སྦྱོང་དང་། བོད་མིའི་བླ་སྲོག་དེ་རྒྱུན་འཛིན་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་བཀའ་སློབ་གནང་འདུག

དེ་རིང་ཚེས་ ༢༡ ནས་བཟུང་ཉིན་ཤས་རིང་༧གོང་ས་མཆོག་གིས་ལྡི་ལིར་རྒྱ་གར་ཡུལ་མི་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་བློ་སྦྱོང་ཚིགས་བརྒྱད་མའི་ཞལ་ལུང་དང་། ལྡི་ལི་མཐོ་སློབ་ཏུ་བཀའ་སློབ་བཅས་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 1

  1. འབྲུག་སྨྱོན། says:
    ལོ་ 12 སྔོན།

    དོན་གོ་ལགས་ཀྱི་གསར་འགྱུར་འགོད་སྟངས་ལ་དམིགས་གསལ་ཁྱད་ཆོས་ལྡན་འདུག ཕྱག་རོགས་གཞན་ལ་ལམ་སྟོན་བྱ་རོགས
    ཐུགས་རྗེ་ཆེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese