མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དབུ་ཁྲིད་ ༥༠ ཁྲོད་བདམས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་འཛམ་གླིང་གི་ཤུགས་རྐྱེན་ཆེ་བའི་རླབས་ཆེན་དབུ་ཁྲིད་མི་སྣ་ལྔ་བཅུའི་ཁྲོད་བདམས་ཐོན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཚོང་ལས་རྒྱུ་ནོར་དུས་དེབ་ (Fortune Magazine) ཀྱིས་འཛམ་གླིང་ནང་ཤུགས་རྐྱེན་ཆེ་བའི་དབུ་ཁྲིད་མི་སྣ་ ༥༠ ཡི་མཚན་གཞུང་གསལ་བསྒྲགས་བྱས་ཏེ། ༧གོང་ས་མཆོག་ཨང་རིམ་དགུ་བའི་ནང་ཚུད་ཡོད་སྐོར་བསྒྲགས་འདུག

ཚོང་ལས་རྒྱུ་ནོར་དུས་དེབ་ཀྱིས་༧གོང་ས་མཆོག་རླབས་ཆེན་མི་སྣར་འདེམས་སྒྲུག་བྱས་པའི་སྐོར་ལ་དྲ་ངོས་སུ། ༧གོང་ས་མཆོག་གིས་མི་ལོ་ལྔ་བཅུ་ལྷག་གི་རིང་འཛམ་གླིང་ཞི་བདེ་དང་འཚེ་བ་མེད་པ། མང་གཙོ་འཕེལ་རྒྱས་བཅས་ཀྱི་ཐོག་ལ་སྐུ་ངལ་འཛེམས་མེད་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་སུ་ཡོད་པ་དང་། ལྷག་པར་དུ་ཡི་ཤུ་དང་ཁ་ཆེ། ཇེའུ་སོགས་ཀྱི་ཆོས་ལུགས་དབུ་ཁྲིད་རྣམ་པར་ཐུགས་འཕྲད་ཀྱིས་ཆོས་ལུགས་ཕན་ཚུན་བར་མཐུལ་གོང་འཕེལ་བཅས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་བཅས་ལ་བརྟེན་ནས་ཐེངས་འདིའི་གྲགས་ཅན་དབུ་ཁྲིད་ཀྱི་མཚན་གཞུང་ནང་འདེམས་སྒྲུག་བྱས་པ་ཡིན་ཞེས་བཀོད་འདུག

དེང་སྐབས་༧གོང་ས་མཆོག་གི་ཌོའུ་ཌར་ (Twitter) ནང་མཉམ་ཞུགས་བྱེད་མཁན་མི་ས་ཡ་ ༨།༦ ཡོད་པ་དང་། དེ་དག་གིས་༧གོང་ས་མཆོག་ལ་བརྗོད་གཞི་འདྲ་མིན་ཐོག་བཀའ་འདྲི་ཞུ་ཡི་ཡོད་འདུག ཉེ་ཆར་༧གོང་ས་མཆོག་གི་ཌོའུ་ཌར་དྲ་ངོས་སུ་ “ མི་གཞན་ལ་སེམས་འཁུར་བྱེད་པ་ནི་ཆོས་ལུགས་ཉམས་ལེན་བྱེད་པའི་གནད་དོན་ཁོ་ན་མ་ཡིན་པར། བདེ་སྐྱིད་ཀྱི་སྤྱི་ཚོགས་ཤིག་སྐྲུན་པར་ཁ་ཕྱོགས་པའི་ཉམས་ལེན་ཡིན་ ” ཞེས་གསུངས་ཡོད་འདུག

ཐེངས་འདིར་རྒྱུ་ནོར་དུས་དེབ་ཀྱི་བདམས་པའི་འཛམ་གླིང་གི་རླབས་ཆེན་མི་སྣ་ལྔ་བཅུ་ལས་རྩེ་ཕུད་བཅུ་ནི། དང་པོ། ཡེ་ཤུ་བླ་ཆེན་པོབ་ཧྥན་སི་སི་ (Pope Francis) དང་། གཉིས་པ། འཇར་མན་སྲིད་བློན་ཨན་རྗི་ལྰ་ (Angela Merkel)། གསུམ་པ། ཧྥོ་ཊི་རླངས་འཁོར་བཟོ་གྲྭའི་འགན་འཛིན་སྐུ་ཞབས་ཨ་ལེན་མོ་ལྰ་ལེ་ (Alan Mulally)ལགས། བཞི་བ། ཨ་རིའི་ཚོང་ལས་མ་རྐང་འགན་འཛིན་བྰ་རན་བྷོ་ཧྥེ་ཌི་ (Warren Buffett) ལགས། ལྔ་བ། ཨ་རིའི་སྲིད་འཛིན་ཟུར་བ་ཁུ་ལིན་ཌོན་ (Bill Clinton) ལགས། དྲུག་པ། ལྕམ་ཨང་སན་སི་ཀེ་ (Aung San Suu Kyi)། བདུན་པ། ཨ་རིའི་དམག་སྤྱི་ཇོ་ཌམ་ཧྥོ་ཊི་ (Gen Joe Dunford) ལགས། བརྒྱད་པ། གཞས་པ་བྷོ་ནོ་ (Bono) ལགས། དགུ་བ། ༧གོང་ས་མཆོག བཅུ་བ། ཨ་མ་ཛོན་ (Amazon) ཁེ་ལས་མཉམ་སྡེའི་འགན་འཛིན་སྐུ་ཞབས་བྷེ་ཛོ་སི་ (Jeff Bezos) བཅས་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྔ་བ་རྫོང་མི་དམངས་སྲིད་གཞུང་གི་པར།
Mobile App

རྒྱ་ནག་གིས་རྔ་བ་ཁུལ་དུ་དམར་དམག་རྒྱང་བསྐྱོད་ཀྱི་ལོ་རྒྱུས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Photo edited by tibettimes
Mobile App

བོད་མི་གསུམ་ལ་ཕྱི་ལོ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་ཐོབ།

ཆུ་ཚོད་ ༤ སྔོན་ལ།
BEIJING, CHINA - MARCH 04: Chen Jining, party secretary of Shanghai attends the opening of the fourth session of the 14th Chinese People's Political Consultative Conference (CPPCC) at The Great Hall of People on March 04, 2026 in Beijing, China. The fourth session of the 14th National Committee of the Chinese People's Political Consultative Conference (CPPCC), often referred to in its acronym form as CPCC meetings, begins on Wednesday in Beijing. (Photo by Lintao Zhang/Getty Images)
Mobile App

རྒྱ་ནག་གི་སྐབས་ཉི་ཤུ་བའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༦/༡༡/༢༥
international day for the elimination of violence at Macloadganji, Dharamsala,  2026
Mobile App

ཉིན་བཅུ་དྲུག་རིང་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༡༡/༢༥
Tenzin Lekshay. Photo: CTA
Mobile App

བསྟན་འཛིན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

༢༠༢༦/༡༡/༢༤
ཐའེ་ཝན་དུ་ཚོགས་འདུ་འཚོག་སྐབས། པར་ཐའེ་ཝན་དོན་གཅོད་ཀྱི་ངོ་དེབ་ལས་བླངས། ༢༠༢༦།༡༡།༢༣
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་ཆེན་ཞིག་འཚོགས།

༢༠༢༦/༡༡/༢༤

མཆན། 4

  1. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    བཀྲ་ཤིས་གཏམ་བཟང་།

    Reply
  2. འབྲུག་སྨྱོན། says:
    ལོ་ 13 སྔོན།

    http://www.dnaindia.com/world/report-dalai-lama-in-fortune-s-powerful-people-list-1971077

    Dalai Lama in Fortune’s powerful people list

    Tibetan spiritual leader Dalai Lama was ranked ninth in the list of world’s most powerful people by the Fortune magazine, which put another spiritual leader Pope Francis at the top.

    Myanmar’s pro-democracy icon and Nobel Peace Prize winner Aung San Suu Kyi occupied the sixth place in the list.

    “For over 50 years, the Dalai Lama, 79, has campaigned tirelessly for peace, non-violence, democracy and reconciliation, especially among world religions,” Fortune said Thursday.

    The top 10 leaders in the list are Pope Francis, German Chancellor Angela Merkel, Ford Motor chief executive officer (CEO) Alan Mulally, Berkshire Hathaway CEO Warren Buffett, former US president Bill Clinton, Aung San Suu Kyi, Commander of US Force in Afghanistan Gen. Joe Dunford, US singer Bono, Dalai Lama and Amazon.com. CEO Jeff Bezos.

    The magazine said “serving in an influential role” was not necessarily enough to land a spot.

    “We have drawn a distinction between leaders and people who are admirable and powerful but who are not transformative leaders.”

    Reply
  3. འབྲུག་སྨྱོན། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས

    Reply
  4. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བཀྲ་ཤིས་པའི་གཏམ་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese